དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་སྤྱི་བདེ་ཅུས་རྒྱལ་ཡོངས“བདེ་འཇགས་ཐོན་སྐྱེད་ཟླ་བའི”དྲིལ་སྒྲོག་དང་ཞིབ་བཤེར་བྱེད་སྒོ་ཐེངས22པ་སྤེལ་བ།

2023-06-21 14:55:17   |   7250

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


2023ལོའི་ཟླ6པ་ནི་རྒྱལ་ཡོངས“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས22པ་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཏན་ཏིག་ངང་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་གཏོད་པ་བཅས་ལ་དམིགས་ནས། ཉེ་ཆར། མདོ་ལ་རྫོང་སྤྱི་བདེ་ཅུ་བདེ་སྐྱོང་རུ་ཆེན་གྱིས“བདེ་འཇགས་བྱུར་རྐྱེན་མེད་པར་བཟོ་བ་དང་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་སྒྲོག་དང་ཞིབ་བཤེར་བྱེད་སྒོ་ཧུར་ཐག་གིས་སྤེལ།

640 (2).jpg

640 (3).jpg

བྱེད་སྒོའི་སྐབས་དམངས་ཟོན་དང་རོགས་ཟོན་གྱིས་རིག་གནས་ཐང་ཆེན་སོགས་མི་སྣ་འདུ་འཛོམས་བྱ་ཡུལ་དུ་བསྐྱོད་དེ་དྲིལ་སྒྲོག་བྱེད་སྒོ་སྤེལ་ཞིང་། མང་ཚོགས་ལ་ཉེ་བར་བཅར་བ་དང་འཚོ་བའི་དོན་དངོས་དང་ཉེ་བར་བཅར་རྒྱུ་གཙིགས་འཛིན་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ངོ་ཐུག་གདོང་འཕྲད་ཀྱིས་ལན་བཏབ་པ་དང་། རྒྱ་ཆེའི་མང་ཚོགས་ལ་དབྱར་དུས་སུ་ཆུར་འབྱིང་བ་སྔོན་འགོག་དང་། གློག་གསུམ་སྒྲིག་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། མེ་སྐྱོན་སྔོན་འགོག་སྲོག་ཐར། འགྲིམ་འགྲུལ་བདེ་འཇགས། ཟས་རིགས་བདེ་འཇགས་དང་རྒྱན་སྐུག་གཏན་འགོག དུག་རྫས་གཏན་འགོག་སོགས་ཀྱི་བརྗོད་དོན་ཁག་གཅིག་སྡུད་དྲིལ་སྒྲོག་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ལ་ཁྲིམས་སློབ་པ་དང་ཁྲིམས་ཤེས་པ། ཁྲིམས་བརྩི་བ་བཅས་ཀྱི་སློབ་གསོའི་སྣེ་ཁྲིད་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཏན་ཏིག་ངང་གོང་དུ་སྤེལ། བཙུན་མོ་དམར་ཡག་མའི་མཛེས་ལྗོངས་ཁུལ་གྱི་ལས་གཉེར་འདུ་གནས་སུ་མེ་ཟོན་ཡོ་བྱད་དང་བདེ་འཇགས་སྒྲིག་ཆས་སོགས་ལ་ཞིབ་བཤེར་ནན་ཏན་བྱས་པ་དང་། ལྷག་པར་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་དང་། ལས་རེས་སོ་སྲུང་། དོ་དམ་ལམ་ལུགས། བརྙན་ལམ་ལྟ་སྐུལ་ཚོད་འཛིན་བེད་སྤྱོད། མེ་ཟོན་ཡོ་བྱད་དང་ལས་བཟོ་བའི་བདེ་འཇགས་གསོ་སྦྱོང་སོགས་ཀྱི་ཐད་ནས་གཙོ་གནད་ཞིབ་བཤེར་བྱས་པ་དང་འབྲེལ། འགན་འཁུར་བ་ཁག་ལ་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་དགོས་པ་དང་མེ་ཟོན་བདེ་འཇགས་ལ་དོན་དག་ཆེ་ཕྲའི་དབྱེ་ཁྱད་མེད་པའི་འདུ་ཤེས་བརྟན་པོར་ཆགས་དགོས་པའི་གསལ་འདེབས་བྱས། མེ་སྐྱོན་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་ལས་དོན་དང་ལས་བཟོ་བའི་མེ་ཟོན་བདེ་འཇགས་རྩལ་ནུས་དུས་ངེས་མེད་དུ་སྤེལ་ཞིང་། གཙོ་གནད་འདུ་གནས་དང་ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་ཆུ་ཚད་དང་ལས་བཟོ་བའི་འཕྲལ་སེལ་ཐག་གཅོད་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། མེ་ཟོན་དོན་རྐྱེན་འབྱུང་རྒྱུ་སྔོན་འགོག་དང་རྩད་འཇོམས་བྱས། ཐེངས་འདིའི་བྱེད་སྒོར་ཁྱོན་རླངས་འཁོར་ཐེངས2དང་མི་སྣ10བཏང་ནས་དྲིལ་སྒྲོག་ཡི་གེ120སྤྲད་པས། མང་ཚོགས240ལྷག་ཙམ་ལ་ཕན་ཐོགས་བྱུང་།

640 (4).jpg

640 (5).jpg

ཐེངས་འདིའི་དྲིལ་སྒྲོག་དང་ཞིབ་བཤེར་བྱེད་སྒོ་བརྒྱུད་མི་ཚང་མས་བདེ་འཇགས་ལ་དོ་ཁུར་དང་། བདེ་འཇགས་ལ་མཐོང་ཆེན། བདེ་འཇགས་ཁྲོད་མཉམ་ཞུགས་བཅས་ཀྱི་སྤྱི་ཚོགས་རྣམ་པ་བཟང་པོ་བཏོད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་རིག་གནས་དར་སྤེལ་བཏང་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་། ཁེར་རྐྱང་གཉེར་སྐྱོང་དུད་ཚང་། ཁེ་ལས་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན།


མཉམ་སྤྱོད།