དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-25 09:28:45   |   5677

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

640.jpg

  • ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་གསུམ་གྱི་རིང་དུ་སྔོན་རྩིས་བྱས་ན་རྒྱལ་ཡོངས་ཀྱི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་འགྲུལ་པ་སྐྱེལ་འདྲེན་གྱི་མི་ཐེངས་དུང་ཕྱུར1.4ལས་བརྒལ་རྒྱུ་རེད།

  • རིག་གནས་གནས་སྐོར་པུས་འཇལ་རྩིས་བྱས་པར་གཞིགས་ན། ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ནང་དུ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ནང་ཁུལ་དུ་གནས་སྐོར་དུ་འགྲོ་བའི་མི་ཐེངས་དུང་ཕྱུར1.06ཟིན་པ་དང་། རྒྱལ་ནང་གི་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར373.1མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་སོ་སོར32.3%དང44.5%འཕར་ཡོད།

  • མིག་སྔའི་བར་དུ་ཧེ་ལུང་ཅང་དང་། ཨན་ཧུའེ། ཀོང་ཞི་སོགས་ས་ཆ་མང་པོའི2023ལོའི་མཐོ་རྒྱུགས་ཀྱི་སྐར་མཚམས་ཡོངས་བསྒྲགས་བྱས།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་དུ་རྒྱལ་ཡོངས་སུ་སྡོམ་རྩིས་བྱས་ན་ཉི་ནུས་གློག་འདོན་འཕྲུལ་སྒྲིག་གི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར4.5ཙམ་ཟིན་པ་དེ་དུས་མཚུངས་ལས38.4%འཕར་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བསྟན་དོན། ཟླ་ལྔ་པའི་ཟླ་མཇུག་བར་དུ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་གཞི་ཁྱོན་ཁྲི635.6ཟིན་ཡོད།

    640 (1).jpg

  • ཚེས24ཉིན། དཔོན་དམག476ཐེག་ཁྱེར་བྱས་པའི་ཀྲུང་གོའི་མཚོ་དམག་གི་ཆི་ཅི་ཀོང་དམག་གྲུས་རྒྱང་རིང་མཚོ་ཁོངས་ཀྱི་དངོས་སྦྱོང་འཚོལ་བཤེར་གྱི་ལས་འགན་ལེགས་པར་གྲུབ་སྟེ་བདེ་ལེགས་ངང་ཕྱིར་ཏ་ལེན་གྱི་དམག་དོན་གྲུ་ཁ་ག་གེ་མོ་ཞིག་ཏུ་ལོག

  • ཨ་རི་ཕྱོགས་ཀྱིས་ཧྥུན་ཐེ་ཉི་དང་འབྲེལ་བ་ཡོད་པའི་གནད་དོན་ཐོག་ནས་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་འཛིན་བཟུང་དང་ཞུ་སྦྱོར་བྱས་པའི་ཐད་དུ་རང་རྒྱལ་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚེས24ཉིན་བསྟན་དོན། འདི་ནི་རང་སྣང་གང་ཤར་གྱི་བཀག་ཉར་དང་ཕྱོགས་རྐྱང་པའི་བཀག་སྡོམ་ཡིན་པས་རྦད་དེ་ཁྲིམས་འགལ་ཡིན་ཞེས་བསྟན།

  • ཚེས24ཉིན་ཨུ་རུ་སུའི་རྒྱལ་ཁབ་འཇིགས་རྒོལ་ཨུ་ཡོན་ལྷན་ཁང་གིས་མོ་སི་ཁོ་སོགས་སུ་འཇིགས་རྒོལ་བྱེད་སྒོའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

640 (2).jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་གི་ཉིན་མོར་པེ་ཅིང་དང་ཐེན་ཅིན། ཧོ་པེ་སོགས་ས་ཁུལ་མང་ཆེ་བར་ཧྲེ་ཧྲི་ཏུའུ35~36ཅན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་འདུག

  • ཚེས24ཉིན་ཆུ་བེད་པུས་བྲུབ་ཚུལ་གྱི་བརྡ་ཁྱབ་བཏང་བར་གཞིགས་ན། ཆར་ཆེན་བབས་པའི་དབང་གིས་ཀོང་ཏུང་དང་ཀོང་ཞི་སོགས་ས་ཁུལ་གྱི་གཙང་པོ16ལ་ཉེན་ཟོན་ས་ཐིག་ལས་བརྒལ་བའི་ཆུ་ལོག་བྱུང་ཡོད།

  • དམངས་སྲིད་པུའི་སྡོམ་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཁྲི4ལས་བརྒལ་ཡོད།

    640~1.jpg

  • རང་རྒྱལ་གྱི་ཚན་རིག་པས་ཉ་ཕྱིས་སྒྲིལ་ཐག་གི་ངལ་དུབ་ཐེག་པའི་ནང་རྐྱེན་གསལ་སྟོན་བྱས་ཏེ་ངལ་དུབ་ཐེག་པའི་རྒྱུ་ཆ་ཞིག་ཇུས་འགོད་བྱེད་པའི་ཐབས་ཇུས་གསར་བ་ཞིག་བཏོན། འབྲེལ་ཡོད་ཞིབ་འཇུག་གི་འབྲས་བུ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག》ཐོག་བཀོད་ཡོད།

  • ཀྲེ་ཅང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས25ནས་ཚེས28ཉིན་བར་ཉིན་ལྟར་ཆུ་ཚོད་བཞི་པ་ནས་བཅུ་པའི་བར་ཤར་རྒྱ་མཚོའི་ཆུ་ཁོངས་ཁག་ཅིག་ཏུ་དམག་དོན་སྦྱོང་བརྡར་བྱེད་རྒྱུ་ཡིན་པས་མཚོ་སྐྱོད་བྱེད་མི་ཆོག་ཅེས་བསྟན།

    640 (3).jpg

  • ཅང་སུའུ་ལེན་ཡུན་ཀང་གི་སྡེ་ཁུལ་དང་པོར་མེ་སྐྱོན་བྱུང་བ་ན། གཉེན་སྒྲིག་ངལ་གསོའི་གུང་གསེང་གཏོང་བཞིན་པའི་རྒྱབ་འབྲེལ་རྒྱབ་ཞབས་འགན་ལེན་དཔུང་སྡེའི་འཐབ་མོ་བ་ཏུ་ཧྲོ་ཡིས་འཕྲལ་མར་ཐོག་ཁང་ནང་གི་གྲོང་མི་ཁ་འགྲེམ་བྱས་པ་དང་། མེ་ཟོན་མི་སྣར་གཞོགས་འདེགས་བྱས་ཏེ་བདེ་ལེགས་ངང་མེ་བསད།

སྲིད་ཇུས།

  • པེ་ཅིང་གིས་དྲོད་ཚད་མཐོ་བའི་གནམ་གཤིས་འོག་སློབ་མའི་ཕྱི་རོལ་གྱི་བྱེད་སྒོའི་དུས་ཚོད་ལུགས་མཐུན་ངང་ལེགས་སྒྲིག་བྱས་ཏེ། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཚན་ཉུང་དུ་གཏོང་བའམ་ཡང་ན་སློབ་མཚམས་འཇོག་པའི་བྱེད་ཐབས་སྤྱོད་དགོས་པ་ཁ་གསལ་བཏོན།

  • ཁྲུང་ཆིང་གིས་བསམ་འཆར་བཏོན་ནས་སྲིད་གཞུང་གི་ཉོ་སྒྲུབ་ལས་སྒོར་ཁྲི200མན་གྱི་དངོས་ཟོག་དང་ཞབས་ཞུའི་རྣམ་གྲངས་དང་། སྒོར་ཁྲི400མན་གྱི་ལས་གྲྭའི་རྣམ་གྲངས་བཅས་རྩ་དོན་ཐོག་ཚང་མ་ཁེ་ལས་ཆུང་འབྲིང་ལ་གྲབས་འཇོག་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

640 (4).jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཨན་ཧེའི་ལྷོ་རྒྱུད། ཧྲང་ཧེ་དང་ཀྲེ་ཅང་གི་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་དབུས་ཤར་རྒྱུད། ཀོང་ཏུང་གི་ནུབ་རྒྱུད་དང་ལྷོ་ཕྱོགས་ཀྱི་མཚོ་རྒྱུད། ཧེ་ནན་གླིང་ཕྲན་གྱི་བྱང་རྒྱུད་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཧུའུ་ནན་གྱི་ལྷོ་རྒྱུད་དང་ཀོང་ཞིའི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།