དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཚོ་སྔོན་ཞིང་ཆེན་གྱི2023ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྐར་མཚམས་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་བརྡ་ཐོ།

2023-06-25 10:30:09   |   3698

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་སློབ་བསྡུ་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ལྟར། 2023ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐོ་རྒྱུགས་སྐར་གྲངས་ཀྱི་ཚད་གཞི་གཏན་འཁེལ་བྱས་ཤིང་ད་ལྟ་ཁྱབ་བསྒྲགས་བྱས་པ་གཤམ་ལྟར།  

རིག་ཚན་གྱི་མཐོ་རྒྱུགས་སྐར་མཚམས།(文史类

དངོས་གཞི་རིམ་པ་དང་པོའི་སྐར་མཚམས406དང་། དངོས་གཞི་རིམ་པ་གཉིས་པའི་སྐར་མཚམས378དང་། ཆེད་ཚན་གྱི་སྐར་མཚམས150ཡིན།

རྩིས་ཚན་གྱི་མཐོ་རྒྱུགས་སྐར་མཚམས།(理工类)

དངོས་གཞི་རིམ་པ་དང་པོའི་སྐར་མཚམས330དང་། དངོས་གཞི་རིམ་པ་གཉིས་པའི་སྐར་མཚམས309དང་། ཆེད་ཚན་གྱི་སྐར་མཚམས150ཡིན། 

བོད་ཡིག་སྐོར་གྱི་མཐོ་རྒྱུགས་སྐར་མཚམས།(藏文类)

རིག་ཚན་གྱི་དངོས་གཞི(ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭའི་དངོས་གཞིའི་གྲ་སྒྲིག་དང་ཞིང་ཆེན་ནང་ཁུལ་གྱི་དམིགས་ཚད་འཆར་གཞི་འདུ། )དང་ཆེད་ཚན་གྱི་སྐར་མཚམས460ཡིན།

རྩིས་ཚན་གྱི་དངོས་གཞི(ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭའི་དངོས་གཞིའི་གྲ་སྒྲིག་དང་ཞིང་ཆེན་ནང་ཁུལ་གྱི་དམིགས་ཚད་འཆར་གཞི་འདུ། )དང་ཆེད་ཚན་གྱི་སྐར་མཚམས390ཡིན། 



མཉམ་སྤྱོད།