དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-26 08:53:17   |   2853

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

640.jpg

  • གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར19.14ཟིན་པ་དང་། དེ་ཡིས་འབྲུ་རིགས་ཀྱི་ཐོན་འབོར་ལོ་བདུན་ལ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ལས་བརྒལ་བར་རྨང་གཞི་བརྟན་པོ་བཞག

  • ཟླ་ལྔ་པའི་ཟླ་མཇུག་བར་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་བཟོ་བའི་ལས་རིགས(制造业)ལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི30ཟིན་པ་དེ་དུས་མཚུངས་ལས18.9%འཕར་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིང་ཞ་ཡིང་ཁྲོན་ཧྥུ་དབྱང་སྲེག་ཟས་ཟ་ཁང་གི“6·21”འབར་རླངས་འབར་གས་དོན་རྐྱེན་ཚབས་ཆེན་ལ་བརྟག་དཔྱད་ཚོ་ཆུང་བཙུགས།

  • མིག་སྔའི་བར་དུ་ཧྲང་ཧེ་དང་ཅང་ཞི། པེ་ཅིང་། ཧྲན་ཏུང་སོགས་ཞིང་ཆེན30ཡིས་ད་ལོའི་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་སྐར་འབྲས་དང་རིམ་པ་ཁག་གི་སློབ་བསྡུའི་སྐར་མཚམས་བསྟུད་མར་ཁྱབ་བསྒྲགས་བྱས།

  • ཚེས25ཉིན་བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར43238ཟིན་པ་དེ་དུས་མཚུངས་ལས13.3%འཕར་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2022ལོ་ནས་ད་ལྟའི་བར་དུ་རྒྱལ་ཡོངས་ཀྱི་སྒོ་གཅུན་ཀྱིས་དུག་རྫས་རིགས་སྣ་ཚོགས་ཏུན5.3རྩད་བཅད།

    640 (1).jpg

  • ཚེས25ཉིན། གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་ཀྱི་ལས་གཞི་ཆེས་ཆེ་ཤོས་དང་ས་བབ་ཆེས་མཐོ་ཤོས་ཏེ། ཁོ་ལ་དུས་ཐེངས་དང་པོའི་འོད་ནུས་གློག་ཚིགས་དྲ་སྦྲེལ་བྱས་ནས་གློག་བཏང་།

  • ཚེས25ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་ཆིན་ཀང་གིས་པེ་ཅིང་དུ་ཨུ་རུ་སུའི་ཕྱི་འབྲེལ་པུ་ཀྲང་གཞོན་པ་ལུའུ་ཏེང་ཁོ་དང་མཇལ་འཕྲད་གནང་། ཁོང་དང་མཉམ་དུ་ཀྲུང་ཨུའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས27ཉིན་ནས་བཟུང་ཧྭ་བྱང་དང་། ཧོང་ཧེ། ཧྥུན་ཝེ་བདེ་ཐང་སོགས་སུ་སླར་ཡང་དྲོད་ཚད་མཐོ་བའི་གནམ་གཤིས་འདུག

  • ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི396.3ལ་ཞིབ་བཤེར་བྱས་པ་དེ་ན་ནིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་དང་བསྡུར་ན་ལྡབ2.3ཙམ་འཕར་ཡོད།

    640 (2).jpg

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡི་རྟོག་འཇལ་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས24ཉིན་བར་དུ་ད་ལོའི་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་སྐྱེལ་འདྲེན་གྲངས་ཀ་དུང་ཕྱུར600ཟིན་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱེད་སྒོ་ཉེ་ཆར་སྤེལ་མགོ་བརྩམ་རྒྱུ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུག་འགོག་དཔའ་བོ་ཚེ་ཞོ་ཏུང་གསོད་མཁན་གྱི་དུག་ཚོང་བ་ཕའོ་ཧྲ·ལོ་ཅེ་ཧྲ་བསད།

    640 (3).jpg

  • ཉེ་ཆར་ཆུ་ནང་དུ་མཆོངས་ནས་མི་སྐྱོབ་མཁན་གྱི་ཟོག་སྐྱེལ་པ་ཕེང་ཆིང་ལིན་ལ་བྱས་རྗེས་རིམ་པ་གཉིས་པའི་མིང་ཐོ་བཀོད་པ་མ་ཟད་ཧང་ཀྲོའུ་རུ་ཐེམ་ཐོ་འགོད་པའི་གདན་ཞུ་ཞུས།

སྲིད་ཇུས།

  • ཉེ་ཆར་སློབ་གསོ་པུས་བརྡ་ཐོ་བཏང་བ་སྟེ། སློབ་གྲྭ1075རེབ་སྐོར་དང་པོའི་རྒྱལ་ཡོངས་ཀྱི་བདེ་ཐང་སློབ་གྲྭ་འཛུགས་སྐྲུན་སྡེ་ཁག་ཏུ་གཏན་འཁེལ་བྱས་པ་དང་འཛུགས་སྐྲུན་གྱི་དུས་འཁོར་ལོ་གཉིས་ཡིན།

  • ཧེ་ལུང་ཅང་གིས་བྱེད་ཐབས་བཅུ་བཞི་ཁྱབ་བསྒྲགས་བྱས་ཏེ་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཆེད་ཁེ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

640 (4).jpg

  •   ཧྲན་ཏུང་གི་བྱང་རྒྱུད་དང་། ཨན་ཧེའི་ལྷོ་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀོང་ཞི་དང་ཀོང་ཏུང་གི་དབུས་རྒྱུད། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཅང་ཞིའི་བྱང་ཤར་རྒྱུད་དང་ཀོང་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།