དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མདའ་བཞི་རྫོང་དུ་རྟོག་ཞིབ་གནང་།

2023-06-26 16:10:14   |   3777

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་མདའ་བཞི་རྫོང་གི་ལས་གཞི་གལ་ཆེན་ལ་སྐུལ་འདེད་དང་། ཆུ་དམར་ཁུག་བཟོ་ལས་གླིང་ཁུལ་གྱི་རྣམ་པ་སྒྱུར་བའི་འཕེལ་རྒྱས་ལས་དོན་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་།

640.jpg

ཤྭ་ཐང་ཆུ་མཛོད་ཀྱི་ཆུ་རགས་འཛུགས་སྐྲུན་ས་གནས་སུ། ཤ་བོ་སྐྱབས་ཀྱིས་ལས་གྲྭའི་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་གྱིས་བསྟན་དོན། ལས་གཞིའི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་ནན་མོ་བྱེད་པ་དང་། ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ལམ་ལུགས་ལ་བརྩི་སྲུང་ནན་མོ་བྱེད་པ། མཐའ་གཅིག་ཏུ་མ་དངུལ་དང་སྤུས་ཚད།  བདེ་འཇགས།  སྤྱོད་གཙང་སོགས་ཀྱི་ཐད་ཀྱི་ཉེན་ཁ་སྣ་ཚོགས་འབྱུང་བར་གཡོལ་བ་དང་། ལས་གཞི་འཛུགས་སྐྲུན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས་པ་དང་། མགོ་ཁྲིད་ལས་བྱེད་པས་ལས་གཞི་འགན་ལེན་བྱེད་པའི་ལམ་ལུགས་དང་མདའ་བཞི་རྫོང་གིས་མངའ་ཁོངས་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། འབྲེལ་མཐུད་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་ཡུན་དམ་འཛིན་དང་། འཕེལ་རིམ་ལ་སྐུལ་འདེད། སྤུས་ཚད་འགན་ལེན་བཅས་བྱས་ཏེ་ལོ་འཁོར་གྱི་མ་འཇོག་དང་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ། སྐྱེ་ཁམས་དམིགས་སུ་འཛིན་པའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་པ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་ཀྱིས་བཀླུབས་པའི་ནོར་འཛིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་དགོས་པ་བསྟན།

640 (1).jpg

མདའ་བཞི་རྫོང་གི་མྱུར་བགྲོད་ལྕགས་ལམ་འབབ་ཚུགས་སུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མེ་འཁོར་འབབ་ཚུགས་ཀྱི་ཨར་ལས་མྱུར་ཚད་དང་། ནང་ཁུལ་གྱི་བྱེད་ནུས་ཁུལ་དབྱེ་འབྱེད། མེ་འཁོར་བརྒྱུད་པའི་ས་ཚིགས་ཀྱི་གནས་ཚུལ་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཏེ་བསྟན་དོན། ཟླ7ཚེས1ཉིན་ཤར་གཏོང་བྱེད་ལ་ཉེ་བའི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་འགུལ་འཁོར་“བསྐྱར་དར་རྟགས་ཅན”ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་དོ་ཁུར་བྱེད་པའི་དོན་ཆེན་ཞིག་ཡིན་པ་དང་། མདའ་བཞི་འབབ་ཚུགས་དངོས་སུ་ཤར་གཏོང་ཐུབ་པ་དེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ཁུལ་དང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་མདའ་བཞི་མྱུར་བགྲོད་ལྕགས་ལམ་འབབ་ཚུགས་ཀྱིས་མེ་འཁོར་འཇོག་གྲངས་མང་དུ་གཏོང་བ་དང་སྡོད་པའི་དུས་ཚོད་ལེགས་སྒྲིག་བྱ་རྒྱུའི་རེ་ཞུ་བྱས་ཏེ་ལྕགས་ལམ་ཐོག་རྡོ་སོལ་སྐྱེལ་འདྲེན་དང་ཞིང་ཕྱུགས་ཐོན་རྫས་སོགས་དངོས་ཟོག་སྐྱེལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་བྱེད་པ་དང་། ནུབ་མཚོ་གྲོང་རྡལ་དང་ཟུར་གསུམ་གྲོང་རྡལ་ནས་མདའ་བཞི་མྱུར་བགྲོད་ལྕགས་ལམ་འབབ་ཚུགས་བར་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་བཙུགས་ནས་གཞུང་ལམ་སོགས་ཆ་སྒྲིག་རྨང་གཞིའི་སྒྲིག་བཀོད་ལག་བསྟར་ཡག་པོ་བྱེད་དགོས་པ་དང་།  ཏང་གི་སློབ་གྲྭ་དང་སློབ་གསོ་སོགས་སྡེ་ཁག་གིས་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་ལ་སློབ་སྦྱོང་བྱེད་པར་བསྐྱོད་མཁན་གྱི་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཆེ་ཁག་གི་དགེ་སློབ་དང་རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭ་ལ“བསྐྱར་དར་རྟགས་ཅན”གྱི་ཆེད་སྤྱོད་མེ་འཁོར་གཏོང་རྒྱུའི་རེ་ཞུ་བྱེད་པ་དང་། དྲིལ་སྒྲོག་དང་རིག་གནས་གནས་སྐོར་སྡེ་ཁག་གིས་དྲིལ་སྒྲོག་དང་སྒྲོག་སྤེལ་ཤུགས་ཆེ་རུ་བཏང་ནས་གནས་སྐོར་བ་དང་མང་ཚོགས་ལ་མེ་འཁོར་གྱི་ཐེངས་གྲངས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་དུས་ཐོག་ཏུ་ཁྱབ་བསྒྲག་བྱས་ཏེ། སྤུས་ལེགས་ཀྱི་ཞབས་ཞུ་རྒྱུན་མཐུད་ངང་མཁོ་འདོན་བྱེད་དགོས།

640 (2).jpg

ཆུ་དམར་ཁུག་བཟོ་ལས་གླིང་ཁུལ་དུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་ཧྭ་ཞང་ནུས་རྒྱུ་ཚད་ཡོད་སྤྱི་གཉེར་དང་མདའ་བཞི་རིག་འབྱུང་རྡོ་སོལ་ལས་རིགས་ཚད་ཡོད་སྤྱི་གཉེར་གྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་མིག་སྔའི་དཀའ་ངལ་དང་གནད་དོན་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་དང་། རྗེས་ཕྱོགས་ཀྱི་རྣམ་པ་སྒྱུར་བའི་འཕེལ་རྒྱས་ཐད་དུ་བསམ་ཚུལ་བརྗེ་རེས་བྱས།  ཁུལ་བཟོ་འཕྲིན་ཅུ་དང་མདའ་བཞི་རྫོང་གིས་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འཕེལ་རྒྱས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་སྤྲོད་བྱེད་དགོས་པ་དང་། ཧྲན་ཏུང་ཞིང་ཆེན་དང་ལས་དོན་སྦྲེལ་མཐུད་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་ཆུ་དམར་ཁུག་བཟོ་ལས་གླིང་ཁུལ་དུ་སྤུས་ལེགས་ཁེ་ལས་ནང་འདྲེན་བྱས་ཏེ་གཞིས་ཆགས་དགོས་པའི་བླང་བྱ་བཏོན། མདའ་བཞི་རིག་འབྱུང་རྡོ་སོལ་ལས་རིགས་ཚད་ཡོད་སྤྱི་གཉེར་གྱིས་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ རྡོ་སོལ་གྱི་ཆེད་སྤྱོད་ལམ་ཐིག་སྤྱད་དེ་ས་གནས་དེ་གའི་ཁེ་ལས་དང་མཉམ་ལས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། མཚོ་སྔོན་ཧྭ་ཞང་ནུས་རྒྱུ་ཚད་ཡོད་སྤྱི་གཉེར་གྱིས་ཐོན་ལས་ཀྱི་རྣམ་པ་སྒྱུར་བ་དང་རིམ་སྤོར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཐོན་རྫས་ཀྱི་བཟོ་རྩལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཁྲོམ་རའི་འགྱུར་ལྡོག་དང་ཧུར་ཐག་གིས་འཚམ་པ་བྱེད་དགོས། 

ཝང་ཡུང་ཁྲང་དང་། སངས་འབུམ། མ་རུའུ་ཞང་བཅས་ཀྱིས་ཕེབས་རོགས་གནང་།


མཉམ་སྤྱོད།