དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-27 08:40:43   |   4780

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

640 (1).jpg

  • ཚེས26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་ཐུན་མོང་གླེང་མོལ་དང་གསུང་བཤད་གལ་ཆེན་གནང་།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཀྱི་འཆར་ཟིན་དང་འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ཀྱི་འཆར་ཟིན་སོགས་བཅའ་ཁྲིམས་ཀྱི་འཆར་ཟིན་དང་གཏན་འབེབས་འཆར་ཟིན་མང་པོ་ཞིག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཚེས26ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2018ལོ་ནས2022ལོའི་བར་རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་སྐབས་སུ་དུག་རྫས་གྱོད་གཞི་བཤེར་གཅོད་བྱས་པའི་གྲངས་འབོར་རྒྱུན་མཐུད་ངང་མར་ཆག་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་གི་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་ལེགས་ངང་ལེགས་པར་གྲུབ་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་ཁྱོན་སྡོམ་འགྲུལ་པ་མི་ཐེངས་ཁྲི7037.9སྐྱེལ་འདྲེན་བྱས།

  • ཨ་རི་ཕྱོགས་ཀྱིས་ཧྥུན་ཐེ་ཉི་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ཁེ་ལས་ཞུ་གཏུག་བྱས་པའི་ཐད་དུ་ཚོང་དོན་པུས་ལན་སློག་དོན། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་རྒོལ་གཏམ་དྲག་པོ་གཏོང་བ་མ་ཟད། ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

    640 (2).jpg

  • ཚེས26ཉིན། རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་མའི་ལག་རྩལ་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་འགྲན་སྡུར་དེ་ཨོ་སི་ཁྲུ་ལི་ཡར་མགོ་བརྩམས། ཀྲུང་གོའི་སྐྱེས་མའི་ལག་རྩལ་སྤོ་ལོ་རུ་ཁག་གིས་སྐར་གྲངས89:44ཡི་ཐོག་ནས་ལེ་པ་ནོན་གྱི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་མགོ་ཡག་པོ་ཞིག་བརྩམས།

  • ཚེས26ཉིན་ཨུ་རུ་སུའི་མོ་སི་ཁོ་གྲོང་ཁྱེར་དང་། མོ་སི་ཁོ་ཁུལ། ཝོ་ལོ་ཉེ་རི་ཁུལ་བཅས་ཀྱིས་འཇིགས་རྒོལ་ལམ་ལུགས་ཀྱི་རྣམ་པ་གློད་རྒྱུ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་བཟུང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སུ་དྲོད་ཚད40℃ཡན་གྱི་གནམ་གཤིས་འབྱུང་སྲིད།

  • ཆུ་བེད་པུས་ཚེས26ཉིན་ཆུ་ལོག་འགོག་སྲུང་གི་རིམ་པⅣཅན་གྱི་འཕྲལ་སྡོམ་དང་ལེན་བྱེད་མཚམས་བཞག

  • ཚེས26ཉིན་སི་ཁྲོན་དང་ཁྲུང་ཆིང་གིས་རྒྱལ་ཡོངས་ཀྱི་སྦགས་བཙོག་དངོས་པོ་གསར་པའི་ཁོར་ཡུག་གི་ཉེན་ཁའི་ཐད་དུ་ཞིང་ཆེན་དབར་གྱི་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་ཐོག་མ་དེ་མཉམ་དུ་བསྐྲུན་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད།

  • པོ་དབྱང་མཚེའུ་ཡི་ཞིང་ཙི་ས་ཚིགས་ཀྱི་ཆུ་གནས་དེ་ཚེས26ཉིན་སྨི14ཡི་འགག་སྒོ་ལས་བརྒལ་བ་དང་། པོ་དབྱང་མཚེའུ་དངོས་སུ་ཆུ་རྒྱས་པའི་དུས་སུ་སླེབས།

    640 (3).jpg

  • རང་རྒྱལ་གྱི་རྒྱ་མཚོའི་གཏིང་ཟབ་ས་དང་ཐག་རིང་སར་འགྲོ་ནུས་པའི་བྱེད་ནུས་མང་བའི་ཚན་རིག་རྟོག་ཞིབ་དང་དེ་བཞིན་རིག་དངོས་གནའ་རྫས་རྟོག་ཞིབ་གྲུ་གཟིངས་ཐོག་མ་དེ་ཀོང་ཀྲོའུ་རུ་སྐྲུན་མགོ་བརྩམས། སྔོན་དཔག་བྱས་ན2025ལོར་ལེགས་པར་གྲུབ་ནས་གྲུ་གཟིངས་སྤྲོད་རྒྱུ་རེད།

  • ཚེས26ཉིན་ཧྲེན་ཀྲེན་གྱིས་པེ་ཧྥུ་ཞིན་ཐོག་ཁང་ཆེན་མོར་རྒྱུན་ལྡན་མིན་པའི་འདར་འགུལ་བྱུང་བའི་རྗེས་མཐུད་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་སྟེ། བསྟུད་མར་ཉིན37ལ་རྟོག་འཇལ་བྱས་པ་བརྒྱུད་ཐོག་ཁང་ཆེན་མོར་རྒྱུན་ལྡན་མིན་པའི་སྣང་ཚུལ་མེད། ཁང་པ་དེའི་རྨང་གཞི་ཞན་པས་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་རྒྱུ་རེད།

  • ཚེས26ཉིན་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2021-2022ལོའི་བར་ཞི་ཨན་གྲོང་ནུབ་ཁུལ་དུ་ཝེ་ཅིན་ནས་མིང་ཆིང་དུས་སྐབས་བར་གྱི་བང་སོ1200ལྷག་ཙམ་སྔོག་འདོན་བྱས།

    640 (1).gif

  • ཉེ་ཆར་སྐྱེས་པ་ཞིག་ཧུའུ་ནན་ཁྲང་ཧྲ་གནམ་ཐང་དུ་མགོ་ཡོམ་འཁོར་ནས་བརྒྱལ་བ་ན། གསོ་རིག་སློབ་མ་ཡིན་པའི་མཛའ་གྲོགས་ཕན་ནེ་ཧྥན་དང་ཁང་ཅཱ་གཉིས་ཀྱིས་འཕྲལ་མར་མྱུར་སྐྱོབ་བྱས་ནས་སྐྱེས་པ་དེ་ཉེན་ཁ་ལས་བསྐྱབས།

སྲིད་ཇུས།

  • ཧྲང་ཧེ་ཡིས་ལོ་གསུམ་གྱི་བྱེད་སྒོའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། 2025ལོར་སླེབས་སྐབས་རྒྱལ་སྤྱིའི་ཚོགས་འགྲེམ་གྱི་གྲོང་ཁྱེར་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱ་རྒྱུ་ཁ་གསལ་བཏོན་ཡོད།

  • ཅང་སུའུ་ཡིས་དམ་བུའི་ནང་བཅུག་པའི་གཤེར་དབུགས་སྡེབ་སྐྱེལ་བྱེད་པའི་བདེ་འཇགས་འགན་ལེན་གྱི་གཏན་འབེབས་གསར་བ་བཏོན་པ་སྟེ། མིང་ཐོ་ནག་པོའི་ནང་བཅུག་པའི་གཤེར་དབུགས་སྐྱེལ་མཁན་བཟོ་པར་ལོ་ལྔའི་ནང་གདན་ཞུ་བྱེད་མི་ཆོག

  • ཞུང་ཨན་ཁུལ་གསར་གྱིས་སྲིད་ཇུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། གཟུགས་པོའི་རིང་ཚད་ལ་སྨི1.3ཅན་དང་དེའི་མན་གྱི་བྱིས་པ་སོགས་མི་ཚོགས་རིགས8རིན་མེད་ངང་སྤྱི་སྤྱོད་རླངས་འཁོར་ནང་སྡོད་ཆོག

དེ་རིང་གི་གནམ་གཤིས།

640 (4).jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་ནུབ་རྒྱུད། ཅི་ལིན་གྱི་དབུས་རྒྱུད་དང་ཤར་རྒྱུད། ལིའོ་ཉིང་གི་བྱང་རྒྱུད། ཧྲན་ཞིའི་ནུབ་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། དེ་དག་གི་ཁྲོད་དུ་ཅི་ལིན་གྱི་ཤར་རྒྱུད་དང་ཀོང་ཏུང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།