དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་ཤེས་པར་བྱེད་པ་དང་མདོ་ལར་དགའ་བ། མདོ་ལ་དྲིལ་སྒྲོག་ཡག་པོ་བྱེད་པ།

2023-06-28 16:14:07   |   5957

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


རྩོམ་སྒྲིག་པའི་གཏམ། མདོ་ལ་ནི་མདོ་ལ་རིང་མོའི་དབང་གིས་མིང་དེ་ལྟར་དུ་ཐོགས་ཤིང་། ཡུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་ལ། མི་ཆོས་ཀྱི་དཔལ་ཡོན་རྣམ་པར་བཀྲ། སྐྱེ་ཁམས་གནས་སྐོར་དང་། རང་བྱུང་གི་པང་དུ་ལོག་པ། ལོ་རྒྱུས་དང་མཉམ་འདྲེས། རང་བྱུང་དང་ཁ་ཐག་ཉེ་བ་བཅས་ཀྱི་ས་མཐོའི་དག་ཞིང་སྟེ། གནས་མཆོག་ལྷ་ཡི་ཞིང་ཁམས་ཡིན། མདོ་ལ་ཇི་ལྟར་མཛེས་ཤེ་ན། སྣ་མང་རིག་གནས་ཀྱིས་མཛེས། ཁ་ཡོ་རིག་གནས་དང་ཀྲུང་ཡོན་རིག་གནས་གནས་འདིར་ཤུལ་བཞག་ཏུ་ལུས་ཤིང་། རྩྭ་ཐང་རིག་གནས་དང་ཞིང་ལས་རིག་གནས་གནས་འདིར་ལྷན་ཅིག་འདུས། མི་རིགས་ཁག17གྱི་མི་འབོར་ཁྲི5ལྷག་སྤྱི་ལེ་གྲུ་བཞི་མ་ཁྲི1.4ཡི་གཤིན་ས་རུ་བདེ་བར་འཚོ་ཞིང་ལས་ལ་བརྩོན། མདོ་ལར“ཀྲུང་གོའི་ཤ་སེར་གྱི་ཕ་ཡུལ”དང“ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་ར”ཞེས་པའི་མཚན་སྙན་ལྡན་པ་དང་རྒྱལ་ཁབ“སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞི”ཡང་ཡིན། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་དང་ས་བཅུད་ཕུན་སུམ་ཚོགས་པའི་ཡུལ་གྲུ་འདིས་མདོ་ལར་ཕུན་སུམ་ཚོགས་པའི་ཕྱུགས་ལས་ཀྱི་ཐོན་ཁུངས་བསྩལ་ཅིང་། མདོག་དྲི་རོ་གསུམ་གཅིག་ཏུ་འཛོམས་པའི་བོད་ལུག་གི་ཤ་དང་སྐམས་ཤ མིག་མདངས་ཅིག་ཅར་འཕྲོག་པའི་རི་སྐྱེས་ཤ་མོའི་རིགས་ཀྱི་བཟའ་བཅའ་དག་ནི་ལྕེ་རྩེའི་མདོ་ལའི་ཆེས་རྗེན་ནེར་མྱོང་ཐུབ་པའི་བྲོ་བ་ཟབ་ཤོས་དེའོ། །མདོ་ལ་ཅི་ལྟར་མཛེས་ཤེ་ན། རི་ཆུའི་རང་བྱུང་གིས་མཛེས། གངས་རི་དང་ནགས་ཚལ། རྩྭ་ཐང་། མཚམས་སྤྲིན་ས་དབྱིབས། ཆུ་བོ། འཁྱགས་རོམ་སོགས་་་་་་་་་་་་་། གནས་འདིར་མཚོ་བོད་མཐོ་སྒང་གི་རབ་ཏུ་མཛེས་པའི་རང་བྱུང་མཛེས་ལྗོངས་མཐའ་དག་གཅིག་ཏུ་བཟླུམས་ཤིང་། གྲ་གྲུ་ཐམས་ཅད་མཛེས་སྡུག་ལྡན་པའི་རང་བྱུང་གི་ལྡེབས་རིས་སུ་གྲུབ་པས། གོམ་པའི་འདེགས་འཇོག་རེའི་བར་ནས་ཀྱང་ཡིད་དབང་ལན་རེར་འཕྲོག་ནུས་པའི་སྒྱུ་འཕྲུལ་གྱི་དྲ་བ་འཁྲིགས། འདི་ནི་རི་རབ་ཀྱི་རྫོང་སྟེ་གཙང་ཆབ་ཀྱི་ཁུངས་ཀྱང་ངོ་། །རི་ཆུ་ནི་མདོ་ལའི་རང་བྱུང་གི་དགེ་མཚན་ཡིན་པ་དང་། “ཀྲུང་གོའི་ཚ་གཡོལ་རི་ཆེན་བརྒྱ”ཡི་གྲས་སུ་གཏོགས་པའི་ཨ་མྱེས་སྟོང་སོ་ནས་གཙང་བོའི་ཕར་ངོགས་སུ་བཅད་པའི་བཙུན་མོ་དམར་ཡག་མའི་བར་དང་། རི་རྩེའི་ཐང་ཤིང་དང་ལྗང་ཕོན། དཀན་གཟར་མཚམས་སྤྲིན་ལྟར་དམར་བ། བར་དམ་ཆུ་བོའི་བྲག་རོང་ཆེན་མོ་བཅས། གཡང་གཟར་གཏིང་ལ་ཟུག་ཅིང་། རྔམ་བརྗིད་དཔལ་དུ་འབར་་་་་་་་་་། མདོ་ལ་ཇི་ལྟར་མཛེས་ཤེ་ན། ལོ་རྒྱུས་ཞབས་རྗེས་ཀྱིས་མཛེས། མཁར་དམར་གནའ་མཁར། རྨ་ནུབ་དོག་ལམ་ཕྱོགས་སུ་བསྐྱོད་པའི་འགྲིམ་འགྲུལ་འགག་གནད་ཅིག་ཏུ་གནས་ཤིང་། གནའ་བོའི“དར་གོས་ཚོང་ལམ”ལྷོ་ལམ་གྱི་སླུངས་ཚིགས་གལ་ཆེན་ཡིན། སྔོན་ཆད་ལམ་རིང་བོར་དཔལ་ཡོན་གྱི་ས་བོན་བཏབ་ཅིང་ལམ་ཧྲིལ་བོར་འབྲས་བཟང་རྣམ་པར་བཞད། དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དམག་དཔུང་གཉིས་པའི་རྗེས་དྲན་ཁང་ནི་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་ལ། དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པོར་འཆད་པའི་ལྟེ་བའི་ཐེག་གནས་ཀྱང་ཡིན། གསར་བརྗེ་ལ་བློ་དཀར་ཞིང་རང་སྲོག་བློས་གཏོང་ཕོད་པའི་ནུབ་ལམ་དམར་དམག་གྲངས་མེད་ཅིག་གིས་མདོ་ལ་ནས་ཁྲག་དྲོན་དང་ཚེ་སྲོག་བཏོན་མྱོང་། གནམ་ས་གཡོ་བའི་དཔའ་བོའི་ལོ་རྒྱུས་བརྩམས་ཡོད། འཇིག་རྟེན་པར་དམར་དམག་ནུབ་ལམ་དམག་གིས་རྨ་ནུབ་གཡུལ་ཆམ་དང་། མདོ་ལ་བརྒལ་བའི་དགའ་སྐྱོའི་ལོ་རྒྱུས་དང་དམག་དཔོན་ཝང་ཀྲིན་གྱིས་དཔུང་ཁག་སྣེ་ཁྲིད་དེ་ཤིན་ཅང་ལ་བསྐྱོད་པ་དང་མདོ་ལ་གླུ་རུ་གྱེར་བའི་དཔའ་ཉམས་མངོན། མདོ་ལ་ཇི་ལྟར་མཛེས་ཤེ་ན། མི་རིགས་མཐུན་སྒྲིལ་གྱིས་མཛེས། ལོ་རྒྱུས་སྟེང་མདོ་ལ་ནི་མི་རིགས་མང་པོ་འགྲོ་འོང་མཉམ་འདྲེས་ཀྱི་བར་ཁྱམས་ཆེན་པོ་ཞིག་ཡིན་ལ། རིག་གནས་སྣ་མང་གི་འོད་སྣང་མཉམ་འདྲེས་དང་། རིགས་ཁག་མང་ཚོགས་མཉམ་ཤོང་གཅིག་ཏུ་གནས། ལོ་འདི་ཤས་རིང་། མདོ་ལས་སྔར་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་བ་བར་མ་ཆད་པར་བརྩམས་ཏེ། “རྒྱལ་ཡོམས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང”དང་།  “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང” “ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང”བཅས་ཀྱི་མིང་དོན་དང་མཚུངས་པའི་མཚན་རྟགས་བླངས། དྲག་རླབས་བརྒལ་ནས་གཡོར་མོ་མཐོ་རུ་བཏེགས། མཉམ་གཅིག་ཧུར་གྱིས་བསྐྱོད་པའི་དུས་ལ་བབས། སྔར་བས་མདོ་ལའི“སྙན་ངག་དང་རྒྱང་རིང”མཉམ་སྤྱོད་དང་། འོས་སྦྱོར། འགྲེམས་སྟོན་བྱ་ཆེད། མདོ་ལའི་ཏང་ཨུའི་གཞུང་ལས་ཁང་གི་སྐད་འཕྲིན་སྤྱི་རྟགས་སྟེང“མདོ་ལའི་ཉམས་སྣང”ཆེད་སྒྲིག་ལེ་ཚན་བཙུགས་ནས་ཀློག་པ་པོ་ལ་སྟབས་བདེ་བསྐྲུན་ཡོད།

1.jpg

ཤར་ཕྱོགས་སུའུ་ཙེར་ཆུང་བ་མདོ་ལ། ཧྥུའུ་ལོ།

2.jpg

བཙུན་མོ་སྒང་གི་འཇའ་ཚོན། ཝོའུ་ཙུང་པའོ།

3~1.jpg

མདོ་ལའི་འཇའ་ཟུང་། ཧྥིན་ཅང་ཧྲིན།


4.jpg

ལྷ་ཁམས་མདོ་ལ། བླ་མ་ཚེ་རིང་།

5.jpg

སྨུག་སྤྲིན་ལང་ལོང་རྒྱུ་ཡང་ལྷོད་ཆགས་སེ། ཧྥང་ཧྥང་།

6.jpg

མདོ་ལ་རིང་མོའི་སྤྲིན་གྱི་རྒྱ་མཚོ། ཀྲོའུ་ཝུན་ཡན།

7.jpg

མདོ་ལའི་ཉི་ཤར། ཧུའུ་ཅན།

8.jpg

སྤྲིན་གྱི་གཙང་ཁྲུས། ཞུས་ཀྲི་རུང་། 

9.jpg

མདོ་ལའི་ཉམས་སྣང་། ཉེ་ཝུན་ཧུའུ།

10.jpg

བཙུན་མོ་དམར་ཡག་མའི་སྤྲིན་གྱི་ལྷ་དར། ཞུས་ཀྲུང་ཏུང་།

11.jpg

གངས་དཀར་དངུལ་གྱི་ཡལ་ག ཚའེ་ཅོན།

13.jpg

མདོ་ལའི་གངས་ཁྲོད་ཀྱི་གླག་རྒོད། ཞའོ་ནན་པུའོ།

14.jpg

རྫ་ལུང་ཆར་ཟིམ།


མཉམ་སྤྱོད།