དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རྫོང་གིས་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་ལ་ལྟ་ཞིབ་དག་ཐེར་གྱི་བྱ་བ་སྤེལ།

2023-06-28 16:32:25   |   14616

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་ཏན་དུ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དྲིལ་སྒྲོག་དོན་འཁྱོལ་བྱེད་པར་དམིགས་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་འབྲེལ། མདོ་ལ་རྫོང་གིས་ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། མདོ་ལ་རྫོང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་ཐོག མགོ་ཁྲིད་ཚན་ཆུང་སྒྲིག་འཛུགས་སྒོས་མདོ་ལ་རྫོང་ཡོངས་སུ་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་ལ་ལྟ་ཞིབ་དག་ཐེར་གྱི་བྱ་བ་སྤེལ།

图片3.jpg

དུས་ཡུན་གཟའ་འཁོར་གཉིས་ཡས་མས་སུ། མདོ་ལ་རྫོང་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་ལྟ་ཞིབ་དག་ཐེར་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྫོང་ཡོངས་ཀྱི་ལས་ཁུངས་དང་ཡུལ་གྲོང་ཁག30ལྷག་ཏུ་གཞུང་ཐམ་དང་སྒོ་བྱང་། འཕྲེད་དར། འགྲེམ་པང་། སྲིད་ཇུས་དྲིལ་སྒྲོག་ཡིག་ཆ་སོགས་ཀྱི་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་གནས་ཚུལ་ཐད་ལྟ་ཞིབ་དག་ཐེར་བྱ་བ་སྤེལ་ཞིང་། རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་ཚད་ལྡན་མིན་པའི་ལས་ཁུངས་ཁག3ལ་དག་ཐེར་ཡི་གེ་བཏང་བར་མ་ཟད། དུས་མཚམས་བཅད་དེ་དག་ཐེར་ལེགས་འགྲུབ་བྱུང་། གཞན་ཡང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་རྫོང་ཡོངས་ཀྱི་ཁེ་ལས་ཆེ་ཆུང་དང་ཁྲོམ་ར། ཚོང་ཁང་བཅས་ཁེ་གཉེར་སྡེ་ཚན336ལྷག་ཙམ་གྱི་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་ཚད་ལྡན་མིན་པའི་ཚོང་ཁང13ལ་དག་ཐེར་ཡི་གེ་བཏང་བ་ཆ་ཚང་དག་ཐེར་ལེགས་གྲུབ་བྱུང་ཞིང་། མདོ་ལ་རྫོང་ཡོངས་སུ་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་ཚད་ལྡན་མིན་པའི་གནད་དོན16ཤེས་རྟོགས་བྱུང་བ་དང་། ཆ་ཚང་དག་ཐེར་ལེགས་འགྲུབ་བྱུང་།

图片1.jpg

ཐེངས་འདིའི་དག་ཐེར་བྱ་བ་དེ་རྩ་འཛུགས་ཡོད་པ་དང་། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་མཇུག་ལེགས་པར་བསྡུས་ཏེ། མདོ་ལ་རྫོང་ཡོངས་ཀྱི་རྒྱ་བོད་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་ཐད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མངོན་ཞིང་། མདོ་ལ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་། དཔལ་ཡོན་རྫོང་མཁར་འཛུགས་སྐྲུན་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན། སླན་ཆད། ང་ཚོས་སྔར་བས་ལྷག་པའི་སྒོ་ནས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་ཐད་སྐད་གཉིས་བྱ་གཞག་གི་ནུས་ཤུགས་དང་ལེགས་སྐྱེས་འབུལ་རྒྱུ་ཡིན།

图片2.jpg


མཉམ་སྤྱོད།