དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-29 08:27:16   |   4295

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


1~1.jpg

  • ཚེས28ཉིན་ཀྲུང་དབྱང་དམག་ཨུའི་ཧྲང་ཅང(上将)དམག་མིར་གོ་གནས་འཕར་བའི་གོ་ཐོབ་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས།

  • ཟླ6ཚེས28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨུའི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས“ཀུ་ལེང་ལས་འབྲེལ”ལ་རྟེན་འབྲེལ་གྱི་འཕྲིན་ཡིག་སྤྲིངས།

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ། ཚོགས་འདུའི་ཐོག་བརྡས་གཅོད་བརྒྱུད་གེགས་མེད་ཁོར་ཡུག(无障碍环境)འཛུགས་སྐྲུན་བཅའ་ཁྲིམས་དང་ཕྱི་ཕྱོགས་འབྲེལ་བའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང6པ་དང7པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་ཉེ་ཆར《ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ5པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7035ལ་ཞིབ་བཤེར་ཐག་གཅོད་བྱས།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པར་སྒྲིག་ཆས་བཟོ་བའི་ལས་རིགས(装备制造业)ཀྱི་ཁེ་སྤོགས་དུས་མཚུངས་ལས15.2%འཕར་བ་དང་། ཟླ་བ་གཉིས་ལ་བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས།

  • རྒྱལ་ཁབ་སྨན་སྐྱོབ་ཅུ་ཡིས་གཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཐེབས་རྩའི(བུ་བཙའི་གུན་སྐྱོབ་ཚུད)ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར13709.91ཟིན་པ་དེ་དུས་མཚུངས་ལས8.2%འཕར་ཡོད།

    2~1.jpg

  • 2023ལོའི་སྐྱེས་མའི་ལག་རྩེད་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་ཚེས28ཉིན་གྱི་འགྲན་སྡུར་ནང་། ཀྲུང་གོའི་རུ་ཁག་གིས་སྐར་གྲངས87:81གིས་ལྷོ་ཁོ་རེ་ཡའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཚོ་ཆུངAཡི་ཨང་དང་པོའི་འབྲས་བུ་བླངས་པ་དང་། ཐད་ཀར་རྩེ་གྲ་བཞིར་སླེབས་པ་མ་ཟད། 2024ལོའི་ཕ་རི་སིའི(巴黎)ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་སྡུར་ནང་ཞུགས་པའི་འཛིན་ཤོག་བླངས།

སྤྱི་ཚོགས།

3~1.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ཉིན་མོར་པེ་ཅིང་དང་། ཐེན་ཅིན། ཧུའུ་ནན་གྱི་ཤར་རྒྱུད། ཅང་ཞི་སོགས་ཀྱི་ས་ཁུལ་ཁ་ཤས་སུ35~37℃ཅན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་འདུག

  • ཚེས28ཉིན་གྱི་དུས་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར70སྤར་ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་ཀུའེ་ཀྲོའུ(贵州)ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་སྔོན་མ་དང་ཀྲུའུ་ཞི་གཞོན་པ་ཀྲོའུ་ཅན་ཁུན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཅི་ལིན(吉林)ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཀྲང་ཞོ་ཕེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕུད།

  • ཀོང་ཏུང(广东)ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལི་ཁྲུན་ཧྲེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ལེའོ་ཉིང(辽宁)ཞིང་ཆེན་ཧྲེན་དབྱང(沈阳)གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཧྥུ་ཀྲུང་ཝེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • དེ་སྔའི་མཁོ་སྒྲུབ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུའི་ཏང་ཨུའི་ཨུ་ཡོན་དང་ཅུ་ཀྲང་གཞོན་པ་ཀྲང་ཧྥུ་ཧྲེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

    4~1.jpg

  • ཚེས28ཉིན་གོ་ལ་ཧྲིལ་པོའི་ཀྲའོ་ཝ16ཟིན་པའི་མཚོ་ཐོག་རླུང་གློག་འཕྲུལ་ཚན་ཐོག་མ་དེ་འགག་གསུམ་ཚོགས་པའི་ཧྥུ་ཅན་མཚོ་ཐོག་རླུང་ཤུགས་གློག་ཁང་དུ་དཔྱང་བསྒྲིགས་ལེགས་འགྲུབ་བྱུང་། མི་འགྱང་བར་ཚོང་ལས་ཐོག་འཁོར་སྐྱོད་བྱ་རྒྱུ་རེད།

  • ཧོ་ནན(河南)གནའ་རྫས་རྟོག་ཞིབ་མི་སྣས་ཉེ་དུས་ཁེ་ཧྥེང(开封)གྲོང་ཁྱེར་ཝེ་ཧྲི(尉氏)རྫོང་དུ་གནའ་བོའི་བང་སོ22རྙེད། བང་སོའི་ལོ་རབས་ཀྱི་བརྒལ་ཐག་ལོ་ངོ1600ཙམ་ཟིན་པ་དང་། ཧན་ཤར་མ་ནས་མིང་ཆིང་རྒྱལ་རབས་བར་རྒྱུན་མཐུད་བྱས་ཡོད

    1.png

  • ཞིན་ཅང་ཁུ་ཨར་ལེ(新疆库尔勒)ཡི་སྐྱེས་པ་ཞིག་ཆུ་ནང་དུ་ལྷུང་སྟེ་རྐ་ཆུས་དེད་པ་ན། ཉེན་ཁ་ཆེ་བའི་དུས་སུ་གཞོགས་འདེགས་ཉེན་རྟོག་པ་མེ་ཨེར་ཏན་ཅང·ཡ་ཁུ་ཕུའུ་དྲག་ཏུ་རྒྱུག་པའི་ཆུ་རྒྱུན་ནང་དུ་མཆོངས་ཏེ་སྐྱེས་པ་དེ་བསྐྱབས།

སྲིད་ཇུས།

  • ཧྲན་ཞི(山西)ཡིས་བརྡ་ཐོ་བཏང་སྟེ་འབྲིང་རིམ་སློབ་གླིང་དང་རིམ་པ་དེའི་ཡན་གྱི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྒན་གསོའི་ཞབས་ཞུའི་ལས་རིགས་སུ་ལས་ཞུགས་བྱས་ན། བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི6སྤྲོད་རྒྱུ་དང་། དེ་ནི་རེབ་ཐེངས་གཅིག་གིས་སྤྲོད་རྒྱུ་རེད།  ཟླ7ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཧྲང་ཧེ་ཡིས་སྲོལ་ཡིག་བཏོན་པ་སྟེ། ཟླ10ཚེས1ཉིན་ནས་བཟུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པའི་རྩ་འཛུགས་དང་མི་སྒེར་ལ་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་རེད།

  • ཀན་སུའུ(甘肃)ཡིས2025ལོར་སླེབས་སྐབས་ལྟོས་བཅས་ཀྱིས་ཅུང་བརྟན་པོ་ཡིན་པའི་རྫོང་ཁོངས་ཀྱི་སྐོར་སྐྱོད་སྨན་བཅོས་དང་མངགས་གཏོང་ཞབས་ཞུའི་ལས་ཀའི་ལམ་སྲོལ་འཛུགས་རྒྱུ་རེད།

དེ་རིང་གི་གནམ་གཤིས།

5~1.jpg

  • སི་ཁྲོན་གྱི་བྱང་ཤར་རྒྱུད་དང་། ཁྲོན་ནུབ་མཐོ་སྒང(川西高原)གི་བྱང་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད་དང་བྱང་རྒྱུད། ཧོ་ནན་གྱི་ཤར་ལྷོའི་རྒྱུད། ཨན་ཧེའི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད་དང་ཤར་རྒྱུད། ལིའོ་ཏུང་ཕྱེད་གླིང་།(辽东半岛)ཧེ་ལུང་ཅང་གི་ནུབ་རྒྱུད་དང་ཀོང་ཏུང་གི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཧུའུ་པེའི་ནུབ་རྒྱུད་དང་ཁྲུང་ཆིང་གི་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།