རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ6ཚེས28ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་རྫོང་དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་མ་རྡུལ་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་གཞི་ཕྱོགས་བསྡུས་ལག་ལེན་ལྟེ་གནས། སྒར་གཞི་སློབ་མའི་སྡོད་གནས་དང་ཁེ་ཐུའུ་བྱེ་འགོག་བྱེ་བཅོས་ཁུལ། མདའ་བཞི་དམངས་སྲོལ་སྡེ་བ། “ནུབ་མཚོ་གཞས་ར”ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་། རྫོང་ཨུའི་ཏང་གི་སློབ་གྲྭ་སོགས་གནས་ཡུལ་དུ་ཕེབས་ནས་ཆེད་དོན་རྟོག་ཞིབ་བྱས།
གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རང་རེའི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པའི་ཐོག་བྱས་རྗེས་སྔར་ལས་མང་བ་དང་འགན་འཁྲི་སྔར་ལས་ཆེ་བ་མངོན་ཐུབ་པ་ནན་བཤད་བྱས།
རྫོང་རིམ་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཀྱིས་མཉམ་དུ་རྟོག་ཞིབ་ལ་འགྲོ་རོགས་བྱས།