དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-30 08:55:47   |   986

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཏང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་རྩ་འཛུགས་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་གནང་།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི16ལས་བརྒལ་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བ་སྟེ། ཀྲུང་དབྱང་ཁེ་ལས་ཀྱི་དོ་དམ་མི་སྣ9ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་ཅེས་བསྟན། ཞིབ་འཕྲིན།

  • ཁྲིམས་འཛིན་པུས་གཞུང་དཔང་ཐད་ཀྱི་དམངས་ཕན་ཞབས་ཞུར་སྐུལ་འདེད་བཏང་བ་སྟེ། བདག་སྲུང་དང་། སྦྱངས་རབས། ལག་ཁྱེར་སོགས་གཞུང་དཔང་དཔང་ཡིག་གི་དཔྱད་གཞི116ཇེ་ཉུང་དུ་བཏང་།

  • རྒྱལ་ཁབ་སྨན་སྐྱོབ་ཅུ་ཡིས2023ལོའི་རྒྱལ་ཁབ་ཀྱི་སྨན་སྐྱོབ་སྨན་རྫས་དཀར་ཆག་ལེགས་སྒྲིག་གི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། བྱིས་པའི་སྨན་རྫས་དང་མཐོང་དཀོན་པའི་ནད་རིགས་ལ་སྨན་སྤྱོད་རེ་ཞུ་བྱེད་པར་ཆོག་མཆན་འགོད་པའི་དུས་ཚོད་ཀྱི་ཚོད་འཛིན་མེད་པར་བྱས་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་གསུམ་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་དངུལ་ཁང་ལས་རིགས་ཀྱི་ཕྱི་ཕྱོགས་དངུལ་རྩའི་མ་དངུལ་ཨ་སྒོར་དུང་ཕྱུར15683ཟིན་ཡོད།

  • ཨ་རི་དང་འཇར་པན། ཧྥི་ལི་ཕིན(美日菲)གསུམ་གྱིས་ལྷོ་རྒྱ་མཚོའི་དངོས་སྦྱོང་རྒྱུན་རྣམ་ཅན་དུ་གཏང་རྒྱུའི་གྲོས་བསྡུར་བྱས་པའི་ཐད་དུ། རང་རྒྱལ་གྱི་རྒྱལ་སྲུང་པུས་ཀྲུང་གོའི་དམག་དཔུང་གིས་དུས་བབ་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ལན་བསློགས།

    1~1.jpg

  • ཧྥ་རན་སིར(法国)སྡོད་པའི་དོམ་ཁྲའི་ཕྲུ་གུ“ཡོན་མེང”དེ་ཟླ7ཚེས25ཉིན་ཕྱིར་ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིར་ལོག་རྒྱུ་རེད།

སྤྱི་ཚོགས།

2~1.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་པེ་ཅིང་དང་ཐེན་ཅིན། ཧོ་པེ(河北)སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས38-39℃ལ་སླེབས་རྒྱུ་ཡིན་པ་དང་། ས་ཁུལ་བྱེ་བྲག་པའི་དྲོད་ཚད40℃ལས་བརྒལ་རྒྱུ་རེད།

  • ཀྲུང་གོ་དངོས་རྒྱུག(物流)དང་ཉོ་སྒྲུབ་ཀྱིས་མཉམ་འབྲེལ་ཐོག་གཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དངོས་རྒྱུག་གི་སྡོམ་འབོར་སྒོར་དུང་ཕྱུར་ཁྲི129.9ཟིན་ཡོད།

  • 2023ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་དེ་ཟླ7ཚེས18ནས19ཉིན་བར་ཧྥུ་ཅན(福建)གྱི་ཞ་མོན(厦门)དུ་འཚོག་རྒྱུ་རེད།

  • སྐྱེ་ཁམས་ཁོར་ཡུག་པུས་རང་འགུལ་གྱིས་རྟོག་འཇལ་བྱེད་པའི་གཞི་གྲངས་རྫུན་བཟོའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་ཅེས་བསྟན།

  • སློབ་གསོ་པུས་ཟླ6པའི་ཟླ་མཇུག་ནས་ཟླ7པའི་ཟླ་སྟོད་དུ་ཞིང་ཆེན་མང་པོར་ཁ་ཕྱོགས་ནས་མཐོ་སློབ་མཐར་ཕྱོན་སློབ་མའི་ལས་ཞུགས་ལས་དོན་ཐད་ཆེད་དོན་བརྟག་ཞིབ་བྱ་རྒྱུ་རེད།

3~1.jpg

  • ཉེ་ཆར་ཀྲུང་གོའི་གནམ་མིགFASTཡིས་ནཱ་ཧོ་ཚིའི(纳赫兹)འཐེན་ཤུགས་རླབས་གནས་པའི་འགག་རྩའི་དཔང་རྟགས་འཚོལ་ཞིབ་བྱས་ཏེ་རྙེད་པ་དང་། དེ་ཡིས་རང་རྒྱལ་གྱི་འབྲེལ་ཡོད་ཞིབ་འཇུག་རྒྱལ་སྤྱི་དང་དུས་མཉམ་དུ་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན།

  • ཟླ7ཚེས1ཉིན་ལན་ཞིན་མྱུར་བགྲོད་ལྕགས་ལམ་གྱི་ལན་ཀྲོའུ་ནས་ཟི་ལིང་ལམ་དུམ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ250ཡི་ཚད་གཞིར་སླེབས་ཐུབ་པ་དང་། ས་ཁུལ་གཉིས་དབར་མགྱོགས་ན་སྐར་མ59ནང་སླེབས་ཐུབ།

  • པེ་ཧེ་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཟླ6ཚེས29ཉིན་གྱི་ཆུ་ཚོད12ནས་ཟླ7ཚེས4ཉིན་གྱི་ཆུ་ཚོད12བར་བྱང་རྒྱུད་མཚོ་ཁུག་གི་ཆུ་ཁོངས་ཁག་ཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་གྲུ་གཟིངས་མཚོ་སྐྱོད་བྱེད་མི་ཆོག་ཅེས་བསྟན།

སྲིད་ཇུས།

  • བཟོ་འཕྲིན་པུས2024ལོའི་ཟླ1ཚེས1ཉིན་ནས་བཟུང་དྲ་འཇུག་འཐུས་མཆན(进网许可)གྱི་མཚོན་རྟགས་གསར་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

  • འགག་སྒོའི་སྡེ་ཁག་གིས་སྤྱི་བསྒྲགས་བྱས་དོན། ཞང་ཀང་དང་ཨའོ་མོན་གྱི་འཕྲུལ་སྒུལ་འཁོར་ལོ་ནང་ལོག་ས་ཁུལ་དུ་འགྲོ་འོང་བྱེད་དུས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་དབོར་འདྲེན་བྱེད་མི་ཆོག་ཅེས་བསྟན།

  • ཀོང་ཀྲོའུ་ཡིས་སྲིད་ཇུས་ལག་བསྟར་བྱས་ཏེ་ཕྲུ་གུ་གཉིས་དང་དེ་ཡན་གྱི་ཁྱིམ་ཚང(ཉུང་མཐར་ཡང་བུ་ཕྲུག་གཅིག་ན་སོ་དར་ལ་མ་བབས་པ)གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྤྱད་དེ་རང་སྡོད་སྡོད་ཁང་ཐོག་མ་ཉོ་བར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་མཐོ་ཤོས30%གོང་དུ་འཕར།

དེ་རིང་གི་གནམ་གཤིས།

4~1.jpg

  • ཅང་སུའུ་ཡི་ལྷོ་རྒྱུད་དང་ཨན་ཧེའི་དབུས་ལྷོ་རྒྱུད། ཧོ་ནན(河南)གྱི་ཤར་ལྷོའི་རྒྱུད། ཧུའུ་པེའི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧུའུ་ནན(湖南)གྱི་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་བྱང་རྒྱུད་དང་ཧེ་ལུང་ཅང་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཅང་སུའུ་ཡི་ལྷོ་རྒྱུད་དང་། ཨན་ཧེའི་ལྷོ་ནུབ་རྒྱུད། ཧུའུ་པེའི་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།