དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སངས་འབུམ་གྱིས་གྲོང་གསེབ་དར་རྒྱས་དང་དབུལ་ཐར་ལས་དོན་ལ་རྟོག་ཞིབ་བྱས།

2023-06-30 11:21:03   |   1650

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6ཚེས29ཉིན། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གསེར་ཐང་ཡུལ་ཚོ་ཆུ་ཁོལ་སྡེ་བ་དང་ཅང་ལིག་ཧྲིན་སྡེ་བ། གསེར་ཐང་སྡེ་བ། ཏོ་དབྱང་སྡེ་བ། མཚོ་ཤར་སྡེ་བ་སོགས་སུ་སོང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་རྟོག་ཞིབ་བྱས་པ་མ་ཟད། དབུལ་ཐར་ཁྱིམ་ཚང་དང་རྟོག་འཇལ་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་ཁོ་ཚོར་འཚམ་འདྲི་ཞུས།

图片2.jpg

བསམ་འབུམ་གྱིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་བརྩེ་སེམས་བཅིངས་ཏེ་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩའི་གནད་དོན་ཐག་གཅོད་བྱེད་པའི་ཐད་དུ་གནས་ཚུལ་དངོས་ཤེས་རྟོགས་དང་བྱེད་ཐབས་དངོས་སྤྱད་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་རྣམ་པ་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བྱེད་དགོས་པ་བསྟན།

图片3.jpg

 རྫོང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དག་གིས་མཉམ་དུ་རྟོག་ཞིབ་ལ་འགྲོ་རོགས་བྱས།  


མཉམ་སྤྱོད།