དེ་རིང་ནི2024ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-04 08:43:55   |   976

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་དཔལ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་གི་གླེང་མོལ་ཚོགས་འདུ་སྐབས་གསུམ་པ་དང་། འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གྲུ་ཁས་དངོས་ཟོག་འདྲེན་གཏོང་བྱེད་ཚད་ཏུན་དུང་ཕྱུར67.5ཟིན། དུས་མཚུངས་ལས7.9%འཕར་ཡོད།

  • ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་གསུམ་གྱིས་བརྡ་ཐོ་བཏང་སྟེ། ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས།

  • ཚོང་དོན་པུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཀེལ(镓)དང་ཀྲེམ(锗)གྱི་འབྲེལ་ཡོད་དངོས་པོའི་རྣམ་གྲངས་ལ་ཕྱིར་གཏོང་དོ་དམ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་སྟེ། འབྲེལ་ཡོད་ཁྱད་གཤིས་འཛོམས་པའི་དངོས་རྫས་རྣམས་ཆོག་མཆན་མ་ཐོབ་པར་ཕྱིར་གཏོང་བྱས་མི་ཆོག་ཅེས་བསྟན།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ད་ལོའི་ཀྲུང་དབྱང་གི་ཕག་ཤ་གསོག་འཇོག་ལས་དོན་ཁག་གཉིས་པ་སྤེལ་རྒྱུ་ཡིན་ཞེས་བསྟན།

1.jpg

  • ཚེས3ཉིན། ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཉི་ཧོང(日本)ཕྱོགས་གྱིས་ཚན་རིག་དང་མཐུན་པ། བདེ་འཇགས་ཡིན་པ། མངོན་གསལ་དོད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཉིང་རྡུལ་བཙོག་ཆུ་ཏན་ཏིག་གིས་ཐག་གཅོད་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་ལྟ་སྐུལ་ནན་མོ་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ་ཡིན་ཞེས་བསྟན།

  • ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ཨ་རིའི་ནོར་སྲིད་པུའི་པུ་ཀྲང་ཀྲེན་ཉི་ཐེ·ཡེ་ལུན(珍妮特·耶伦)ཚེས6ནས9བར་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་ཐག་བཅད།

2.jpg

  • ཚེས3ཉིན། ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་གྲུ་ཀྲེ་ཅང་ཀྲོའུ་ཧྲན(浙江舟山)གྱི་དམག་དོན་གྲུ་ཁ་ག་གེ་མོ་ཞིག་ནས་གྲུ་གཟིངས་གཏོང་མགོ་ཚུགས་ཏེ “2023ལོའི་ཞི་མཐུན་ལས་འགན” སྒྲུབ།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས5ཉིན་ནས་བཟུང་པེ་ཅིང་དང་། ཧོ་པེ།(河北)ཧྲན་ཏུང་། ཧོ་ནན(河南)སོགས་ས་ཁུལ་གྱི་ཉིན་རེའི་དྲོད་ཚད་མཐོ་ཤོས37-39℃ལ་སླེབས་རྒྱུ་རེད།

  • རྒྱལ་ཁབ་གནོད་སྐྱོན་ཉུང་བཟོ་ཨུ་ལྷན་སོགས་སྡེ་ཁག་གིས་ཉེ་ཆར་ཚོང་ཚོགས་འཚོགས་ཏེ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཟླ་བདུན་པར་རང་རྒྱལ་གྱི་གཙང་པོ་ཆེ་གྲས་བདུན་ཕྱོགས་ཡོངས་ནས་འབྲུབ་དུས་གཙོ་བོར་སླེབས་རྒྱུ་རེད།

  • རྒྱལ་ཁབ་གློག་བརྙན་ཅུ་ཡི་སྡོམ་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། 2023ལོའི་ལོ་སྟོད་དུ་གློག་བརྙན་གྱི་པ་སེ་བཙོངས་ཚད་སྒོར་དུང་ཕྱུར262.71ཟིན། དུས་མཚུངས་ལས52.91%འཕར་ཡོད།

  •  བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་རྟོག་དཔྱོད་དང་ལེན་བྱེད་བཞིན་ཡོད།

  • ཉེ་ཆར། སྤྱི་བདེ་པུས་ཧྲན་ཏུང་དང་། ཧོ་ནན། ཧུའུ་པེ།(湖北)ཧུའུ་ནན་བཅས་ཀྱི་ཞིང་ཆེན་བཞིའི་སྤྱི་བདེ་ལས་ཁུངས་ལ་བཀོད་འདོམས་བྱས་ཏེ། གློག་འཕྲིན་དྲ་རྒྱའི་གཡོ་ལེན་གྱི་ཉེས་གསོག་དོགས་ཅན་འབོར་ཆེན་ཞིག་བདེ་བླག་ངང་འཛིན་བཟུང་བྱས་པ་དང་ཉེས་གསོག་ནག་ཚང3300ལྷག་ཙམ་རྩ་མེད་དུ་བཏང་།

3.png

  • ཉེ་ཆར། བྲག་འཛེག་འཛམ་གླིང་བུམ་པའི་མྱུར་ཚད་འགྲན་སྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ལ་གསེར་གྱི་རྟགས་མ1དང་།དངུལ་གྱི་རྟགས་མ1དང་། ཟངས་ཀྱི་རྟགས་མ1བཅས་ཐོབ།

  • པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས“ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མའི་ཆ་འཕྲིན་ཁག་ཅིག་ཁྲིམས་འགལ་ངང་ཐོབ་པའི”གནས་ཚུལ་ཐད་དུ་བརྡ་ཁྱབ་བཏང་བ་སྟེ། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་ལ་སྔར་ལས་གཏིང་ཟབ་པའི་བརྟག་དཔྱད་བྱེད་བཞིན་ཡོད།

4.jpg

  • ཚེས2ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་གློག་རྡུལ་འགོག་རྒོལ་ལག་རྩལ་གྱི་ཆེད་མཁས་པ་ལིན་ཡུང་ཧྲུན་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ86ཡིན།

5.jpg

  • ཅང་སུའུ་ཝུའུ་ཞིའི(江苏无锡)བྱིས་པ་ཞིག་ཉི་ཁྱམས་ནས་ཕྱིར་ཐོན་པ་ན། ཐོག་ཁང་འོག་གི་ཁྱིམ་མཚེས་ཝང་ཅུན་དབྱི་ཡིས་བྱིས་པའི་ངུ་སྐད་ཐོས་རྗེས། འཕྲལ་དུ་སྒེའུ་ཐེམ་དུ་འཛེགས་ཏེ་བྱིས་པའི་རྐང་པ་ཡར་བཀྱགས་ནས་བྱིས་པ་བསྐྱབས།

སྲིད་ཇུས།

  • པེ་ཅིང་གིས་ཚད་ལྡན་དོ་དམ་ཁྱབ་བསྒྲགས་བྱས་པ་སྟེ། རྒན་གསོའི་ལས་ཁུངས་ཀྱིས་ནུས་པ་ཤོར་བའི་རྒན་རྒོན་གྱི་མེ་སྐྱོབ། མེ་གསོད། འཕྲལ་སྡོམ་ཁ་འགྲེམ་གྲབས་སྦྱོང་སོགས་ཆེད་དོན་དོ་དམ་ལམ་ལུགས་རབ་དང་རིམ་པ་འཛུགས་དགོས་པའི་བླང་བྱ་བཏོན།

  • ཧྲན་ཏུང་གིས་བསམ་འཆར་བཏོན་པ་སྟེ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གོ་ཐོབ་དཔྱད་བསྡུར་དང་གདན་ཞུ་བྱེད་པར་དཔྱད་རྩོམ་དང་། གཟེངས་བསྟོད་བྱ་དགའ། ཚན་ཞིབ་རྣམ་གྲངས་སོགས་ཁོ་ན་གོ་ཐོབ་ཞིབ་དཔྱད་ཀྱི་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་ཏུ་བརྩི་མི་ཆོག

  • ཀོང་ཞི(广西)ཡིས་བརྡ་ཐོ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་སྐྱོབ་ནང་ཞུགས་མཁན་གྱིས་རང་སྐྱོང་ལྗོངས་ནང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཚང་མར་སྨན་བཅོས་དང་སྨན་ཉོ་ཆོག་པ་དང་། ཡུལ་གཞན་གྱི་ཐོ་འགོད་འགྲོ་ལུགས་སྒྲུབ་མི་དགོས།

དེ་རིང་གི་གནམ་གཤིས།

6.jpg

  • སི་ཁྲོན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཧུའུ་པེའི་ནུབ་རྒྱུད། ཧོ་ནན་གྱི་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད་དང་ཤར་རྒྱུད། དེ་བཞིན་ནང་སོག་གི་ཤར་ལྷོའི་རྒྱུད་དང་ལེའོ་ཉིང་གི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧོ་ནན་གྱི་ལྷོ་ནུབ་རྒྱུད་དང་ཁྲུང་ཆིང་གི་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།