དེ་རིང་ནི2024ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས།

2023-07-04 11:17:11   |   466

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མཚོ་བྱང་སྨྱན་གསར།     བཤེར་འབེབས།   རིན་ཆེན་ཚེ་རིང་།



1.jpg

ཉེ་ཆར། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་གསན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་ལས་ཁུངས་ཞུ་འབུལ་ལས་དོན་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།  རྗེས་ཕྱོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྣ་སོ་སོའི་བྱ་བར་བཀོད་སྒྲིག་བྱས། 

2.jpg

 ཤ་བོ་སྐྱབས་ཀྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལོ་གལ་ཆེན་ཞིག་དང་། རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་གྱི་ལོ་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་སར་འབྱོར་བར་བྱེད་དགོས་པ་བསྟན། 

3.jpg

 ཤ་བོ་སྐྱབས་ཀྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། གསར་གཏོད་ཀྱི་བསམ་ཕྱོགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་བྱེད་ཐབས་གསར་གཏོད་བྱས་ཏེ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་ཞིབ་ཕྲའི་ལག་ལེན་ལ་མཛུབ་ཁྲིད་ཏན་ཏིག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་གསར་གཏོད་ལས་དོན་གྱི་“རྩ་གནད”དང་“བླ་སྲོག”ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ནང་དོན་སྔར་བས་གཏིང་ཟབ་དང་། རྣམ་པ་ཕུན་སུམ་ཚོགས་པ། བྱེད་ཐབས་གསར་གཏོད་སྒོས་དྲིལ་བསྒྲགས་སློབ་གསོ་དང་། གསར་གཏོད་མཉམ་འདྲེས། རིག་གནས་ཀྱི་བླ་སྲོག་གཏོད་པ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཐད་ཚད་ཤིང་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པའི་བརྩོན་ལེན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་མཚོ་བྱང་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ཏེ“243”འཕེལ་རྒྱས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། འགྲིམ་འགྲུལ་དང་། སློབ་གསོ། སྨན་བཅོས། འཕྲོད་བསྟེན་སོགས་དམངས་འཚོའི་ཞན་ཆ་རྒྱུན་ཆད་མེད་པར་གསབ་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་སྤྱི་འདོམས་སུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ“མགོ་ཁྲིད་གཙོ་བོའི”འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ནང་འཇུག་གཉིས”ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཚད་གཞི་དང་རེའུ་མིག་ལ་གཞིགས་ནས་གསར་འཛུགས་ཀྱི་དམིགས་ཚད་དོན་འཁྱོལ་ཡག་པོ་བྱེད་པ། གསར་འཛུགས་ལས་དོན་གྱི་སྤྱིའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཞིབ་བཤེར་ལྟ་སྐུལ་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་། གཟུགས་སྣང་ཡོད་པ། ཚོར་བ་ཡོད་པ། ཕན་འབྲས་ཡོད་པར་དམིགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་པ་དང་། མི་རིགས་ཆོས་ལུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

4.jpg

  ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་སྐབས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་བཏང་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་སྔོན་ལ་གཏོད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི“རིམ་སྤོར་པར་གཞི”གསར་གཏོད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན+མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། “སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་རྒྱུའི”རྩ་དོན་ལྟར་མི་རིགས་དང་ཆོས་ལུགས་ལས་དོན་གྱི་ཆབ་སྲིད་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་གོང་འོག་མཉམ་འགུལ་དང་། གཞོགས་འདེགས་དམ་ཟབ། མཉམ་འཛིན་སྤྱི་སྒྲུབ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། 

 ཧྲི་ཧུང་ཀྲེན་དང་། གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཨ་ཁྱུང་།ཝང་ཅིང་། བན་བཀྲ་ཤིས་དོན་འགྲུབ། ལི་ཞང་ཏུང་བཅས་དང་དེ་བཞིན་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།


མཉམ་སྤྱོད།