དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-05 08:46:26   |   271

སྒྲིག་སྒྱུར།   སངས་རྒྱས་སྐྱིད།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7ཚེས4ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་བརྙན་ལམ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང《ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས། མཐུན་སྒྲིལ་མཉམ་ལས་བྱེད་པ་རྒྱུན་འཁྱོངས་དང་། སྔར་བས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་དགོས། 》ཞེས་པའི་གསུང་བཤད་གལ་ཆེན་གནང་།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱིས་མ་འཇོག་སྒོར་དུང་ཕྱུར་ཁྲི1.7བྱས། དུས་མཚུངས་ལས12.55%འཕར་ཡོད།

  • ཉེ་ཆར། སློབ་མའི་གུང་གསེང་རིང་གི་འགན་འཁུར་དངོས་སུ་ཇེ་ཡང་དུ་གཏོང་ཆེད། སློབ་གསོ་པུས་དབྱར་གསེང་གི་སློབ་ཕྱིའི་གསོ་སྦྱོང་གི་བཅོས་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

2.jpg

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ས་ཁུལ་གྱི་འབྲུ་རིགས་ཁེ་ལས་སྣ་ཚོགས་ཀྱིས་ཁྱོན་སྡོམ་གྲོ་རྒྱ་མ་དུང་ཕྱུར500ཙམ་ཉོ་སྒྲུབ་བྱས་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཧོ་པེ་ཁྲིང་ཏེ(河北承德)དང་ཀྲེ་ཅང་ཁྲང་ཞེང(浙江长兴)སོགས་གྲོང་ཁྱེར་དང་རྫོང8ཀྱིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། བྱ་བ་ལ་གྲུབ་འབྲས་མངོན་གསལ་ཐོབ། དེ་བས་གྲོང་ཁྱེར་རེར་སྒོར་ཁྲི2000དང་རྫོང་རེར་སྒོར་ཁྲི1000གི་རྒྱབ་སྐྱོར་བྱ་དགའ་སྤྲད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ4པ་ནས་བཟུང་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་གྱི་ཆ་འཕྲིན་ཁྲི་42ལྷག་ཙམ་གཙང་སེལ་བྱས་པ་དང་། དཀྲོག་གཏམ་སྒྲོག་པ་དང་། དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པའི་དྲ་རྒྱའི་རྩིས་ཐོའི་ཨང་གྲངས་ཁྲི་གཅིག་ལྷག་ཙམ་སྒོ་རྒྱག་པའམ་ཡང་ན་བཀག་འགོག་བྱས་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་དོན། ལོ་ངོ60ཡི་རིང་དུ་རང་རྒྱལ་གྱི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ནད་པ་མི་ཐེངས་དུང་ཕྱུར3ཙམ་ལ་སྨན་བཅོས་བྱས་ཡོད་ཟེར།

  • ཚེས4ཉིན། ཕྱི་འབྲེལ་པུས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཉིང་རྡུལ་བཙོག་ཆུ་མཚོ་ནང་དུ་གཏོང་བའི་ཐད་ཀྱི་སྙན་ཞུ་འཚབ་འཚུབ་ངང་བཏོན་པར་བློ་ཕམ་ཆེན་པོ་བྱུང་ཞེས་བཤད།    

  • ཚེས4ཉིན། ཀྲུང་གོ་དང་ཧུང་ཏུའུ་ལ་སི(洪都拉斯)རང་མོས་ཚོང་དོན་གྲོས་ཆོད་ཀྱི་གྲོས་མོལ་བྱེད་མགོ་ཚུགས།

  • མིག་སྔར། དབྱི་རན(伊朗)གྱིས་འགྲོ་ལུགས་ཁག་དངོས་སུ་ལེགས་པར་སྒྲུབ་ནས་ཧྲང་ཧེའི་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར། ད་ལྟ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་མིའི་རྒྱལ་ཁབ9ལ་འཕར།

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་སྔོན་བརྡ་བཏང་བ་ལྟར་ན། དེ་རིང་། ནང་སོག་དང་། ཧེ་ལུང་ཅང་། ཡུན་ནན་སོགས་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད།

  • ཀྲུང་གོ་དངོས་རྒྱུག་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དྲུག་པའི་དངོས་རྒྱུག་ལས་རིགས་ཀྱི་འཕེལ་ཁའི་སྟོན་གྲངས51.7%ཡིན། ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.2འཕར་ཡོད།

  • ཚེས4ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཧོང་དབྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཧོང་དབྱིས་ལ་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱས།

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛམ་གླིང་གི་ཨང་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་གཉིས་ཀྱིས་རེ་རེ་བཞིན་སྐྱེས་པའི་རྐྱང་རྒྱག་དང་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་བཟུང་ཡོད།

  • གསར་དུ་ལེགས་སྒྲིག་བྱས་པའི《སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ》ཉེ་ཆར་ཁྱབ་བསྒྲགས་བྱས། ཤྭ་ཡེར་མོ་དང་ཧྲོ་ཏེ་སོགས་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་དེའི་ནང་ཐོག་མར་བཅུག་པ་དང་། ཕག་རྒོད་སོགས་མིང་ཐོ་དེ་ལས་ཕྱིར་འཐེན་བྱས།

3.png

  • ཉེ་ཆར། རྒྱལ་སྤྱིའི་ནད་གཡོག་ཚོགས་འདུའི་སྟེང་ལོ94སོན་པའི་ཀྲུང་གོའི་ནད་གཡོག་ཀྲང་ཅིན་ཡོན་ལ2023ལོའི་རྒྱལ་སྤྱིའི་གྲུབ་འབྲས་བྱ་དགའ་ཐོབ། དེ་ནི་ཀྲུང་གོ་བར་བྱ་དགའ་དེ་ཐེངས་དང་པོར་ཐོབ་པ་ཡིན།

4.gif

  • སི་ཁྲོན་ལེང་ཧྲན(凉山)གྱི་བུ་མོ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་ཙ་ན། གྲོང་མི་ལི་ཙི་ཝུན་གྱིས་སྲོག་སྐྱོབ་ཅེས་འབོད་པའི་སྒྲ་ཐོས་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གཙང་པོའི་ནང་དུ་མཆོངས་ཏེ་བུ་མོ་བདེ་བླག་ངང་བསྐྱབས།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་བ་སྟེ། ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མ་མི་རེར་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྒོར1000ཐེངས་གཅིག་གིས་སྤྲོད་རྒྱུ་རེད།

  • ཀུའེ་ཀྲོའུ་ཡིས་བསམ་འཆར་དཔར་འགྲེམ་བྱས་པ་སྟེ། རྫོང་བརྒལ་ནས་ལས་ཀ་ལས་པར་འགྲོ་བ་མ་ཟད། ལས་ཞུགས་བརྟན་པོ་བྱུང་ནས་ཟླ་གསུམ་དང་དེའི་ཡན་འགོར་བའི་དབུལ་སྒྲོལ་མི་འབོར་དང་། ཡུལ་གཞན་དུ་གནས་སྤོས་པའི་ཡུལ་མི། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་བཅས་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྤྲོད་རྒྱུ་རེད།

  • ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ནོར་སྲིད་མ་དངུལ་ནས་བཙུགས་པའི་རྨང་གཞིའི་ཞིབ་འཇུག་ཐེབས་རྩ་དང་ཚན་རྩལ་ཤེས་ལྡན་མི་སྣའི་ལས་གཞིའི་ནང་ན་གཞོན་ཚན་རྩལ་མི་སྣར་རྒྱབ་སྐྱོར་བྱེད་པའི་སྡུར་ཚད་བརྒྱ་ཆ60ལས་མི་དམའ་བ་བྱ་རྒྱུའི་འཆར་འགོད་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན།(吉林) ལེའོ་ཉིང(辽宁)གི་བྱང་རྒྱུད་བཅས་དང་། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་བྱེ་བྲག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།