དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བས་སློབ་སྦྱོང་ཚོགས་འདུ་འཚོགས།

2023-07-05 09:57:10   |   2440

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


༡.jpg

ཟླ7ཚེས4ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་པའི་(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཧྲན་ཏུང་གནས་སྐོར་ལས་རིགས་སློབ་གླིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། གནས་སྐོར་འཆར་འགོད་ཀྱི་ཆེད་མཁས་པ་ཁྲེན་གོ་ཀྲུང་དང་ཧྲན་ཏུང་གནས་སྐོར་ལས་རིགས་སློབ་གླིང་གི་སྒྲིག་ཨུའི་ཧྲུའུ་ཅི། དེ་སྔའི་མགྲོན་ཁང་དོ་དམ་སྡེ་ཁག་གི་ཀྲུའུ་རེན་ཝང་ལི་བཅས་གདན་ཞུ་བྱས་ཏེ་ཆེད་དོན་འཆད་ཁྲིད་བྱས།   

640.jpg

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་པའི་ཁོངས་མི་དག་དང་ཁུལ་ཨུའི་སྡེ་ཚན་ཁག  ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་སློབ་སྦྱོང་ཚོགས་འདུར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲེན་གྱིས་སློབ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་།  

2.jpg

ཁྲེན་གོ་ཀྲུང་གིས“རིག་གནས་དང་གནས་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་གནས་སྐོར་གྱི་རྣམ་པ་བསྒྱུར་ཞིང་ཇེ་ལེགས་སུ་གཏོང་བ་མངོན་འགྱུར་བྱེད་པ”ཞེས་པའི་བརྗོད་གཞི་དང་། ཚབ་མཚོན་ལྡན་པའི་དོན་བྱར་ཟུང་འབྲེལ་སྒོས་མཚོ་བྱང་གི་རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་འཕྲད་པའི་འགག་རྩའི་གནད་དོན་དང་།    མཚོ་བྱང་གི་རིག་གནས་དེ་སྔར་བས་ལེགས་པའི་སྒོ་ནས་གནས་སྐོར་འདྲེན་ཤུགས་སུ་ཇི་ལྟར་བསྒྱུར་བ་དང་།     དུས་རབས་གསར་པའི་འོག་མཚོ་བྱང་གི་རིག་གནས་གནས་སྐོར་ལས་དོན་ཇི་ལྟར་འགག་སྒྲོལ་བྱེད་པ།     འབྱུང་འགྱུར་མཚོ་བྱང་གི་ཤུགས་རྒྱག་ས་གང་ཡིན་པ་སོགས་ལ་རེ་རེ་བཞིན་རྒྱས་བཤད་བྱས་པ་མ་ཟད། རིགས་པའི་གཞུང་ལུགས་དང་སྲིད་ཇུས།    བྱེད་ཐབས། ལག་ལེན་བཅས་ཕྱོགས་མང་པོ་ཞིག་གི་ཐོག་ནས་མཚོ་བྱང་གི་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་རིག་གནས་འཕེལ་རྒྱས་ཀྱི་བླང་བྱ་གསར་པར་དབྱེ་ཞིབ་བྱས་ནས་མཚོ་བྱང་གི་རིག་གནས་གནས་སྐོར་འཕེལ་རྒྱས་ཐད་བསམ་ཕྱོགས་གསར་བ་དང་ཇུས་གཞི་གསར་བ་བཏོན།    

3.jpg

ཝང་ལི་ཡིས“ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མགྲོན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ”ཞེས་པ་བརྗོད་དོན་དུ་བྱས་ཏེ། མི་འབོར་གྱི་གཞི་ཁྱོན་ཆེ་བའི་དེང་རབས་ཅན་དང་མགྲོན་ཁང་ལས་རིགས་ཀྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེགས་ཆ། དམངས་ཡོངས་ཐུན་མོང་ཕྱུག་འགྱུར་བྱེད་པ་དང་མགྲོན་ཁང་ལས་རིགས་ཀྱི་བྱེད་ནུས་ངེས་གནས་སོགས་ཕྱོགས5ཡི་ཐད་ནས་རང་རྒྱལ་གྱི་མགྲོན་ཁང་ལས་རིགས་ཀྱི་མ་འོངས་པའི་འཕེལ་ཕྱོགས་ཐད་གོ་སླ་ཞིང་གཏིང་ཟབ་པའི་འཆད་ཁྲིད་བྱས།

4.jpg

འཆད་ཁྲིད་མཇུག་གྲིལ་རྗེས། ཚོགས་ཞུགས་མི་སྣས་བསྟན་དོན། འཆད་ཁྲིད་ལ་བརྒྱུད་རིམ་ལྡན་ཞིང་གཙོ་གནད་འབུར་དུ་ཐོན་པ། ཆབ་སྲིད་ཀྱི་མཐོ་ཚད་དང་ལག་ལེན་གྱི་མཐུག་ཚད་ཟབ་པ་མ་ཟད། བསམ་བློའི་གཏིང་ཚད་དང་སྔོན་ཐོན་གྱི་འདུ་ཤེས་ཀྱང་ཡོད་པས། མཚོ་བྱང་ཁུལ་གྱིས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རང་འགུལ་ནུས་པ་ཁོང་དུ་ཆུད་པར་བྱེད་པ་དང་། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་ཐོན་ལས་སྟོབས་ཆེར་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་གཏོད་རྒྱུ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ཆེན་པོ་ལྡན།

5.jpg

ཚོགས་འདུས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་གཞིགས་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་རྣམ་པ་དེ་བས་ཆེ་བ་དང་།  མཐོང་རྒྱ་དེ་བས་ཡངས་པ།  ཚད་གཞི་དེ་བས་མཐོ་བའི་སྒོ་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པར་མཐུན་སྡེབ་བྱེད་པ་དང་། ཆབ་སྲིད་ཀྱི་ངོས་ནས་་དམ་འཛིན་དང་སྤྱི་ཡོངས་ལ་མནོ་བསམ་བྱེད་པ། ཁུལ་ཨུའི་བཀོད་སྒྲིག་ཡོད་དོ་ཅོག་ལག་བསྟར་དོན་འཁྱོལ་བྱེད་པ་ནས་མགོ་བརྩམས་ཏེ། རིག་གནས་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ལྟ་བ། བྱེད་ཐབས་ཁ་གསལ་བཟོ་བ་དང་། མཚོ་བྱང་ཁུལ་གྱི་འབུར་དུ་ཐོན་པའི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་དགེ་མཚན། འགྲན་རྩོད་ཀྱི་དགེ་མཚན་དུ་བསྒྱུར་ནས། མཚོ་བྱང་གི་རིག་གནས་གནས་སྐོར་ཐོན་ལས་བདེ་ཐང་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། རྣམ་པ་བསྒྱུར་བ་དང་ཚད་ཐིག་ཇེ་མཐོར་གཏོང་བ་མངོན་འགྱུར་སྒོས་རིག་གནས་གནས་སྐོར་ཐོན་ལས་དེ་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་དང་རྐང་འཛིན་ཐོན་ལས་སུ་འཛུགས་སྐྲུན་བྱེད་དགོས། 

 མགྲོན་ཁང་ལས་རིགས་འཛུགས་སྐྲུན་གྱི་བླང་བྱ་གསར་བར་དམིགས་ནས་ཞབས་ཞུའི་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ་དང་།    རི་དང་ཆུ།    ཡུལ་ལྗོངས་བཅས་ལ་བརྟེན་ནས་གནས་སྐོར་དམངས་སྲོལ་འགྲུལ་ཁང་སྐོར་ཅིག་འཛུགས་སྐྲུན་བྱེད་པ་དང་།  རང་སྐྱོང་ཁུལ་ནང་ཁུལ་གྱི་མགྲོན་ཁང་དང་དམངས་སྲོལ་འགྲུལ་ཁང་གི་ཞབས་ཞུའི་སྣེ་ལེན་ཆུ་ཚད་མཐོ་རུ་བཏང་ནས་གནས་སྐོར་བའི་རིག་གནས་ཉམས་ལེན་ཇེ་དྲག་ཏུ་གཏོང་བ་དང་། ཐུན་མོང་གིས་ཁུལ་ཡོངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང་དང་དམངས་སྲོལ་འགྲུལ་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།      



མཉམ་སྤྱོད།