དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇུ་ལག་རྫོང་གི་ཁྲག་སྦྱིན་ཁང་ལ2023ལོའི་རྒྱལ་ཡོངས་ཀྱི་ཁྲག་སྦྱིན་ཁང་ཡག་ཤོས་ཀྱི་མཚན་སྙན་ཐོབ་འདུག

2023-07-05 17:49:39   |   314

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


2.png

ཉེ་ཆར། ཀྲུང་གོའི་ཁྲག་འདྲེན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱལ་ཡོངས་ཀྱི་ཁྲག་སྦྱིན་ས་ཚིགས་ཡག་ཤོས་དང་ཁྲག་སྦྱིན་ས་ཚིགས་རིག་ནུས་ཅན”གྱི་འདེམ་སྒྲུག་འབྲས་བུ་ཁྱབ་བསྒྲགས་བྱས་པ་ལྟར་ན། མཚོ་བྱང་ཁུལ་ལྟེ་བའི་ཁྲག་ཚིགས་ཀྱི་འཇུ་ལག་རྫོང་ཅིན་ཡོན་འདུ་རའི་ཁྲག་སྦྱིན་ཁང་ལ2023ལོའི་རྒྱལ་ཡོངས་ཀྱི་ཁྲག་སྦྱིན་ཁང་མཛེས་ཤོས”ཀྱི་མཚན་སྙན་ཐོབ་འདུག

1.png

ཉེ་བའི་ལོ་ཤས་རིང་། ཁུལ་གྱི་ལྟེ་བའི་ཁྲག་ཚིགས་ཀྱིས་རིན་མེད་ཁྲག་སྦྱིན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་ལ་འགན་ལེན་བྱེད་པ་དང་། འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། དེ་དང་བསྟུན་ནས་སྒྲིག་བཀོད་དང་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། ཁྲག་མཁོ་འདོན་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁྲག་སྦྱིན་མཁན་ལ་བརྩི་བཀུར་དང་། ཁྲག་སྦྱིན་མཁན་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད། 

3.png

 ཅིན་ཡོན་འདུ་རའི་བརྩེ་བའི་ཁྲག་སྦྱིན་ཁང་སྤྱོད་མགོ་ཚུགས་ཚུན་ཏུ། ཁུལ་ཡོངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཁྲག་སྤྱོད་རྒྱུ་ལ་འགན་ལེན་དང་། ཁྲག་མཁོ་འདོན་བྱ་གཞག་གི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།


མཉམ་སྤྱོད།