དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་ཀྲུང་གོ●མདོ་ལའི་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན་གྱི་མུ་འབྲེལ་བྱེད་སྤེལ་མགོ་བརྩམས།

2023-07-05 21:22:49   |   3500

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


     

2222.jpg

 ཟླ7པའི་ཚེས5ཉིན། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་མདོ་ལའི་རིགས་སོ་སོའི་མང་ཚོགས་ཁྲི5ལྷག་མདོ་ལ་རིང་མོའི་པང་བར་མཉམ་དུ་འཛོམས་ནས2023ལོའི་ཀྲུང་གོ●མདོ་ལའི་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར།   སྒར་འདེབས་ཚོགས་ཆེན་བཅས་གཟབ་རྒྱས་ངང་སྤེལ་མགོ་བརྩམས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མགོ་རྩོམ་མཛད་སྒོར་ཕེབས་ནས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག  ཞིང་ཆེན་ལུས་རྩལ་ཐོན་ལས་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རིན་ཕན་ཅན་ཀྲུང་། དེ་བཞིན་སྤུན་ཟླའི་གྲོང་ཁྱེར་དང་རྫོང་ཆུས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན། འབྲེལ་ཡོད་སྡེ་ཁག་གི་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་མགོ་རྩོམ་མཛད་སྒོར་ཞུགས། 

2~1.jpg

3~1.jpg

མདོ་ལ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རྫོང་གི་ཚན་ཁག་ཆེན་མོ་བཞི་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི5ལྷག་གི་ཚབ་བྱས་ནས་ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན། གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།

2023ལོའི་ཀྲུང་གོ●མདོ་ལའི་སྐྱེ་ཁམས་རིག་གནས་གནས་སྐོར་མུ་འབྲེལ་བྱེད་སྒོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་དགའ་བསུ་ཞུ་བའི་ཆེད་དོན་བྱ་འགུལ་ཡིན་ལ། དེ་ལས་ཀྱང་མདོ་ལ་རྫོང་བཙུགས་ནས་ལོ་འཁོར70རིང་། བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྣ་སོ་སོའི་བྱ་གཞག་ཐད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་དང་རྣམ་པ་གསར་བ་ཚུར་མངོན་བྱས་པ་ཞིག་ཡིན། མདོ་ལ་རྫོང་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ས་ཁུལ་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་བྱེད་པའི་ས་ཁུལ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་བྱས་པའི“བཙན་ས”སྐྲུན་པ་དང“གནས་བཞིའི” ཇུས་གཞི་གཞིར་བཟུང་ནས “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”མཚན་སྙན་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི“243”འཕེལ་རྒྱས་ཀྱི་བཀོད་སྒྲིག “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་བླང་བྱ་དང“ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”དམིགས་ཚད་དུ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། སྔ་རྗེས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ས་ཁུལ་ནང་བདམས་ཐོན་བྱུང་བ་མ་ཟད། བདེ་བླག་ངང་ཁུལ་ཡོངས་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱས་པས་“ལྷ་ཁམས་མདོ་ལའི”སྐད་གྲགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མདོ་ལ་གསར་པའི་འཛུགས་སྐྲུན་བརྟན་བརླིང་ངང་སྔོན་སྐྱོད་བྱེད་ཀྱིན་ཡོད།

4~1.jpg

5~1.jpg

 ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་ཧྲན་ཏན་རྫོང་དང་། སུའུ་ནན་རྫོང་། མིང་ལེ་རྫོང་། ཀན་ཀྲོའུ་ཆུས། ལིན་ཙེ་རྫོང་བཅས་ནས་ཡོང་བའི་མགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་དང་། མཁར་བྱང་ཆུས། རྟ་ཐང་རྫོང་། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་དང་ཕིན་ཨན་ཆུས། མཚོ་ནུབ་ཁུལ་དབུས་ལམ་རྫོང་དང་དུར་ལམ་རྫོང་། ཐེམ་ཆེན་རྫོང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་། རྨ་ལྷོ་ཁུལ་གཅན་ཚ་རྫོང་། མགོ་ལོག་ཁུལ་རྨ་ཆེན་རྫོང་། པད་མ་རྫོང་། གཅིག་སྒྲིལ་རྫོང་། རྨ་སྟོད་རྫོང་། མཚོ་བྱང་ཁུལ་འཇུ་ལག་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་། མཚོ་སྔོན་པོའི་ཞིང་ར་སོགས་ཏང་སྲིད་སྡེ་ཁག་དང་ལས་ཁུངས་ཀྱིས2023ལོའི་ཀྲུང་གོ●མདོ་ལའི་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

       མི་དམངས་དྲ་བ་དང་ཞིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་དྲ་བ། ཀྲུང་གོའི་གསར་འགྱུར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སོགས་གསར་འགྱུར་སྨྱན་སྦྱོར་ལས་རིགས་ཀྱི་གསར་འགོད་པ་དང་། མདོ་ལ་རྫོང་གི་འཐབ་ཕྱོགས་སོ་སོའི་ཆེད་མངགས་གདན་ཞུའི་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་རིག་རྩལ་འཁྲབ་སྟོན་ལ་གཟིགས།


མཉམ་སྤྱོད།