དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-06 08:46:36   |   1886

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7ཚེས4ཉིན་ནན་ཅིང་རྩིས་བཤེར་སློབ་ཆེན་གྱི་རྩིས་བཤེར་ཆེད་ལས་ཀྱི་རྒྱལ་སྤྱིའི་རབ་འབྱམས་འཛིན་གྲྭའི་ཕྱི་འགྲིམ་སློབ་མར་འཕྲིན་ལན་སྤྲིངས་ཏེ། ཁོ་ཚོས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་དང་ལེགས་སྐྱེས་འབུལ་བར་བརྩོན་དགོས་པའི་སྐུལ་མ་གནང་།

  • ཚེས5ཉིན། སློབ་གསོ་པུས2022ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྡོམ་རྩིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་སྟེ། སྤྱི་བསྒྲགས་ལྟར་ན། རྒྱལ་ཡོངས་སུ་རིམ་པ་མི་འདྲ་བ་དང་སྦྱངས་རབས་སློབ་གསོ་མི་འདྲ་བའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དུང་ཕྱུར2.93ཡོད།

  • ཚེས5ཉིན། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་མ་དངུལ་སྒོར་དུང་ཕྱུར3.2བཏང་སྟེ། ཁྲུང་ཆིང་དང་སི་ཁྲོན་སོགས་ས་ཁུལ་16གིས་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

    1.jpg

  • ཚེས3ཉིན་ནས་བཟུང་། ཁྲུང་ཆིང་གི་ས་ཆ་མང་པོར་དྲག་ཆར་བབས། ཚེས5ཉིན་གྱི་ཆུ་ཚོད7པའི་བར་དྲག་ཆར་བབས་ནས་མི15རྐྱེན་ལམ་དུ་ཤོར་བ་དང་། མི4གར་སོང་ཆ་མེད་དུ་གྱུར། མི་ཁྲི13ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད།

  • བྱང་སྐར་སྤུན་བདུན་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གནས་ཚུལ་ལྟར་ན། མིག་སྔའི་བར་དུ་བྱང་སྐར་སྤུན་བདུན་མ་ལག་གིས་རྒྱལ་ཁབ་དང་ས་ཁུལ200ལྷག་ཙམ་གྱི་སྤྱོད་མཁན་ལ་ཞབས་འདེགས་ཞུས་ཡོད།

    2.jpg

  • ཨ་རིས་ཨ་སྒོར་དུང་ཕྱུར4.4ཡི་དམག་ཆས་ཐེ་ཝན་ལ་ཕྱིར་འཚོང་བྱ་རྒྱུའི་ཆོག་མཆན་སྤྲད། རང་རྒྱལ་གྱི་རྒྱལ་སྲུང་པུས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཐེ་ཝན་ས་ཁུལ་ལ་མཚོན་ཆ་ཕྱིར་འཚོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨ་རི་ཕྱོགས་ལ་གཟབ་ནན་གྱིས་དངོས་སུ་ངོ་རྒོལ་བྱས་པ་ཡིན་ཞེས་ལན་སློག

  • ཚེས5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ནན་གྱིས་བསྟན་དོན། ལས་ཁུངས་ཀྱི་སྙན་ཞུ་དེ་ཉི་ཧོང(日本)ཕྱོགས་ཀྱིས་བཙོག་ཆུ་མཚོ་ནང་དུ་གཏོང་བའི“སྲུང་རྟགས”དང“འགྲོ་འཐུས་ལག་ཁྱེར”རུ་འགྱུར་མི་རུང་བ་དང་། ཉི་ཧོང་ཕྱོགས་གྱིས་ཉིང་རྡུལ་བཙོག་ཆུ་བཙན་གྱིས་ཕྱིར་འབུད་གཏོང་བའི་འཆར་གཞི་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

  • ས་གནས་དེ་གའི་ཚེས4ཉིན། ལེ་པ་ནོན(黎巴嫩)དུ་སྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག21པའི་དཔོན་དམག410ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་གཟེངས་རྟགས”ཐོབ།

    སྤྱི་ཚོགས།

    3.jpg

  • ཧྭ་བྱང་དང་ཧོང་ཧེ(黄淮)སོགས་ས་ཁུལ་དུ་རྒྱུན་མཐུད་ངང་དྲོད་ཚད་མཐོ་བའི་གནམ་གཤིས་འདུག་པ་དང་། ས་ཆ་མང་པོའི་དྲོད་ཚད་མཐོ་ཤོས40℃ལས་བརྒལ་ཡོད།  ཚེས5ཉིན། པེ་ཅིང་གྲོང་ཁྱེར་རིག་གནས་གནས་སྐོར་ཅུ་ཡིས་གནས་སྐོར་ཚོགས་པར་ཕྱི་རོལ་དུ་གནས་སྐོར་དུ་འགྲོ་བར་དྲོད་ཚད་མཐོ་བའི་དུས་མཚམས་ལས་གཡོལ་དགོས་པ་དང་། དགོས་ངེས་སྐབས་འགྲུལ་བཞུད་བསྒྱུར་ཆོག་པའི་གྲོས་མགོ་བཏོན།

    4.jpg

  • ཚེས5ཉིན། ཀྲུང་གོའི་སྐྱེས་མའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འཛམ་གླིང་བུམ་པའི་འགྲན་སྡུར་ལ་ཞུགས་པའི་མི23གྱི་མིང་ཐོ་ཁྱབ་བསྒྲགས་བྱས། ཚེས7ཉིན། སྤོ་ལོའི་རུ་ཁག་ཀོང་ཀྲོའུ་ནས་ལམ་ལ་ཆས་ཏེ2023ལོའི་སྐྱེས་མའི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་སྡུར་ལ་བསྐྱོད་རྒྱུ་རེད།

  • ཉིན་ཤས་སྔོན་དུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བདག་སྐྱོང་བྱས་པ་བརྒྱུད། ཧྥུ་ཅན་ཞིང་ཆེན་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་དེ་སྔའི་འཕྲལ་སྡོམ་དོ་དམ་པུའི་མེ་གསོད་རོགས་སྐྱོབ་ཅུའི་ཏང་ཨུའི་ཨུ་ཡོན་གྱི་ཅུས་ཀྲང་གཞོན་པ་ཀྲང་ཧྥུ་ཧྲེང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གསར་གཏོད་སྨན་རྫས24དང་གསར་གཏོད་སྨན་བཅོས་ཡོ་བྱད28ལ་ཁྲོམ་འགྲེལ་ཆོག་མཆན་ཐོབ།

  • ད་ལོའི་ཟླ་ལྔ་པའི་བར་རང་རྒྱལ་ལIPv6སྤྱོད་མཁན་འཁྲུག་པོ་དུང་ཕྱུར7.63ཡོད་པ་དང་། སྤྱོད་མཁན་གྱི་སྡུར་ཚད་71.51%ཟིན། སྤྱོད་མཁན་གྱི་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

    5.jpg

  • ཉེ་ཆར། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཐང་རྒོ་དང་། ཁྲུང་ཁྲུང་མགོ་ཁྲ། ཆུ་སྐྱར་མགོ་སྨུག་སོགས་རི་སྐྱེས་སྲོག་ཆགས་རྒྱུད་སྤེལ་བྱེད་པའི་དུས་སུ་སླེབས་ཡོད།

  • ཧུའུ་པེ་ཅིང་ཀྲོའུ(湖北荆州)ཡི་སློབ་མ་ཞིག་གི་མཐོ་རྒྱུགས་ཀྱི་རེ་འདུན་མི་གཞན་གྱིས་གཡོ་བཅོས་བྱས་པ་དང་། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཚེས5ཉིན་བརྡ་ཁྱབ་བཏང་སྟེ། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཞང་ག་གེ་མོ་སྲིད་འཛིན་བཀག་ཉར་བྱས། གནོད་འཚེ་ཕོག་མཁན་གྱིས་རེ་འདུན་བསྐྱར་དུ་བསྐངས།

  • ཧྥུ་ཅན་ནན་ཕིང(福建南平)གི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་མཚམས་བརྒལ་བའི་དྲ་རྒྱའི་རྒྱན་འཛུགས་ཚོགས་པ་ཆེན་པོ་ཞིག་མེད་པར་བཟོས་ཏེ། ཉེས་གསོག་དོགས་ཅན46འཛིན་བཟུང་བྱས་པ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་ཞིབ་བཤེར་བཀག་ཉར་བྱས།

    སྲིད་ཇུས།

  • ཧྲང་ཧེ་ཡིས་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ་སྟེ།“སྔོ་ཚལ་དང་ཞོར་ཟས”ཀྱི་མཁོ་སྤྲོད་འགན་ལེན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། སྤྱི་པའི་ས་ཁོངས་ངེས་ཅན་ཞིག་གཏན་འཁེལ་བྱས་ནས་ཐང་བཤམས་ཚོང་གཉེར་བྱེད་པར་སྤྱོད་དགོས་པ་ཁ་གསལ་བཏོན།

  • ཡུན་ནན་གྱིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། གནས་མཁོ་འདོན་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཚད་ལྡན་ཅན་གྱི་སྡེ་ཁུལ་གྱི་རྒན་པའི་དགའ་ཚལ་ཟ་ཁང་ཁག་ཅིག་བསྐྲུན་རྒྱུ་རེད།

  • ཀོང་ཀྲོའུ་ཡི་བརྡ་ཐོ་བཏང་བ་སྟེ། གྲོང་མིའི་ཁང་པ་བོགས་མར་གཏོང་སྐབས། བོགས་མར་གཏོང་མཁན་གྱིས་སྲིད་གཞུང་གི་གཏན་འབེབས་གཞིར་བཟུང་ཁང་བ་གླ་མཁན་གྱི་ལག་ནས་ཆུ་རིན་གློག་རིན་བསྡུ་བ་ལས་རང་དགར་རིན་གོང་སྤར་མི་ཆོག་ཅེས་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

    6.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད་དང་ཤར་རྒྱུད། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ཧྲང་ཧེ་དང་ཨན་ཧུའེ་ཡི་དབུས་རྒྱུད། ཧུའུ་པེའི་ས་ཆ་མང་ཆེ་བ། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་བྱེ་བྲག་ཁག་ཅིག་ལ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།