དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཞང་ཏུང་གིས་སྐབས22པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་མཚོ་བྱང་འགྲན་ཁུལ་གྱི་སྟ་གོན་གནས་ཚུལ་ལ་རྟོག་ཞིབ་གནང་།

2023-07-06 16:03:20   |   3433

སྒྲིག་སྒྱུར། སངས་རྒྱས་སྐྱིད།  ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ7ཚེས4ནས་ཚེས5ཉིན་བར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། ཁུལ་སྤྱི་བདེ་ཅུ་ཡི་ཅུ་ཀྲང་། མཚོ་བྱང་འགྲན་ཁུལ་ལས་དོན་གྱི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལི་ཞང་ཏུང་གིས་རུ་སྣེ་ཁྲིད་དེ་འཇུ་ལག་དང་། མདོ་ལ། རྐང་ཚ་སོགས་སུ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་སྟ་གོན་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་། 

1~1.jpg

2~1.jpg

ལི་ཞང་ཏུང་དང་བཅས་པ་ཡུལ་དངོས་སུ་ཕེབས་ཏེ་འགྲན་ཁུལ་ཁག་གི་ལམ་ཐིག་ལ་རྟོག་ཞིབ་བྱས་པ་དང་། ས་གནས་ཁག་གི་སྟ་གོན་གནས་ཚུལ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས། འབྲེལ་ཡོད་སྔོན་བཀོད་ཇུས་གཞི་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཤིང་བླང་བྱ་བཏོན། གཅིག་ནི་བསམ་བློའི་ཐོག་ནས་དོགས་ཟོན་ཆེན་པོ་བྱེད་དགོས་པ་ལས་སྟེས་དབང་བསམ་བློ་ཉག་ཙམ་ཡོད་མི་རུང་། “བདེ་འཇགས་ཨང་དང་པོ་ཡིན་པའི”བསམ་བློ་ཡིད་ལ་བརྟན་པོར་འཇགས་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཞིང་ཆེན་དང་ཁུལ་ཨུ། སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་རྦད་དེ་དོར་བ་དང་། འགྲན་སྡུར་གྱི་བདེ་འཇགས་ལས་དོན་གྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ཆེན་དང་ཁུལ་གྱི་བདེ་འཇགས་དོགས་ཟོན་ལས་དོན་གྱི་ཞིབ་ཕྲའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། བདེ་འཇགས་བྱ་ཐབས་དེ་འགྲན་སྡུར་དང་། འགྲོ་འདུག ཞག་སྡོད། འཕྲོད་བསྟེན། གླེང་ཕྱོགས་དྲིལ་སྒྲོག་སོགས་ཀྱི་ལྷུ་ཚིགས་ཁག་ཏུ་ཏན་ཏིག་གིས་དོན་འཁྱོལ་བྱས་ཏེ་བྱ་བར་ནོར་འཛོལ་མེད་པ་བྱེད་དགོས། གཉིས་ནི་ལས་འགན་རེ་རེ་བཞིན་རྩིས་བཤེར་བྱས་ཏེ་འཐུས་ཤོར་སྤུ་ཙམ་མེད་པ་བྱེད་དགོས། ལས་འགན་གྱི་ལས་བགོས་དང་། གཙོ་གནད་ལས་འགན་དང་། འགག་རྩའི་ལྷུ་ཚིགས། གཙོ་གནད་ཁྱབ་ཁོངས་བཅས་ལ་དམ་འཛིན་གྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། འགྲན་ཁུལ་དང་། མགྲོན་ཁང་།བཟའ་བཅའི་བདེ་འཇགས། གློག་ཤུགས་མེ་ཟོན་སོགས་ཐད་ཀྱི་བདེ་འཇགས་ཀྱི་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། དུས་ཐོག་ཏུ་བཅོས་སྒྲིག་བྱས་ནས་སྟ་གོན་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་ནན་བཤད་གནང་། དེ་དང་ཆབས་ཅིག  དུས་དང་རྣམ་པ་ཀུན་ཏུ་ཆར་པ་དང་གནོད་འཚེའི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ། ཆ་འཕྲིན་ཤར་གཏོང་ཐུབ་པ། ཞིབ་འཇུག་དང་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། སྔོན་ཟོན་དང་སྔོན་ནས་གྲ་སྒྲིག་བྱེད་པ། ཧུར་ཐག་གིས་ཐག་གཅོད་པ་བཅས་བྱས་ཏེ། གནམ་གཤིས་ཀྱི་འགྱུར་བ་ལ་ཁ་གཏད་པའི་ཐག་གཅོད་ལས་དོན་ཡག་པོར་སྒྲུབ་དགོས། གསུམ་ནི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། “སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་དགོས་པའི”རྩ་དོན་ལྟར་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་། རིམ་པ་ལྟར་འགན་འཁྲི་དོན་འཁྱོལ་བྱེད་པ། བཞི་ནི་ཀུན་སློང་ལེགས་པོས་ཞབས་ཞུ་སྒྲུབ་པ་ལས་དམ་ལྷོད་མེད་པ་བྱེད་དགོས།

མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་འགྲན་སྡུར་གལ་ཆེན་ཞིག་ཡིན་པའི་ངོས་ནས་ས་ཁུལ་ཞིག་གི་སྣང་བརྙན་བཟང་པོ་མངོན་པ་དང་། ས་ཁུལ་ཞིག་གི་སྐད་གྲགས་ཆོད་ཚད་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་གཞི་མཐོ་བ་དང་རེ་བ་མཐོན་པོ་བཏོན་ནས་འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པར་ཞབས་འདེགས་ཞུ་བ་དང་། རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་སྟེགས་བུ་བརྒྱུད་ནས་མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་མགྲོན་པོ་སྣེ་ལེན་ཞུ་ཚུལ་དང་། རང་བྱུང་གི་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཕྱི་ལ་ངོམ་དགོས་ཞེས་བསྟན།

3~1.jpg

22~1.jpg

4~1.jpg

རྫོང་སྲིད་གཞུང་ཁག་གི་ལས་བགོས་འགན་འཁུར་བློ་མཐུན་དང་། ཁུལ་སྤྱི་བདེ་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།


མཉམ་སྤྱོད།