དེ་རིང་ནི2025ལོའི་ཟླ01པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པ་གཟབ་རྒྱས་ངང་འགྲན་མགོ་བརྩམས།

2023-07-08 13:01:24   |   241

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། 2023ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་འགྲན་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ལིས་དབྱིན་ཁྲོན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྩོམ་སྒྲིག་བྱ་བའི་གྲོས་ཚོགས་ཀྱི་ཁོངས་མི་ཞུའེ་ཅི་ཅུན་བཅས་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན། ཝང་ཝེ་ཏུང་། ཀྲུའུ་ཞང་ཧྥིན། ཝང་ཧའེ་ཧུང་། རྣམ་རྒྱལ་བཅས་མགོ་རྩོམ་མཛད་སྒོར་ཞུགས།

ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་འབུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། སྐུ་མགྲོན་དང་རྩལ་འཁྲིད་པ། ལུས་རྩལ་པ། ཤན་འབྱེད་པ། གསར་འགྱུར་ལས་རིགས་བཅས་ཀྱི་གྲོགས་པོ་ཚོར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤྱི་ཚོགས་ལས་རིགས་བཅས་ཀྱིས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ངོ་ཉེར་གཉིས་རིང་ལ། འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཡིན་པའི་ཆ་ནས། མཚོ་སྐོར་འགྲན་བསྡུར་གྱིས་ནམ་ཡང་ལྗང་མདོག་དང་མི་གཞུང་། འཆམ་མཐུན། མྱོང་ཚོར་གྱི་བརྗོད་དོན་རྒྱུན་འཁྱོངས་བྱས་པ་དང་། སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་ལྡན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཤིང་། ལུས་རྩལ་འགྲན་བསྡུར་དང་སྐྱེ་ཁམས་སྲུང་སྐྱོབ། རིག་གནས་གནས་སྐོར། བརྗེ་རེས་མཉམ་ལས་བཅས་ཐད་ཀྱི་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་འཕྲོད་པར་བྱས་པ་དང་། འཛམ་གླིང་གི་མི་ཡོངས་ལ་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་འཕེལ་རྒྱས་ཀྱི་མཛེས་སྡུག མི་གཞུང་གི་མཛེས་སྡུག་མངོན་པར་བྱས་ལ། ལུས་རྩལ་རྩལ་འགྲན་གྱི་མཆོང་བརྒལ་བྱེད་ཕོད་པའི་རིན་ཐང་གི་འཚོལ་སྙེག་བརྒྱུད་སྒྲོག་བྱས་ནས། མཐོ་ཚད་གསར་བར་བསྒྲུབས་པ་དང་གོ་དོན་གསར་བ་བསྩལ། ད་ལྟའི་མཚོ་སྔོན་གྱི་རི་ལྗང་ཞིང་ཆུ་དྭངས་པ་དང་ནམ་མཁའ་སྔོ་ལ། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་བརྟན་ཞིང་ཆུ་འཛོམས་པོ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མཚེའུ་ཁྲིའི་མཛེས་ལྗོངས་མངོན་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། ཐཱན་རྩེར་སོན་དེ་སའི་གོ་ལའི་སྣེ་གསུམ་པ་ནས་སྔོན་དུ་ཚོད་ལྟ་བྱས་ལ། ཁུ་ནུ་རི་བོ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འགྱུར་བཞིན་ཡོད། ད་ལྟའི་མཚོ་སྔོན་གྱི་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་རྒྱུན་མ་ཆད་པར་བསྒྱུར་བཞིན་ཡོད་པ་དང་། ལྗང་མདོག་ཐཱན་དམའ་འཁོར་རྒྱུག་འཕེལ་རྒྱས་ཐད་ནས་སྔར་ལས་གསོན་ཤུགས་ལྡན་ལ། ཚྭ་མཚོའི་ཐོན་ཁུངས་དེ་གློག་ཁུངས་དང་གློག་དྲ། ཐེག་རྩོལ། ནུས་གསོག་གཞི་གཅིག་ཅན་གྱི་དུས་རིམ་གསར་བར་སླེབས་པ་དང་། ལྗང་མདོག་སྐྱེ་ལྡན་ཚོང་རྟགས་རྒྱལ་ཁབ་ཕྱི་ནང་ཡོངས་ལ་གྲགས་ཡོད་ཅིང་། བསམ་འདུན་ནི་ལས་དར་བྱེད་པ་དང་། མིག་གིས་མཐོང་བ་ནི་སྙན་ངག་དང་རྒྱང་རིང་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངར་ཤུགས་ཧ་ཅང་ཆེ། ད་ལྟའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱས་པ་ཧ་ཅང་བཟང་བ་དང་། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད་ལ། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་ཐོན་ཡིན་པ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བའི་དམིགས་འབེན་ཕྱོགས་ནས་དཔའ་སྐྱེད་མདུན་སྐྱོད་བྱེད་ཀྱིན་ཡོད། ཚང་མས་ལྗང་མདོག་ཐཱན་དམའི་འགུལ་སྐྱོད་ཁྲོད། ལྕགས་རྟའི་མགྱོགས་ཚད་དང་ངར་སེམས་ཉམས་སུ་མྱོང་བ་དང་། མཚོ་སྔོན་གྱི་རི་ཀླུང་གི་རྔམ་བརྗིད་དང་མཛེས་སྡུག་ཉམས་སུ་མྱོང་བ། འགྲན་བསྡུར་འདྲེན་བྱེད་དུ་བྱས་ནས། ལྗང་མདོག་བརྒྱུད་སྒྲོག་དང་བདེ་ཐང་དར་སྤེལ། བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། 

ལིས་དབྱིན་ཁྲོན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོའི་ཆེས་ཤན་ཤུགས་ལྡན་པའི་ལྕགས་རྟའི་ཚོང་རྟགས་འགྲན་བསྡུར་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ལོ་ཉེར་གཅིག་བརྒྱུད་དེ། འཛམ་གླིང་མིག་རྒྱ་དང་རྒྱལ་སྤྱིའི་ཚད་གཞི། རྒྱལ་ནང་རྩེ་གྲས་སུ་སོན་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཚོང་རྟགས་འགྲན་བསྡུར་དང་། དུས་རབས་གསར་བ་དང་མཚོ་སྔོན་གསར་བ། སྣང་བརྙན་གསར་བ་འགྲེམ་སྟོན་བྱེད་པའི་མིང་བྱང་། ལུས་རྩལ་གྱི་སྙིང་སྟོབས་དང་མཚོ་སྔོན་སྣང་བརྙན་མངོན་པའི་སྒེའུ་ཁུང་དུ་གྱུར་ཡོད། ད་ལོ་ནི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ལས་རིགས་མ་ལག་གི་འགྲན་བསྡུར་དུ་བསྒྱུར་རྗེས་ཀྱི་སྐབས་ཐོག་མ་ཡིན་པ་དང་། དེའི་སྐབས་སྔོན་མ་དག་དང་བསྡུར་ན། ད་ལོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ལ་སྔར་ལས་ཁྱད་ཆོས་ལྡན་པ་དང་སྔར་ལས་འགྲན་རྩོད། སྔར་ལས་གསོན་ཤུགས་ལྡན། ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་སྔར་ལས་མང་པོ་ཀྲུང་གོར་ཡོང་བ་དང་ཀྲུང་གོར་རྒྱུས་ལོན་བྱེད་ཐུབ་པར་བྱེད་དགོས། འགྲན་ཞུགས་ལུས་རྩལ་མི་སྣ་དང་འཁྲབ་ཁྲིད་པ་ཚང་མས། འགྲན་རའི་ཕྱི་ནང་ནས་ཀྲུང་གོའི་གཏམ་རྒྱུད་ལ་ཉན་པ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པ། རབ་མཛེས་མཚོ་སྔོན་ཉམས་སུ་མྱོང་རྒྱུའི་རེ་བ་བཅངས་ཡོད། 

མགོ་རྩོམ་མཛད་སྒོའི་སྟེང་། རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ.ལ་ཕ་ཏེ་ཨན་གྱིས་ཕུལ་བའི་ཤིས་ཚིག་སྒྲོག་འདོན་བྱས།


མཉམ་སྤྱོད།