དེ་རིང་ནི2025ལོའི་ཟླ01པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་དང་མཚོ་བྱང་གི་གནས་སྐོར་བརྗེ་རེས་བྱ་འགུལ་ཏེ། “མི་འབུམ་གཉིས་མཚོ་བྱང་དུ་གནས་སྐོར་དུ་འགྲོ་བའི”ཕྲེང་བསྟར་བྱ་འགུལ་སྤེལ་མགོ་བརྩམས།

2023-07-11 11:07:04   |   1335

སྒྲིག་སྒྱུར།  སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

ཟླ7ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་གནང་བ་དང་། ཀྲུང་གུང་འཇུ་ལག་རྫོང་ཨུ་དང་། འཇུ་ལག་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་རིག་ལུས་གནས་སྐོར་གློག་བརྙན་ཅུ་བཅས་ཀྱིས་འགན་སྒྲུབ་གནང་བའི་ཧྲན་ཏུང་གི་མཚོ་སྐྱོར་རྣམ་གྲངས་ཏེ། 2023ལོའི“རི་ཆུ་བརྒལ་ནས་མགོ་ཁུངས་འཚོལ། རྨ་ཆུ་དེད་ནས་མཚོ་མོར་འཕྲད།” ཅེས་པའི་མཚོ་སྔོན་དང་ཧྲན་ཏུང་ཕན་ཚུན་གནས་སྐོར་དུ་འགྲོ་བ་དང་། ཕན་ཚུན་བརྗེ་རེས་བྱེད་པའི་བྱ་འགུལ་ཏེ། “མི་འབུམ་གཉིས་མཚོ་བྱང་དུ་གནས་སྐོར་དུ་འགྲོ་བའི”ཕྲེང་བསྟར་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་འཇུ་ལག་རྫོང་མེ་ལྷ་གངས་དཀར་གྱི་འདབ་ནས་ཚོགས།

2.png

མཚོ་བྱང་གི་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་དབྱིན་པང་། ཧྲན་ཏུང་ཞིང་ཆེན་གྱི་རིག་གནས་དང་གནས་སྐོར་ཐིང་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའམ་རིམ་པ་གསུམ་པའི་རྟོག་ཞིབ་པ་པི་ཧེ་ཡན། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞིག་ཙུང་། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཞུས་ཀྲེན། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲེང་ཆིང་སོགས་བྱེད་སྒོར་ཞུགས། མགོ་རྩོམ་མཛད་སྒོ་དེ་ཧྲན་ཏུང་ཞིང་ཆེན་གྱི་སྲིད་གཞུང་གི་དྲུང་ཆེ་གཞོན་པའམ་ཧྲན་ཏུང་གི་རེབ་སྐོར་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་གཙོ་སྐྱོང་གནང། ཧྲན་ཏུང་ཞིང་ཆེན་གྱི་ཝེ་ཧེ་དང་། ལིན་དབྱི། ལེའོ་ཁྲེང་། པིན་ཀྲོའུ་བཅས་མཚོ་སྐྱོར་གྲོང་ཁྱེར་བཞིའི་རིག་གནས་གནས་སྐོར་སྡེ་ཁག་དང་། གཙོ་གནད་རིག་གནས་གནས་སྐོར་ཁེ་ལས། ཀན་སུའུ་འབྲོང་ཡུལ་གྲོང་ཁྱེར་དང་། ཅིན་ཁྲང་གྲོང་ཁྱེར། ཞིང་ཆེན་ནང་ཁུལ་གྱི་མཚོ་ཤར་གྲོང་ཁྱེར་བཅས་ཀྱི་རིག་གནས་གནས་སྐོར་སྡེ་ཁག ཁུལ་ནང་ཁུལ་གྱི་རྫོང་བཞིའི་རིག་གནས་གནས་སྐོར་སྡེ་ཁག་དང་། གཙོ་གནད་རིག་གནས་གནས་སྐོར་ཁེ་ལས་ཀྱི་འཐུས་མི། དེ་བཞིན་འཇུ་ལག་རྫོང་གི་ལས་བྱེད་མང་ཚོགས་བཅས་ཁྱོན་སྡོམ་མི400ལྷག་ཙམ་བྱེད་སྒོར་ཞུགས། 

ད་ཐེངས་ཀྱི་བྱེད་སྒོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་ཞིག་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་གཏོད་པ་དང་། ཧྲན་ཏུང་དང་མཚོ་བྱང་ས་ཁུལ་གཉིས་བར་གྱི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་རྒྱུན་མཐུད་སྲ་བརྟན་དུ་གཏོང་བའི་བྱེ་བྲག་གི་བྱེད་སྒོ་ཞིག་ཡིན་ལ།  མཚོ་བྱང་དང་ཧྲན་ཏུང་གི་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་དང་། རང་བྱུང་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ “མགྲོན་བསུ་ལ་དགའ་བའི་ཧྲན་ཏུང”གིས“དག་སྣང་མཚོ་བྱང”དང་ལག་རྡང་སྦྲེལ་བའི་ཞིབ་ཕྲའི་ལག་ལེན་ཡིན།

7.jpg

ཤ་བོ་སྐྱབས་ཀྱིས་རྒྱལ་ཡོངས་སྨྱན་སྦྱོར་མནའ་འབྲེལ་ལ“ལམ་ལ་ཆས། མཚོ་བྱང་ཁུལ།”ཞེས་པའི་དར་ཆ་སྤྲད་པ་དང་། ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་གཙོ་གནད་རིག་གནས་གནས་སྐོར་ཁེ་ལས18འབྲེལ་མཐུད་བྱས། བྱེད་སྒོའི་ནང་ད་དུང་ཧྲན་ཏུང་དང་། ཀྲེ་ཅང་། ཐེན་ཅིན་སོགས་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀན་སུའུ། སི་ཁྲོན། ཉིང་ཞ་སོགས་ཉེ་འཁོར་གྱི་འགྲུལ་ཁུངས་ས་གནས་ཀྱི་རང་གིས་རླངས་འཁོར་སྐོར་ནས་གནས་སྐོར་དུ་འགྲོ་བར་དགའ་བའི་མི་དང་། ཁང་འཁོར་དང་། བྱེས་བགྲོད་རླངས་འཁོར་སོགས་མགོ་རྩོམ་མཛད་སྒོར་ཞུགས། ཧྲན་ཏུང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། སི་ཁྲོན་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་གྱི་དཔལ་འབྱོར་འཚོ་བའི་འཕྲིན་ལམ་སོགས་རྒྱལ་ཡོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཉི་ཤུ་ལྷག་ཙམ་མཚོ་བྱང་དུ་འཛོམས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཚོགས་འདུ་གཟབ་རྒྱས་འདིར་ཞུགས། གཙོ་རྒྱུན་སྨྱན་སྦྱོར་དང་རང་མོས་སྨྱན་སྦྱོར་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཡོངས་མི་དམངས་ལ་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རིག་གནས་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་བྱས། སྨྱན་སྦྱོར་མནའ་འབྲེལ་གྱིས་ད་དུང་གསེར་མདོག་གི་འཇུ་ལག་དང་། ལྷ་ཁམས་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི་སོགས་སུ་བསྐྱོད་དེ་པར་རིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་སྐད་ཅིག་མ་ཟིན་ཐོར་བཀོད་པ་དང་། བརྙན་ལམལ་བརྟེན་ནས་བརྩེ་སེམས་བརྒྱུད་སྤྲོད་བྱས་ཤིང་། ཟུར་ཚད་མང་པོའི་ཐོག་ནས་མཚོ་བྱང་གི་མཛེས་ལྗོངས་དྲིལ་སྒྲོག་དང་འོས་སྦྱོར་བྱས།

མཚོ་སྔོན་མགོ་ཁུངས་ཡིན་ལ། མཐའ་མར་ཧྲན་ཧུང་ནས་རྒྱ་མཚོར་འབབ་པའི་རྨ་ཆུ་ཡིས་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་བར་ལ་བརྩེ་བའི་ཟམ་པ་བསྐྲུན་ཡོད། ཞིང་ཆེན་གཉིས་ཀྱིས་རོགས་སྐྱོར་མཉམ་ལས་ཁྲོད་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་སྟེ། ལེགས་ཆ་གསབ་རེས་ཁྲོད་གོ་སྐབས་དམ་འཛིན་བྱེད་ངེས་ཡིན།


མཉམ་སྤྱོད།