དེ་རིང་ནི2025ལོའི་ཟླ01པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-11 08:49:08   |   3212

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1~1.jpg

  • ཟླ7ཚེས10ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སུའོ་ལུའོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལུའེ་དང་མཇལ་འཛོམས་གནང་།  

    2~1.jpg

  • ཟླ7ཚེས10ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐེ་ཝུའེ་ཡན་ཁོའོ་དང་མཇལ་འཛོམས་གནང་།  

  • ཟླ7ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་མཉམ་སྤྱོད་འཕེལ་རྒྱས་ཀྱི་བྱ་སྤྱོད་གླེང་སྟེགས་ཀྱི་མཐོ་རིམ་ཚོགས་འདུ་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།  

  • ཟླ7ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲ་ཕུའུ་ཁ་ཐེ་·སྨིར་ཅི་ཡུའེ་ཡེ་ཧྥུ་ལ་གློག་འཕྲིན་བཏང་ནས་ཁོང་ཨུ་ཟ་བྷེ་ཁི་སི་ཐན(乌兹别克斯坦)གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།  

  • ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བརྡ་ཐོ་བཏང་བ་ལྟར་ན། དངུལ་རྩས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་འབྲེལ་ཡོད་སྲིད་ཇུས་ཀྱི་དུས་ཚད་དེ2024ལོའི་ཟླ་12ཚེས31ཉིན་བར་རིང་དུ་བཏང་ཡོད།  

  • ཚེས10ཉིན་ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཟླ6པར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.1ཡིན་པ་དེ་ཟླ་བ་གོང་མ་ལས0.2འཕར་ནས། ཟླ་བ་གསུམ་ལ་བསྟུད་མར་ཆག་པའི་རྣམ་པ་མཇུག་སྒྲིལ་ཡོད།  

  • ཚེས10ཉིན་རང་བྱུང་ཐོན་ཁུངས་པུས་ས་གནས་ཁག་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྡོད་ཁང་དང་ས་ཆ་གཞི་གཅིག་གི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་རྒྱུར་སྐུལ་འདེད་བཏང་སྟེ། གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱས་པ་བརྒྱུད་ཁྲིམས་འགལ་ངང་ས་ཆ་སྤྱོད་པ་ཁྲིམས་མཐུན་ཅན་དུ་འགྱུར་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཚེས10ཉིན་འགག་གསུམ་ཆུ་གློག་ས་ཚིགས་ཀྱིས་འཕྲུལ་ཚན་དང་པོས་གློག་བཏང་ནས་ལོ20འཁོར་ཡོད།  ལོ20ཡི་རིང་འགག་གསུམ་ཆུ་གློག་ས་ཚིགས་ཀྱིས་རིམ་རྩིས་བྱས་ན། དྭངས་གཙང་གློག་ནུས་ཆུ་ཚོད་སྟོང་ཝ་དུང་ཕྱུར1600ལྷག་བཏང་ཡོད།  

    3~1.jpg

  • འཛམ་གླིང་གི་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་ཉིན་ཤས་གོང་ཧོང་གོ་ཧྲུའུ་མཛེས་ལྗོངས་གྲགས་ཅན་ཁུལ་སོགས་ཀྲུང་གོའི་རང་བྱུང་སྲུང་སྐྱོང་ཁུལ13ལ“འཛམ་གླིང་གི་རང་བྱུང་སྲུང་སྐྱོང་ཁུལ་ཆེས་ཡག་ཤོས”ཀྱི་མཚན་སྙན་སྤྲད་ཡོད།  

སྤྱི་ཚོགས།

  • དེ་རིང་ནས་བཟུང་རྒྱལ་ཡོངས་དངོས་སུ་ཚ་བ་ཆེ་བའི་མགོ་ཚུགས་པ་རེད།  ད་ལོའི་ཚ་བ་ཆེ་བའི་གནམ་གཤིས་བསྟུན་མར་ཉིན40ལ་རྒྱུན་མཐུད་རྒྱུ་ཡིན་པ་དང་། ཚ་བ་ཆེ་བའི་དུས་མགོའི་རིང་འབྲི་ཆུའི་ལྷོ་རྒྱུད་དང་ཅང་ཧོའེ། ཧྭ་ལྷོ་སོགས་སུ་བསྟུད་མར་ཚ་གདུག་ཡོད་པ་རེད།  

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས11ནས་ཚེས14ཉིན་བར། ཧྲན་ཏུང་དང་སི་ཁྲོན་གྱི་ས་ཆ་ཁ་ཤས་སུ་རིམ་རྩིས་བྱས་ན་ཆར་པ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་མཐོ་ཤོས་ལས་བརྒལ་སྲིད་པ་རེད།  ཆུ་བེད་པུས་ཞིང་ཆེན་གཉིས་ལ་དམིགས་ཏེ་ཆུ་ལོག་འགོག་སྲུང་གི་རིམ་པ་བཞི་པའི་འཚུབ་བསྟུན་བྱ་སྤྱོད་སྤེལ་མགོ་བརྩམས། 

  • ཚེས10ཉིན་ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་ཧང་ཀྲོའུ་ཡི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། ཝང་ཁྲུའུ་ཆིན་དང་སུན་ཡིང་ཧྲ་ཡིས་སྣེ་ཁྲིད་དེ་འགྲན་སྡུར་ནང་ཞུགས་རྒྱུ་རེད།  

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཚེས10ཉིན་འཛད་སྤྱོད་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། སྤྲིན་གསོག་དུས་ལས་ཡོལ་ན་དུས་གཏན་དུ་བསུབ་རྒྱུ་ཡིན་པས། སྤྱོད་མཁན་གྱིས་ངེས་པར་དུ་ཁ་གཏད་གཅོག་ཐབས་སྤྱད་དེ་ལྡོག་ཐབས་མེད་པའི་གྱོང་གུན་མི་ཕོག་པ་བྱེད་དགོས།  

  • ཏ་ལེན་མཚོ་དོན་ཅུས་ཚེས11ཉིན་གྱི་ཆུ་ཚོད8པ་ནས་ཚེས16ཉིན་གྱི་ཆུ་ཚོད12བར་ཧོང་ཧེ་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་གིས་དམག་དོན་ལས་འགན་བསྒྲུབ་དགོས་པས། མཚོ་སྐྱོད་མི་ཆོག་པའི་ཟོན་བརྡ་བརྒྱབ་ཡོད།  

    11.jpg

  • ཀོང་ཏུང་གི་ཏུང་ཀོན་དུ་སྐྱེས་པ་ཞིག་གིས་ཟམ་པ་ལས་མཆོང་རྩིས་བྱེད་སྐབས། ཉེན་ཁ་ཤིན་ཏུ་ཆེ་བའི་དུས་སུ་ལག་པ་བཅུ་ལྷག་མ་གྲོས་གཅིག་མཐུན་གྱིས་ཟམ་ཆེན་གྱི་ར་བའི་ནང་ངོས་ནས་བརྐྱངས་ཏེ། ལམ་སང་སྐྱེས་པ་དེ་སྐྱོབ་ཐུབ་པར་གྱུར།  

སྲིད་ཇུས།

  • ཚེས10ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕྲུ་གུ་དམར་འབྱར་གྱི་འོ་ཕྱེ་ཐོན་རྫས“སྐྱེ་ཁམས་ཕྱུགས་ར”དང་། “ཨ་མའི་འོ་མ་ཅན”སོགས་རབ་རིབ་ཆ་འཕྲིན་དང་གསལ་བཤད་བྱེད་མི་ཆོག་པ་བྱས་ཡོད།  

  • ཀྲེ་ཅང་གིས་བྱ་སྤྱོད་ཇུས་གཞི་བཏོན་ནས་སློབ་གྲྭས་དཔེ་ཀློག་སློབ་ཚན་འཛུགས་པར་སྐུལ་མ་བཏང་སྟེ། སློབ་མས་ཚན་རིག་དང་མཐུན་པའི་དཔེ་ཀློག་བྱེད་ཐབས་ཁོང་དུ་ཆུད་པར་རོགས་རམ་བྱས།  

  • ཧྲའན་ཞི(陕西)ཡིས་ལག་བསྟར་བསམ་འཆར་བཏོན་ནས། མཐོ་རིམ་སློབ་འབྲིང་གི་སློབ་མའི་འཕེལ་རྒྱས་ཀྱི་མཛུབ་ཁྲིད་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། སློབ་མས་སློབ་རིམ་འཕར་རྒྱུ་དང་ལས་ཞུགས་ཀྱི་དམིགས་ཚད་ལུགས་མཐུན་ངང་འཆར་འགོད་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། རྒྱུགས་སྤྲོད་ཆེད་ལས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།  

འཚོ་བའི་དྲན་སྐུལ།

7~1.jpg

  • བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད་དང་། མཚོ་བོད་མཐོ་སྒང་གི་ཤར་རྒྱུད། ཧོང་ཧོའེ་ཡི་དབུས་ལྷོ་རྒྱུད། ཅང་ཧུའེ་ཡི་ཤར་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་པ་དང་། དེའི་ནང་ཧྲན་ཏུང་ལྷོ་རྒྱུད་དང་ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཧེ་ལུང་ཅང་གི་ཤར་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་སུ་དྲག་ཆར་འབབ་རྒྱུ་རེད།  


མཉམ་སྤྱོད།