དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-12 08:19:23   |   1414

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཟླ7ཚེས11ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། ཆུ་ཚད་དེ་བས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བསྐྲུན་ཏེ། ནུས་རྒྱུ་ཟད་གྲོན་ཟུང་འཛིན་དེ་ རིམ་བཞིན་ཐཱན་འབུད་གཏོང་ཟུང་འཛིན་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

  • ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་ནས་བྲིས་པའི《དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སྤྱི་བཤད》ཅེས་པའི་དེབ་དེ། ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད། 

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ཚོད་ལྟ་ཁག་བདུན་པའི་ཉམས་མྱོང་འདྲ་བཟོ་དང་ཁྱབ་གདལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་འདུག 

  • 2022ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་སྐྱོབ་ནང་ཞུགས་མཁན་མི་གྲངས་ཁྲི134592ཡོད་པ་དང་། གུན་སྐྱོབ་ནང་ཞུགས་ཚད95%ཡན་བརྟན་འཇགས་བྱུང་ཡོད། 

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་དཔེ་མཚོན་གནད་དོན10ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་ཡོད། ཞིབ་འཕྲིན།

  • ཁྲིམས་འཛིན་པུ་དང་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཉེ་ཆར《ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》ལ་ཞིབ་འཇུག་གྲོས་ཞིབ་བྱས་ནས། སྲོལ་ཡིག་གི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་གི་ཡོད། 

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་སྐྱེས་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ཁྱོན་ཡོངས་ནས་ལེགས་གྲུབ་ཐེངས་དང་པོ་བྱས་པ་དང་། སྐམ་ས་དང་མཚོ་ཁོངས་དངོས་སུ་དབྱེ་འབྱེད་བྱས་པའི་རྒྱ་ཁྱོན་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི319ཡོད། 

    微信图片_20230712091450.jpg

  • ཕུའུ་ཏའོ་ཡི་ཉིང་རྡུལ་སྦགས་བཙོག་ཆུ་རྒྱ་མཚོའི་ནང་གཏོང་བའི་འབྲེལ་ཡོད་གནད་དོན་ཐད། ཕྱི་འབྲེལ་པུས་ཚེས11ཉིན་བསྟན་པ་ལྟར་ན། འཇར་པན་ཕྱོགས་ཀྱིས་རྒྱལ་སྤྱིའི་མ་རྡུལ་ནུས་པའི་སྒྲིག་ཚན་གྱི་སྙན་ཞུ་དེ་ཉིང་རྡུལ་སྦགས་བཙོག་ཆུ་རྒྱ་མཚོའི་ནང་གཏོང་བའི“ལམ་ཡིག”ལ་བརྩི་མི་རུང་བར་བཤད་པ་རེད། 

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛམ་གླིང་གི་ཨང་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་ལ། ཧྥན་ཀྲེན་ཏུང་དང་སུན་དབྱིང་ཧྲ་སོ་སོར་སྐྱེས་པའི་རྐྱང་རྒྱག་དང་བུད་མེད་ཀྱི་རྐྱང་རྒྱག་ཨང་དང་པོར་བཞག་ཡོད། 

      སྤྱི་ཚོགས།

1.jpg

  • ཀྲུང་དབྱང་གནམ་གཤིས་ཁང་གིས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་བཏང་བ་སྟེ། དེ་རིང་ཧོ་པེ་དང་ཧྲན་ཏུང་། ཧོ་ནན་སོགས་ཞིང་ཆེན་དྲུག་གི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་རླུང་ཆེན་ཡང་ན་སེར་བ་ཡོད་པ་རེད། 

  • ཚེས11ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཅང་སུའུ་དང་ཧྲན་ཏུང་། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་བཞིར་དམིགས་ནས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་བསྟུན་དང་ལེན་བྱས་པ་དང་འབྲེལ་ལས་དོན་ཚན་ཆུང་གཉིས་མངགས་ནས་འབྲུབ་འགོག་ལས་དོན་ལ་མཛུབ་ཁྲིད་བྱེད་དུ་བཅུག་པ་རེད། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས་སོ་སོར42.4%དང44.1%འཕར་ཡོད། 

  • ཉིན་ཤས་གོང་། ཀྲུང་གོའི་ལྗིད་འདེགས་རུ་ཁག་གིས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། ལི་ཧྥ་པིན་དང་ཁྲེན་ལི་ཅུན། ཧོའུ་ཀྲི་ཧུའེ། ལི་ཝུན་བཅས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན4ཡིས་སྣེ་ཁྲིད་དེ་འགྲན་སྡུར་ལ་ཞུགས་པ་རེད། 

  • ཚེས12ཉིན། ཀྲུང་གོའི་བྱང་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས13པ་དེ“གངས་འབྲུག་གཉིས་པ”རྟགས་ཅན་གྱི་འཁྱགས་གཏོར་གྲུ་གཟིངས་ལ་བསྡད་ནས་ཧྲང་ཧའེ་ནས་ལམ་ལ་ཆས་ཏེ། ཡུལ་དངོས་སུ་རྟོག་ཞིབ་ལས་འགན་བསྒྲུབ་རྒྱུ་རེད། 

  • CA1524གནམ་གྲུ་གློ་བུར་དུ་ཡོམ་འཁྲུག་ལ་འཕྲད་པ་དང་། རྒྱལ་ཁབ་མཁའ་འགྲུལ་སྤྱི་གཉེར་གྱིས་གནམ་གྲུ་རྒྱུན་གཏན་ལྟར་བབས་པ་དང་། འགྲུལ་པ་གཅིག་དང་ཞབས་ཞུ་བ་གཅིག་ལ་རྨས་སྐྱོན་ཕོག་ཡོད་ཚུལ་བསྟན། 

  • ཚེས10ཉིན་སི་ཁྲོན་ཁྲེང་ཏུའུ་ནས་དབྱི་པིན་བར་གྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་ས་གནས་གཉིས་ཀྱི་མགྱོགས་འཁོར་དུས་ཚོད་ཆུ་ཚོད་གཅིག་ཙམ་བར་ཐུང་དུ་འགྲོ་རྒྱུ་རེད། 

    2.jpg

  • ཉེ་ཆར་ཧོ་པེ་ཧོང་ཧྭ་རུ་མིང་རྒྱལ་རབས་ཀྱི་པི་ཞ་ཡོན་ཅུན་ལྷ་ཁང་(碧霞元君庙)གི་རྡོ་རིང་རྙེད་པ་དེས་གནའ་བོའི་བྱང་ཕྱོགས་ཀྱི་མཚོ་མཆོད་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན་ཡོད། 

སྲིད་ཇུས།

  •  ཆུ་བེད་པུ་དང་རང་བྱུང་ཐོན་ཁུངས་པུས་ཡིག་ཆ་བཀྲམ་ནས། ས་འོག་གི་ཆུ་སྔོག་འདོན་བྱེད་མི་ཆོག་པའི་ཁུལ་དུ་ས་འོག་གི་ཆུ་ལེན་པའི་ལས་གྲྭ་གསར་སྐྲུན་དང་བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་མི་ཆོག་པ་གསལ་བོར་བཟོས། 

  • ཡུན་ནན་གྱིས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ནས། ལས་གཏོད་རོགས་སྐྱོར་ཁྱབ་ཁོངས་དེ་སློབ་གྲྭ་མཐར་ཕྱིན་ནས་ལོ་ལྔའི་ནང་གི་སློབ་གྲྭ་ཆེ་མོ་བའི་བར་སྣུར་སྲིང་བྱས་ཡོད། 

  •  ཧྲན་ཏུང་གིས་ཁེ་ལས་ཀྱི་ལས་འཛོལ་བྱུར་རྐྱེན་ནང་ཁུལ་གྱི་གཏུག་བཤེར་བྱ་དགའི་ལམ་ལུགས་ཁྱབ་གདལ་བཏང་ནས། ཁེ་ལས་ཀྱི་ལས་བཟོ་བས་འབྲེལ་ཡོད་སྡེ་ཁག་གཏུག་བཤེར་བྱས་པ་དོན་དངོས་ཡིན་ན། བྱ་དགའི་དངུལ་གྲངས་དེ་སྤྱི་ཚོགས་སྤྱི་དམངས་ཀྱིས་གཏུག་ཤེར་གྱི་བྱ་དགའ་སྤྲོད་པའི་རྨང་གཞིའི་ཐོག20%འཕར་ཆོག་པ་ལག་བསྟར་བྱས། 

    དེ་རིང་གི་གནམ་གཤིས།

3.jpg

  • ཧྲན་ཞིའི(山西)བྱང་རྒྱུད་དང་ཧོ་པེའི་དབུས་བྱང་རྒྱུད། པེ་ཅིང་། ཐེན་ཅིན་ནུབ་རྒྱུད། ནང་སོག་དབུས་རྒྱུད་ཀྱི་ལྷོ་ཁུལ། ཧྲན་ཏུང་གི་ས་ཆ་མང་ཆེ་བ། ཧོ་ནན་དབུས་བྱང་རྒྱུད། ཅང་སུའུ་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་ཧྲན་ཏུང་གི་ནུབ་རྒྱུད་དང་སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།