དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་ཨུའི་མགོ་ཁྲིད་ཀྱིས་ཞོད་འགོག་ལས་དོན་ལ་རྟོག་ཞིབ་བྱས།

2023-07-13 17:33:25   |   5263

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།   མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།    རིན་ཆེན་ཚེ་རིང་།


2222.jpg

ཟླ7པའི་ཚེས12ཉིན། མདོ་ལ་རྫོང་ཨུའི་མགོ་ཁྲིད་ཀྱིས་བཙུན་མོ་གཞོང་གྲོང་རྡལ་དང་རྫ་དམར་ཡུལ་ཚོ་སོགས་སུ་སོང་ནས་རི་བབ་དང་། ཆུ་རྒྱུན་གྱི་བཞུར་ཚད། འཕྲལ་སེལ་ལས་སྲུང་། བྱུར་རྐྱེན་གྲལ་བཤེར། འགོག་སྲུང་བྱེད་ཐབས། དེ་བཞིན་འབྲེལ་ཡོད་ལས་དོན་དོན་འཁྱོལ་བྱས་ཚུལ་བཅས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས།

རྫོང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སེལ་གནོད་སྐྱོབ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་དང་ཁུལ་ཨུའི་ལས་དོན་བླང་བྱ་དོན་འཁྱོལ། མི་དམངས་གཙོ་བོར་འཛིན་པ་དང་ཚེ་སྲོག་གཅེས་སྤྲས་བྱེད་པ་མཐའ་འཁྱོངས་སྒོས། ཞོད་ཐན་སྔོན་འགོག་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་བརྟན་པོར་འཁུར་ནས་གྲ་སྒྲིག་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་བཀོད་གཏོང་། འགན་འཁྲི་ཏན་ཏིག་འཁུར་བ། བྱེད་ཐབས་ཤུགས་ཆེར་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། 

1.jpg

 ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆར་ཆུའི་གནས་ཚུལ་ལ་དོ་ཁུར་དང་ཆུ་འབྲུབ་ཆེན་པོ་སྔོན་འགོག  ཉེན་ཁ་ཆེན་པོ་འགོག་པ། གནོད་འཚེ་ཆེན་པོ་སྐྱོབ་པ་བཅས་ལ་གཞི་ཚུགས་ཏེ་ཞོད་འགོག་བྱུར་རྐྱེན་དང་ཉམས་ཞན་ལྷུ་ཚིགས་ཁག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་མི་ཤུགས་ཀྱི་འགོག་སྲུང་དང་། དངོས་ཤུགས་ཀྱི་འགོག་སྲུང་། ལག་རྩལ་གྱི་འགོག་སྲུང་སོགས་སྣ་སོ་སོའི་གྲ་སྒྲིག་ལེགས་པོར་སྒྲུབ་ནས་འཕྲལ་སེལ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འགོག་སྲུང་བྱེད་ཐབས་ཞིབ་ཚགས་བཟོ་བ།  གཙོ་གནད་ལྷུ་ཚིགས་ཁག་གི་ཉེན་སེལ་བརྟན་གཏོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཕྲལ་སེལ་དངོས་ཟོག་འགན་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། སྐོར་ཞིབ་ཉེན་སེལ། སྡེ་ཚན་མཉམ་སྦྲེལ་བཅས་ལ་ཤུགས་སྣོན་རྒྱག་པ། ལས་རེས་ལས་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཉམ་ཤུགས་ཆེན་པོས་རྫོང་ཡོངས་ཀྱི་འབྲུག་འགོག་ལས་དོན་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན།

       མཁར་གྲོང་གི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་སྒྲིག་བཀོད་ཞིབ་བཤེར་བཟོ་བཅོས་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ས་ཁོངས་དང་། གཙོ་གནད་ལྷུ་ཚིགས་ཁག་གི་གནམ་གཤིས་ངན་པ་དང་འཕྲལ་སེལ་ཆུ་འབུད་སྔོན་ཇུས་ཡག་པོ་བསྒྲུབ་སྟེ། ཆུ་འབུད་སྒྲིག་ཆས་ཚན་རིག་དང་མཐུན་ཞིང་ནུས་མཐོའི་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ། ཆུ་འབུད་ནུས་པ་ཆེ་རུ་བཏང་ནས་འབྲུབ་དུས་ཀྱི་མཁར་གྲོང་གོ་རིམ་ལྡན་པའི་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

2.jpg

ཆུ་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། གཅིག་གྱུར་བཀོད་འདོམས་མཐའ་འཁྱོངས་དང་། མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་པ། གྲོས་མོལ་ཞིབ་འཇུག་བརྡར་གཅོད་དང་འཕྲལ་སེལ་ཐག་གཅོད་དོན་འཁྱོལ་བྱེད་པ། འཕྲལ་སེལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ་། ཉེན་ཁར་འཕྲད་སྐབས་འཕྲལ་མར་འགུལ་སྐྱོད་ཐུབ་པའི་འགན་ལེན་དང་། ཞོད་འགོག་དང་བདེ་འཇགས་ཐོན་སྐྱེད་གཉིས་འཐུས་ཤོར་མེད་པར་གཅིག་གྱུར་སྐུལ་འདེད་གཏོང་བར་ཤུགས་བསྣན་དགོས་པ་བསྟན།

རྫོང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ལྷན་དུ་རྟོག་ཞིབ་གནང་། 


མཉམ་སྤྱོད།