དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིར་མིང་རྟགས་བཀོད།

2023-07-13 15:26:41   |   3012

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


 2222.jpg

 ཟླ7པའི་ཚེས12ཉིན་གྱི་སྔ་དྲོ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྒོ་འབྱེད་སློབ་ཆེན་མནའ་འབྲེལ་གྱིས་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་རྨ་ཆུ་འབབ་རྒྱུད་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྒོ་འབྱེད་སློབ་ཆེན་གྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བ་དང་། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི། མཚོ་སྔོན་སྒོ་འབྱེད་སློབ་ཆེན་ཏང་ཨུའི་ཨུ་ཡོན། སློབ་གཙོ་གཞོན་པ་ལིན་ཅན་ཧུང་མཛད་སྒོར་ཞུགས་ནས་གཏམ་བཤད་གནང་། ཧྲན་ཏུང་དང་ཁྲིང་ཏུའུ། ཀན་སུའུ། ཉིང་ཞ།  ཧྲན་ཞི།  ཧྲན་ཞིས། ཧོ་ནན། ཆིང་ཏོ་སོགས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དགུའི་སྒོ་འབྱེད་སློབ་ཆེན་གྱི་མགོ་ཁྲིད་དང་། མཚོ་བྱང་ཁུལ་སྲིད་གྲོས་ཀྱིས་ཀྲུའུ་ཞི་གཞོན་པ་ཡང་ཏི་བཅས་མཛད་སྒོར་ཞུགས།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་སྒོ་བྱང་འགེལ་བ་དང་མིང་རྟགས་འགོད་པའི་མཛད་སྒོར་གཙོ་སྐྱོང་གནང་།

1.jpg

 རུང་ཧུང་ཀྲིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱིས་སྔར་ནས་ད་བར་དུ་མཚོ་བྱང་ལ་ཐུགས་ཁུར་དང་། རོགས་རམ། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱིས་ས་གནས་ཀྱི་སློབ་གསོའི་བྱ་གཞག་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མི་རིགས་རིག་གནས་འཛུགས་སྐྱོང་བཅས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མཁོ་སྤྲོད་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོའི་མ་ལག་འཛུགས་པ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་སྐྲུན་པ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བཤད། མཚོ་བྱང་དང་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱིས་དར་མའི་སློབ་གསོ་དང་། རྒན་རྒོན་སློབ་གསོ། རིག་གནས་གནས་སྐོར་ཐོན་ལས་སོགས་ཐད་ཀྱི་མཉམ་ལས་སྤེལ་རེས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་སྤུན་ཟླའི་བརྩེ་དུང་ཟབ་མོ་ཆགས་ཡོད། ཐེངས་འདིའི་གན་རྒྱ་བཞག་པ་དེ་ནི་ཕྱོགས་གཉིས་པོས་མཉམ་ལས་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་གསར་པ་དང་མགོ་འཛུགས་ས་གསར་པ་ཞིག་ཡིན་པས། ཕྱོགས་གཉིས་པོས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། རྒན་རྒོན་སློབ་གསོ། སྤྱི་ཚོགས་རྩལ་ནུས་གསོ་སྦྱོང་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ།  མཚོ་བྱང་གི་དམིགས་བསལ་གྱི་གསར་བརྗེའི་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྒོ་འབྱེད་སློབ་ཆེན་གྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་སྤྱོད་དང་། མཉམ་སྐྲུན། གཉིས་ཕན་བཅས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་བཏོན།

2.jpg

 ལིག་ཅན་ཧུང་གིས་ཐེངས་འདིའི་མཚོ་བྱང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དེས་སློབ་གྲྭ་དང་ས་གནས་དབར་གྱི་མཉམ་ལས་བྱེད་མགོ་གསར་པ་ཚུགས་པ་མཚོན་ཡོད། སླད་ཕྱིན། རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྒོ་འབྱེད་སློབ་ཆེན་མནའ་འབྲེལ་གྱིས་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིར་བརྟེན་ནས་དུས་ངེས་མེད་ངང་དགེ་སློབ་སྒྲིག་འཛུགས་བྱས་ཏེ། ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱས་ནས་མཚོ་བྱང་ཁུལ་གྱི་གསར་བརྗེའི་རིག་གནས་དེ་བས་རྒྱང་རིང་དུ་སྤེལ་བ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དེ་བས་དར་སྤེལ་བཏང་ནས་དེང་རབས་ཅན་གྱི་མཚོ་བྱང་གསར་པ་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་དང་སྒོ་འབྱེད་སློབ་ཆེན་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་ཞིང་ཁྱད་ཆོས་ཡོད་པའི་ངེས་གནས་ལ་དམིགས་ནས་འཐབ་ཇུས་ཀྱི་མཐོ་ས་ནས་མཉམ་ལས་ལ་ཇུས་གཞི་འགོད་པ་དང་།  ཡུན་རིང་ལ་གཞི་ཚུགས་ནས་མཉམ་ལས་ལ་འཆར་འགོད་བྱེད་པ། དངོས་གཉེར་དང་ཕན་འབྲས་ལྡན་པའི་ངང་མཉམ་ལས་རྣམ་གྲངས་དག་དོན་འཁྱོལ་ཕན་འབྲས་ཡོང་བར་བྱེད་དགོས་ཞེས་བསྟན།

3.jpg

 མིང་རྟགས་འགོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྒོ་འབྱེད་སློབ་ཆེན་དང་བཅས་པས་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་། མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་། མཚོ་བྱང་ཁུལ་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་། མཁའ་དམག་གི་ས་གནམ་འཕུར་མདེལ་སྒེར་ཚུགས་རུ་དཔོན་བཅུ་གཉིས་ཀྱི་གནས་རྙིང་བཅས་ལ་ལྟ་སྐོར་བྱས་པ་དང་། མཚོ་སྔོན་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དུ་སྒོ་བྱང་བཀལ་ནས་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་བཙུགས།

4.jpg

ཁུལ་ཨུ་དང་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས་དགུའི་སྒོ་འབྱེད་སློབ་ཆེན་གྱི་འབྲེལ་ཡོད་སློབ་གླིང་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


མཉམ་སྤྱོད།