དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱ་བའི་ཚོགས་འདུ་འཚོགས།

2023-07-13 11:26:30   |   3270

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།    མཚོ་བྱང་སྲིད་དོན།    བཤེར་བབེབས།   རིན་ཆེན་ཚེ་རིང་།


   2222.jpg

ཟླ7ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས།

1.jpg

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གེགས་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།   

ཚོགས་འདུས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆུ་མཛོད་དང་། གཏེར་རི། གཏེར་སྙིགས། རང་བསྐྲུན་ཁང་པ། ཆུ་ལོག་ཐོན་སླ་བའི་ས་ཁུལ། གཞུང་ལམ་འགྲིམ་འགྲུལ། ཨར་སྐྲུན་བྱ་ཡུལ་སོགས་གཙོ་གནད་ལ་དམ་པོར་དམིགས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཉེ་དུས་ཀྱི་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་གནས་ཚུལ་ལ་དམིགས་ནས་ཉེན་གཡོལ་གནས་སྤོ་དང་ཉེན་གཡོལ་གྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། “འབོད་བརྡའི”ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ཉེན་ཟོན་སྔོན་བརྡ་དང་དྲན་སྐུལ་དོན་འཁྱོལ་གནད་ལ་འཁེལ་བའི་འགན་ལེན་གྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བཏོན།

ཚོགས་འདུའི་ཐོག་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་དང་། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན། གནས་སྐོར་ས་ཚིགས་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཁུལ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་གཉེར་བ། ཁོར་ཡུག་གི་མཐའ་ཚད་སྲུང་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས། ཀྲང་ཧྲིང་ཡོན་གྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཞི་གྲངས་གསལ་པོ་དང་། གནས་ཚུལ་གསལ་བ། སྲིད་ཇུས་བྱང་ཆུབ་པ། འགན་འཁྲི་ཏན་ཏིག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། གསོ་སྦྱོང་ལ་དམ་འཛིན་དང་། བྱེད་ཐབས་སློབ་པ། བླང་བྱ་འདོན་པ། འགན་འཁྲི་ནན་དུ་གཏོང་བ། བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱས་ནས་ལྡོག་འདྲེན་གནད་དོན་དག་ཐེར་གནད་ལ་འཁེལ་བའི་འགན་ལེན་བྱེད་པ། ཡོང་འབབ་ཀྱི་གཙོ་གནད་ལ་དམིགས་པ་དང་ལྕག་སྐུལ་བྱེད་ཐབས་བཏོན་ནས་སྲིད་གཞུང་གིས་བཤས་གཏོང་ཁ་གསབ་དང་། གནས་གཏན་འཁེལ་གྱི་འཛད་སྤྱོད་དབུལ་སྐྱོར། ཐོན་སྐྱེད་དང་ཕྱིར་ཚོང་ཐབས་ལམ་ཤར་གཏོང་། ཞིང་འབྲེལ་ཞིང་ལས་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། རྒུད་གསབ་ལས་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་དང་། ལྷག་པར་དུ་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་མཐོ་རུ་བཏང་ནས་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་དེ་ས་གནས་དེ་གའི་རོང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་དང་། དབུལ་སྒྲོལ་ས་ཁུལ་གྱི་རོང་འབྲོག་པའི་ཡོང་འབབ་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བར་ཁག་ཐེག་བྱེད་དགོས།  འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་གཞི་གྲངས་ཀྱི་ཚད་གཞི་གཅིག་གྱུར་དང་། སྡོམ་རྩིས་ཀྱི་ཚད་གཞི་ཁ་གསལ་བཟོ་བ། བཅར་འདྲི་དང་བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ། ལས་སྒོའི་གསོ་སྦྱོང་ཡག་པོ་བྱེད་པ། དམིགས་ཚད་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། སྡོམ་རྩིས་ཆ་འཕྲིན་གྱི་གནད་འཁེལ་རང་བཞིན་དང་། ཐོ་འགོད་ཀྱི་ཆ་ཚང་བའི་རང་བཞིན། གྲངས་གཞིའི་དངོས་ཡོད་རང་བཞིན་བཅས་ཆེ་རུ་བཏང་ནས་གཅིག་གྱུར་ཡོང་བ་བྱེད་དགོས་པ་བསྟན 

ཀྲང་ཧྲིང་ཡོན་གྱིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“ཚད་གཞི་གཅིག་གྱུར་དང་། ཉམས་འགྱུར་གཅིག་གྱུར། སྒྲིག་ཨང་གཅིག་གྱུར”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་གནས་སྐོར་གྱི་སྤུས་ལེགས་ལམ་ཐིག་ལ་དམིགས་པ་དང་། གནས་སྐོར་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། གནས་སྐོར་གསང་སྤྱོད་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་རྣམ་པའི་དོ་དམ་ལ་བརྟེན་ནས་གནས་སྐོར་ས་ཚིགས་ཀྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་པ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་འཕར་ཚད་5%ཡས་མས་ཀྱི་ལོ་འཁོར་དམིགས་ཚད་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་པར་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་རྨང་གཞི་བརྟན་དུ་གཏོང་བ། ཞན་ཆ་གསབ་པ། ཕན་འབྲས་བརྟན་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བའི་འགན་ལེན་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས་པ་བསྟན། 

2.jpg

ཀྲང་ཧྲིང་ཡོན་གྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། རྣམ་གྲངས་ཀྱི་ཁྲིམས་ལུགས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རྣམ་གྲངས་ཀྱི་“སྤུས་ཚད་ཀྱི་འགག་སྒོ”དང“ཞིབ་བཤེར་རྩིས་ལེན་འགག་སྒོ”དང“སྤྱོད་གཙང་འགག་སྒོ”ཡག་པོ་སྲུང་བ་བཅས་བྱས་ཏེ་བུ་ལོན་གཡར་ནས་གཟུགས་བརྙན་ལས་གྲྭ་གཉེར་རྒྱུ་གཏན་འགོག་བྱེད་པ། “འཚོ་བ་དམ་པོ་སྐྱེལ་བའི”བསམ་བློ་བརྟན་པོ་འཛུགས་པ་དང་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁུལ་སྟོན་རྟེན་འབྲེལ་ཞུ་བ་དང་བྱེད་སྒོ་གཞན་དག་སྤེལ་རིང་གྲོན་ཆུང་བསྲི་ཚགས་ཀྱི་རྩ་དོན་མངོན་པར་བྱེད་པ། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་སོགས་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྣམ་གྲངས་ཀྱི“ཁོར་ཡུག་དཔྱད་དཔོག་གི་འགག་སྒོ”དམ་འཛིན་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་བརྟན་པོ་སྲུང་པ། མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་གཏོད་པ་དང་། གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བགྱིས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་སྣང་དོད་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན།

ཀྲང་ཧྲིང་ཡོན་གྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཏང་སྲོལ་སྲིད་སྲོལ་ནན་དུ་གཏོང་བ། ལས་ཀའི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱིས་སྤྱོད་ཚུལ་ནན་པོ་ལ་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

3.jpg

ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལེན། འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྫོང་བཞིའི་མི་དམངས་སྲིད་གཞུང་། མཚོ་སྔོན་པོའི་ཞིང་ར་དང་དེ་བཞིན་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།