དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་གི་ལས་སྒོའི་རྐང་འཛིན་པ་ཐོག་དང་པོར་ཨ་ཧྥེ་རི་ཁར་སྨན་བཅོས་རོགས་སྐྱོར་ལས་དོན་སྤེལ་དུ་ཆས།

2023-07-13 11:11:04   |   3740

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


    2222.jpg

ཉེ་ཆར། ཀྲུང་གོའི(མཚོ་སྔོན)པུ་རུན་ཏིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁག22པ་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་ཨ་ཧྥེ་རི་ཁའི་པུ་རུན་ཏིར་དུས་ཡུན་ལོ་གཅིག་གི་སྨན་བཅོས་རོགས་སྐྱོར་ལས་དོན་སྤེལ་བར་ཆས། སྨན་བཅོས་རོགས་སྐྱོར་གྱི་ལས་འགན་བདེ་བླག་ངང་འགྲུབ་ཆེད། མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྨན་བཅོས་མི་སྣ་ཉུང་བའི་དཀའ་ངལ་ཁྱད་བསད་བྱས་ཏེ། ཕུལ་བྱུང་སྨན་བཅོས་མི་སྣ་འདེམ་སྒྲུག་བྱེད་པའི་རྩ་དོན་ལྟར། སྨན་ཁང་གི་ལས་སྒོའི་རྐང་འཛིན་པ་ཁག་ཅིག་འདེམ་སྒྲུག་གིས་ཐོག་མར་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་ལས་འགན་དང་དུ་བླངས།

111.jpg

 ཐེངས་འདིའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་ལས་འགན་ནང་ཞུགས་མཁན་སྨན་བཅོས་རུ་མི་མཚོ་མོ་ནི་མཚོ་བྱང་ཁུལ་རྐང་ཚ་རྫོང་སྨན་ཁང་གི་བུད་མེད་ཚན་ཁག་གི་གཙོ་བཅོས་སྨན་པ་དཀའ་བཅུ་པ་ཞིག་ཡིན་པ་དང་། ལོ་ངོ20ཡི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ཚན་ཁག་གི་ལས་སྒོའི་རྐང་འཛིན་པར་གྱུར་ཡོད།  2022ལོར་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་མཁན་གྱི་སྨན་བཅོས་རུ་ཁག་ཁག22པ་འཛུགས་རྒྱུའི་སྐོར་གྱི་གོང་རིམ་སྲིད་འཛིན་སྡེ་ཚན་གྱི་བརྡ་ཐོ་འབྱོར་རྗེས། ཁོང་གིས་རང་འགུལ་ངང་རེ་ཞུ་བྱས་ཏེ་དུས་ཡུན་ཟླ7གྱི་གསོ་སྦྱོང་ནང་ཞུགས་པ་དང་རིམ་པ་བཞིན་འདེམས་སྒྲུག་བྱས་རྗེས། རང་ཉིད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཤེས་བྱ་དང་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། སྤྲོ་སེམས་འཁོལ་བའི་ངང་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་སྨན་བཅོས་བྱ་གཞག་ནང་ཞུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་ཕྱི་ཐག་ལ་ནུས་ཤུགས་བཏོན་དང་། ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ཡིད་ལ་བརྟན་པར་བཅངས་ནས་མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་གཟི་མདངས་གསར་བ་བསྣན། 

222.jpg

 ཐེངས་འདིའི་རྫོང་རིམ་པའི་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་མི་སྣ་མངགས་པ་དེ་མཚོ་བྱང་ཁུལ་ནི་སྨན་བཅོས་ཐོན་ཁུངས་རོགས་སྐྱོར་བྱ་ཡུལ་ནས་སྨན་བཅོས་ཐོན་ཁུངས་ཕྱིར་གཏོང་བྱ་ཡུལ་བར་མཆོང་སྐྱོད་བྱུང་ནས་མཚོ་བྱང་ཁུལ་གྱི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། རོགས་སྐྱོར་ལས་འགན་ནང་ཞུགས་མཁན་མཚོ་མོས་བཤད་རྒྱུར“དཀའ་ངལ་ལ་མི་སྐྲག་པ་དང་། ལེགས་སྐྱེས་འབུལ་འདོད་པ། སྲོག་སྐྱོབ་རྨས་སྐྱོར། བྱམས་བརྩེ་མཐའ་ཡས”བཅས་ཀྱི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྨན་པའི་བྱམས་སེམས་དང་སྨན་བཅོས་ཆེད་ལས་ཤེས་བྱ། རྩལ་ནུས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་པུ་རུན་ཏིའི་ནད་པར་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། མཚོ་བྱང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་པའི་སྣང་བརྙན་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་པ་མ་ཟད། འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། སྔར་ལས་བཟང་བའི་ངང་ཀྲུང་ཧྥེ་མཛའ་འབྲེལ་དང་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ལ་བྱས་རྗེས་འབུལ་རྒྱུ་ཡིན་ཟེར།


མཉམ་སྤྱོད།