དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-13 08:43:08   |   484

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས་སྡེ་ཚན་གཉིས་དང་མི་སྒེར་གཉིས་ལ་བྱས་རྗེས་བཀོད་ཡོད། 

  • ཉིན་ཤས་གོང་ཀྲུང་དབྱང་དམག་ཨུས་བརྡ་ཁྱབ་བཏང་ནས་དམག་ཡོངས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལག་ལེན་བསྟར་བྱེད་པའི་དཔེ་དམག་སྡེ་ཚན་དང་དཔེ་དམག་མི་སྒེར་ལ་གཟེངས་བསྟོད་བྱས། 

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་ཐོན་འབབ16.7%ཡོད་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས0.7གྱིས་མགྱོགས་པ་ཡོད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། 2023ལོའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར89ཡིན་པ་བྱས། 

  • ཚེས12ཉིན། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པའི་ཀྲུང་གོའི་སློབ་ཆེན་སློབ་མའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ་དང་། མི700ལྷག་ལས་གྲུབ་ཡོད། 

  • ཁྲོམ་ར་རྟོག་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕར་ཚད་མངོན་གསལ་ཡིན་ལ། ཁྱོན་དུད་ཚང་ཁྲི1136.5གསར་དུ་འཕར་ཡོད། 

  • རང་རྒྱལ་གྱི་མི་བཞུགས་ཟླ་བའི་ཐོག་སྐྱོད་པའི་ཐོག་མའི་ཇུས་གཞི་ཁྱབ་སྒྲོག་བྱས་ཤིང་། 2030ལོའི་གོང་དུ་མི་བཞུགས་ཟླ་བའི་གོ་ལར་འཛེག་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 

    1.jpg

  • ཚེས12ཉིན། ཀྲུའུ་ཆུའེ་རྟགས་ཅན་གཉིས་པའི་རིང་འདྲེན་གཉིས་པའི་མེ་ཤུགས་འཕུར་མདའ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཕེན་གཏོང་ལེགས་གྲུབ་བྱུང་ཞིང་། གོ་ལ་ཧྲིལ་པོའི་འཁོར་ལམ་དུ་ཞུགས་པའི་གཤེར་དབྱང་ཅ་ཝན་མེ་ཤུགས་འཕུར་མདའ་ཐོག་མ་རུ་གྱུར་ཡོད། 

  • ཚེས12ཉིན། 2023ལོའི་ཨེ་ཤེ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་སྡུར་ནང་ལིའང་ཞའོ་ཅིང་དང་ཝེ་ཡུང་ལི། ཡོན་ཆི་ཆི། ཀེ་མན་ཆི་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་བུད་མེད་ཀྱི་སྨི4x100ཡི་མཐུད་རྒྱུག་འགྲན་སྡུར་གྱི་ཨང་དང་པོ་ཐོབ་པ་རེད། 

སྤྱི་ཚོགས།

2~1.jpg

  • དེ་རིང་ཧོ་ནན་དང་ཨན་ཧུའེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས16ལ་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པ་དང་། ཧྥུ་ཅན་དང་ཅང་ཞི་སོགས་ས་ཁུལ་དུ40℃ལས་བརྒལ་རྒྱུ་རེད། 

  • ཚེས12ཉིན་གྱི་ཆུ་ཚོད16པ་ནས་བཟུང་། རྨ་ཆུའི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུ་དང་རྨ་ཆུའི་ཆུ་བེད་ཨུ་ལྷན་གྱིས་སོ་སོར་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་བསྟུན་དང་ལེན་དང་། རྨ་ཆུའི་ཆུ་བེད་ཨུ་ལྷན་གྱི་ཆུ་ཐན་གནོད་འཚེ་འགོག་སྲུངⅣརིམ་པའི་འཕྲལ་བསྟུན་དང་ལེན་བྱེད་མགོ་བརྩམས། 

  • རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཧྲན་ཞི(山西)ཞིན་ཀྲོའུ་ཡི་ཅིང་ཁྲེང་ལྕགས་གཏེར། ལེའོ་ཉིང་ཕུའུ་ཞིན་ཧུང་ལིན་རྡོ་སོལ་གཏེར་ཁུལ་གྱི་ལས་འཛོལ་སྦ་གསང་བྱས་པར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་བྱང་བུ་བཀལ་ནས་སྐུལ་སྒྲུབ་བྱེད་ཀྱིན་ཡོད་པ་རེད། 

  • ཚེས12ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར155དང་སྒོར150འཕར་འདུག 

  • ཧྲང་ཧའེ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཏུང་ཡུན་ཧུའུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

    3~1.jpg

  • རང་རྒྱལ་གྱི་མ་ལག་གྲགས་ཅན་དོ་དམ་རིག་ཚན་གྱི་རྨང་གཞི་འདིང་མཁན་ཡོན་ཧྲི་དབང་དབྱིང་ལུའོ་ཚེས11ཉིན་ཞི་ཨན་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ93ཡིན་པ་རེད། 

    4~1.jpg

  • ཉེ་ཆར་ཀོང་ཞིའི་མུའུ་ལུན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཟིན་ཐོ་གསར་པ་བཀོད་པའི་སྐྱེ་དངོས་རིགས་ཤིག་སྟེ། པན་ཡེ་ལན་ཆུང་ཆུང་ཞིག་རྙེད་པ་རེད། 

སྲིད་ཇུས།

  •  ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཁྱགས་བཞུ་དང་སྟབས་བདེའི་ཚ་བཟོ། ཆུ་བཤལ་གཏོང་བ། འཁྲུ་གཏུབ་སོགས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཅུང་དམའ་བའི་སྟབས་བདེའི་བཟོ་ཚོང་བྱེད་སྤྱོད་ལ་ཞིབ་བཤེར་གྱི་ནང་དོན་སྟབས་བདེ་རུ་འོས་འཚམ་གཏོང་དགོས་པ་ཁ་གསལ་བཟོས། 

  • ཧྲན་ཞི(山西)སྨན་བཅོས་སྒྲིག་ཞན་གྱིས་ཡུན་རིང་སྨན་ཐོའི་དོ་དམ་ཚད་ལྡན་དུ་བཏང་ནས། ཡུན་རིང་གི་སྨན་ཐོ་དེ་རིམ་པ་གཉིས་པ་དང་དེ་ཡན་གྱི་དངོས་གཞིའི་སྨན་བཅོས་སྒྲིག་ཚན་དུ་འབྲི་དགོས་པ་དང་། སྨན་ཐོ་སྤྱིར་ན་གཟའ་འཁོར་བཞི་ལས་བརྒལ་མི་ཆོག་པའི་བླང་བྱ་བཏོན་ཡོད། 

  •  ཅང་སུའུ་ནན་ཐུང་གིས་སློབ་གྲྭ་ནས་ཐོན་ནས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་ཐོན་སློབ་མས་སྟབས་བསྟུན་ལས་ཞུགས་ཐུབ་པ་དང་འབྲེལ་སྤྱི་ཚོགས་གུན་སྐྱོབ་འཇལ་སྤྲོད་བྱས་པར་སྤྱི་ཚོགས་གུན་སྐྱོབ་ཀྱི50%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད། 

དེ་རིང་གི་གནམ་གཤིས།

5~1.jpg

  • ནང་སོག་གི་ཤར་རྒྱུད་དང་མཚོ་སྔོན་གྱི་ཤར་རྒྱུད། ཧྲའན་ཞིའི(陕西)ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་དང་ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཧོ་ནན། ཧྲན་ཏུང་། ཨན་ཧུའེ་བྱང་རྒྱུད་དང་ཅང་སུའུ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་ཀྱི་ཡོད་པ་དང་། དེའི་ནང་སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་དང་ཧྲན་ཏུང་གི་ལྷོ་རྒྱུད། ཅང་སུའུ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།