དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཙོང་ཆུའི་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་དོན་གྱི་ཚོགས་འདུ་འཚོགས།

2023-07-12 17:28:00   |   999

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ7ཚེས11ཉིན། མཚོ་བྱང་ཁུལ་གྱིས་ཙོང་ཆུའི་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་འཚོགས། ཁུལ་དཔོན་གཞོན་པའམ་ཙོང་ཆུའི་ཁུལ་རིམ་པའི་འགན་བབས་ཆུ་དཔོན་ཀརྨ་ཚེ་རིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ཙོང་ཆུའི་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་ཞིང་། མཚོ་བྱང་ཁུལ་གྱི་ཙོང་ཆུའི་རྒྱུད་ཀྱི་ཆུ་དང་མཚེའུ་ཡི་དོ་དམ་དང་། ཆུའི་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོང་གི་གནས་ཚུལ་ཐད་ཀྱི་བརྡ་ཁྱབ་བཏང་། རྫོང་བཞིའི་འགན་བབས་ཆུ་དཔོན་དང་མཚོ་དཔོན་གྱིས་ཙོང་ཆུའི་རྒྱུད་ཀྱི་ཆུ་དང་མཚེའུ་བཅོས་སྐྱོང་སྲུང་སྐྱོང་བརྗོད་གཞི་བྱས་ཏེ་གཏམ་བཤད་གནང་ཞིང་། རྗེས་ཕྱོགས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།

00000.jpg

ཚོགས་འདུའི་ཐོག་བསྟན་དོན། མཚོ་བྱང་ཁུལ་ནི་མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་། ཙོང་ཆུའི“མ་ཡུམ་ཆུ་བོའི”མགོ་ཁུངས་ཀྱང་ཡིན་ཞིང་། ཙོང་ཆུའི་ཆུ་ལག་ཆེ་ཤོས་ཏེ་མུ་རི་ཆུ་བོའི་མགོ་ཁུངས་ཀྱང་ཡིན། ལོ་ལྟར་ཙོང་ཆུའི་སྨད་རྒྱུད་དུ་སྤུས་ལེགས་ཆུའི་ཐོན་ཁུངས་ཤོ་སྨི་དུང་ཕྱུར25.16བཞུར་གྱིན་ཡོད་པས། ཙོང་ཆུའི་རྒྱུད་ཀྱི་ཆུ་དང་མཚེའུ་ཡི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མགོ་ཁུངས་ཀྱི་འགན་འཁྲི་སྒྲུབ་སྟེ། ཙོང་ཆུའི་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ཡག་པོ་བྱེད་དགོས་པ་དང་། ས་ཁོངས་ནང་གི་དྭངས་ཤིང་གཙང་བའི་ཆུ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱེད་དགོས། ཆུའི་སྦགས་བཙོག་འགོག་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཆུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ཆུའི་སྐྱེ་ཁམས་སླར་གསོ་ལ་ཤུགས་བསྣན་དགོས་ལ། ནུས་ཤུགས་ཡོད་རྒུས་ས་ཁྲའི་ཞིབ་བཤེར་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཆུ་དང་མཚེའུ་ཡི་རྨང་གཞིའི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བཅས་བྱེད་དགོས་ཤིང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ། མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ། བྱེད་ཐབས་གསར་གཏོད་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་བཅས་བྱས་ཏེ། ཙོང་ཆུའི་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ཡག་པོ་བྱས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

2222.jpg

 ཁུལ་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཁུལ་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཙོང་ཆུ་དང་མུ་རི་ཆུ་བོའི་རྫོང་རིམ་པའི་འགན་བབས་ཆུ་དཔོན་དང་མཚོ་དཔོན། རྫོང་རིམ་པའི་འགན་བབས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།