དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ཀྲུང་བོད་གསོ་རིག་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

2023-07-12 11:20:38   |   405

 རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


 ཟླ7པའི་ཚེས11ཉིན། རྐང་ཚ་རྫོང་གིས་ཀྲུང་བོད་གསོ་རིག་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས》སོགས་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྫོང་ཡོངས་ཀྱི་ཀྲུང་བོད་གསོ་རིག་བྱ་བའི་འཕེལ་རིམ་ཕྱོགས་སྡོམ་བྱས་ཏེ། ཕྱོགས་ཡོངས་ནས་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། རྫོང་སྲིད་གཞུང་གི་མགོ་ཁྲིད་དང་། རྫོང་གི་ཀྲུང་ལུགས་གསོ་རིག་ལས་དོན་དཔེ་སྟོན་རྫོང་གསར་འཛུགས་མགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོ་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་དག་ཚོགས་འདུར་ཞུགས།   

1.jpg

 གྲོས་ཚོགས་ཀྱིས་གཅིག་ནས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཡང་དག་པའི་རྣམ་འགྱུར་ངོས་ནས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་དང་། སྤྱི་ཚོགས་དང་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྐང་ཚ་རྫོང་གི་ཀྲུང་བོད་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་མང་ཚོགས་ལ་ཀྲུང་བོད་གསོ་རིག་གི་སྨན་བཅོས་བདེ་སྲུང་ཞབས་ཞུ་འདོན་སྤྲོད་གང་ལེགས་བྱེད་དགོས། གཉིས་ནས་གསར་འཛུགས་ལས་དོན་གྱི་གནད་འགག་ཁོང་དུ་ཆུད་པར་བྱས་ཏེ། འབྲེལ་ཡོད་སྡེ་ཁག་སོ་སོ་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོས2022ལོའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་དཔེ་སྟོན་རྫོང་གི་ཡུལ་དངོས་དཔྱད་ཞིབ་རེའུ་མིག་ལ་ནན་ཏན་གྱིས་ཞིབ་འཇུག་སྒོས་གསར་འཛུགས་ལས་དོན་ཁྱོན་ཡོངས་ནས་ཚད་ལ་ལོངས་པར་འགན་ལེན་བྱེད་དགོས། གསུམ་ནས་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་སྒྲིག་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་བཀོད་སྒྲིག་ཞིབ་ཚགས། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་བའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། རྫོང་ཡོངས་ཀྱི་གསར་འཛུགས་ལས་དོན་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

2.jpg


མཉམ་སྤྱོད།