དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-14 08:34:45   |   1430

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཨར་ཅི་རི་ཡའི(阿尔及利亚)ཙུང་ཐུང་ཨ་པུའུ་ཏུའུ་ལེ་མ་ཅི་ཏེ•ཐེ་པུན་གྱིས་ཟླ7ཚེས17ནས་ཚེས21ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན།

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཐོག་མར་སྒོར་དུང་ཕྱུར་ཁྲི20བརྒལ།

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུའི་གཞི་གྲངས་ལས་མངོན་པར། མིག་སྔའི་བར་རང་རྒྱལ་གྱི་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ལས་སྣ་ཚོགས་ཀྱིས་རིམ་རྩིས་བྱས་ན་གྲོ་ཏུན་ཁྲི3190ཉོ་སྒྲུབ་བྱས་པ་དེ་རྒྱུན་གཏན་གྱི་ཆུ་ཚད་དང་ཧ་ལམ་གཅིག་མཚུངས་ཡིན།

  • ཉེ་ཆར། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག《འགྲུབ་ཚུལ་མི་ཐབས་རིག་ནུས་ཞབས་ཞུ་དོ་དམ་བྱེད་ཕྱོགས་སྐོར་གྱི་གནས་སྐབས་བྱེད་ཐབས》ཁྱབ་སྒྲོག་བྱས་པ་དང་། 2023ལོའི་ཟླ8ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དྲུག་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར7751ཟིན་པ་དེ་དུས་མཚུངས་ལས3.9%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་ཀྱིས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་གློག་རྡུལ་ཁྲལ་འཇལ་གྱི་ཁྲལ་དངུལ་སྒོར་དུང་ཕྱུར380ལྷག་ཙམ་གཉེར་ཡོད།

  • ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས“ཐའེ་ཝན་རང་བཙན”གྱི་ངན་རེངས་པའི་འབྲེལ་ཡོད་ཁེ་ལས་དང་ནོར་བདག་གིས་སྐམ་ས་ཆེན་མོར་ཁེ་ཕན་གཉེར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

  • ཚེས13ཉིན། ཨ་རིའིP-8Aམཚོ་འཛུལ་ལ་ངོ་རྒོལ་གྱི་སྐོར་གཡེང་གནམ་གྲུ་གཅིག་ཐའེ་ཝན་མཚོ་འགག་བརྒྱུད་དེ་ཡོངས་བསྒྲགས་ངང་འུད་སྒྲོག་བྱས། རང་རྒྱལ་གྱི་ཤར་རྒྱུད་འཐབ་ཁུལ་གྱིས་དམག་འཐབ་གནམ་གྲུ་སྒྲིག་འཛུགས་བྱས་ནས་ཨ་རིའི་གནམ་གྲུའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས།

1~1.jpg

  • ཚེས12ཉིན། འཇར་པན་གྱི་ཆན་ཡེ་རྫོང་དུ་མཇུག་འགྲིལ་བའི་སྐབས64པའི་རྒྱལ་སྤྱིའི་རྩིས་རིག་ཨོ་ལིན་ཕི་ཁེ་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གིས་སྐར་མ240ཡི་སྤྱིའི་སྐར་གྲངས་ཐོག་ནས་ཚོགས་པའི་སྤྱིའི་སྐར་གྲངས་ཐེངས་ལྔ་ལ་ཨང་དང་པོ་བླངས།

  སྤྱི་ཚོགས།

  •  ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ཉིན་མོར་ཞིན་ཅང་དང་། ཧྭ་བྱང་དབུས་ཤར་རྒྱུད། ཧོང་ཧོའེ་བྱང་རྒྱུད། ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་སོགས་སུ་དྲོད་ཚད35℃ཡན་ལ་བརྒལ་རྒྱུ་རེད།

  • ཚོང་དོན་པུ་སོགས་སྡེ་ཁག་བཅུ་དྲུག་གིས་ཡིག་ཆ་བཀྲམ་ནས་ཁྱིམ་སྲིད་ཞིང་དར་གྱི་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ། ཁྱིམ་ལས་ཁེ་ལས་ཀྱིས་དབུལ་སྒྲོལ་མི་འབོར་སྔོན་ལ་ཉར་སྤྱོད་བྱེད་རྒྱུར་སྣེ་ཁྲིད་བྱས།

  • རིག་གནས་གནས་སྐོར་པུའི་གཞི་གྲངས་ལས་མངོན་པར། 2022ལོའི་ལོ་མཇུག་ཏུ་སྡོམ་རྩིས་ཁྱབ་ཁོངས་ནང་བཅུག་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་རིག་གནས་དང་གནས་སྐོར་ལས་ཁུངས་ཁྲི31.40ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི0.19འཕར་ཡོད།

  • ཉེ་ཆར། རང་རྒྱལ་གྱི་ཚན་རིག་པས་གློག་མེད་ཚད་རྡུལ་པི་ཐེ་ཚོམ་རྣམ51བཟོས་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་ཆེས་ཆེར་བཏོད་ཡོད།

    2~1.jpg

  • ཉེ་ཆར་ཧྲི་ཅ་ཀྲོང་གིས་ཀྲུང་གོའི“ཡའོ་ཀུན་གྲོང་ཁྱེར(摇滚之城)”ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ཁྱབ་སྒྲོག་བྱས།

  • ཉེ་ཆར། པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་རྟེན་མཛོད་ཁང་གི་རིན་མེད་སྒོ་འཛིན་རིན་སྤར་ནས་ཚོང་རྒྱག་མཁན(黄牛)ཁག་གཅིག་མེད་པར་བཟོས་ནས། ཁྲིམས་ལྟར་མི6ཉེས་དོན་བཀག་ཉར་དང་མི3ལ་སྲིད་འཛིན་ཆད་པ་བཅད་པ་རེད།

4~1.jpg

  • ཧྥུའུ་ཅན་ཀྲང་ཀྲོའུ་ཡི་རྒྱལ་ལམ324ཡི་ལམ་དུམ་བུ་ཞིག་ལ་རླངས་འཁོར་གྱི་ཆག་སྒོ་བྱུང་ནས་མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། དོན་རྐྱེན་བྱུང་སར་བརྒྱུད་པའི་ཤོག་སྒྲིག་དཔུང་ཚོགས་ཨང73པའི་ལུའི་དཔོན་དམག་གིས་འཕྲལ་མར་རོགས་སྐྱོབ་བྱས་པ་མ་ཟད། རྨས་མ་སྨན་བཅོས་བྱེད་པར་སྐྱེལ་རོགས་བྱས།

སྲིད་ཇུས།

  • ནོར་སྲིད་པུ་སོགས་སྡེ་ཁག་གསུམ་གྱིས། འབྲུ་རིགས་སྐྱེ་དངོས་ཆེ་གྲས་གསུམ་གྱི་མ་གནས་ཆ་ཚང་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་འགན་བཅོལ་གྱི་ལག་བསྟར་ཁྱབ་ཁོངས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ཡོངས་ལ་རྒྱ་ཆེར་གཏོང་རྒྱུ་བརྡ་ཐོ་བཏང་།

  • ཧྲན་ཞིས་ཀྱིས་མཐོ་རིམ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ལ་རོགས་སྐྱོར་བྱས་ཏེ། ཐོག་མར་ལས་གཏོད་བྱས་པ་དང་འབྲེལ་མི1ཡན་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་རིགས་ལ་གཏན་འབེབས་ལྟར་ཐེངས་གཅིག་ལ་ལས་གཏོད་ཁ་གསབ་སྒོར་ཁྲི1.5སྤྲོད་རྒྱུ་རེད།

  • ཧྲན་ཏུང་གིས་བསམ་འཆར་པར་འགྲེམས་བྱས་ཏེ། སྤུས་ཚད་མཐོ་བའི་སྡོད་ཁང་གསར་སྤེལ་འཛུགས་སྐྲུན་བྱེད་པར་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་ཆ་རྐྱེན100%འཇོག་དགོས།

དེ་རིང་གནམ་གཤིས།

3~1.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཅི་ལིན་གྱི་དབུས་ནུབ་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་ཤར་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཅང་སུའུ་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན།


མཉམ་སྤྱོད།