དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཁྱུང་གིས་ཞོ་ཧྲུན་ཁྲེན་དང་མཇལ་འཕྲད་གནང་ནས་བཞུགས་མོལ་བརྗེ་རེས་བྱས།

2023-07-14 08:31:58   |   3445

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ7པའི་ཚེས13ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚམས་འདྲིར་ཕེབས་པའི་ཞིང་ཆེན་སྡོམ་རྩིས་ཅུའི་ཏང་ཙུའུ་ཡི་ཁོངས་མིའམ་ཅུ་ཀྲང་གཞོན་པ་ཞོ་ཧྲུན་ཁྲེན་དང་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་ཀས་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དང་། སྡོམ་རྩིས་རྫུན་བཟོའི་ཆེད་དོན་བཅོས་སྒྲིག  དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་གྲ་སྒྲིག་སོགས་ཀྱི་ལས་དོན་ཐད་བཞུགས་མོལ་དང་བསམ་ཚུལ་བརྗེ་རེས་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུའུ་བདུན་ཅུ་བཞུགས་མོལ་ནང་ཞུགས།         2.jpg

 ཨ་ཁྱུང་གིས་ཞིང་ཆེན་སྡོམ་རྩིས་ཅུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཞིང་ཆེན་སྡོམ་རྩིས་ཅུ་ཡིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཞིང་ཆེན་ཡོངས་ཀྱི་སྡོམ་རྩིས་མ་ལག་གི་གསར་བརྗེ་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཞིང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་དེ་ནི་མཚོ་བྱང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། མཚོ་བྱང་གི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་རྟེན་གཞི་འཛུགས་པ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་སྤེལ་བ་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་ཡིན། མཚོ་བྱང་གིས་སྤུས་ཚད་མཐོ་བའི་སྡོམ་རྩིས་ལས་དོན་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་སྡོམ་རྩིས་ཅུ་ཡིས་སྡོམ་རྩིས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞིབ་ཕྲའི་མཛུབ་ཁྲིད་དང་རོགས་རམ་སྒོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་གིས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད། 

ཞོ་ཧྲུན་ཁྲེན་གྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཞིང་ཆེན་ཡོངས་ཀྱི་སྡོམ་རྩིས་མ་ལག་གི་གསར་བརྗེ་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བ་དེས་ཞིང་ཆེན་ཡོངས་ཀྱི་སྡོམ་རྩིས་མ་ལག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། དེ་དང་ཆབས་ཅིག  ཞིང་ཆེན་སྡོམ་རྩིས་ཅུ་ཡིས་ཀྱང་མཚོ་བྱང་གི་ལས་དོན་ཁག་ལ་སྔར་བཞིན་དུ་རྒྱབ་སྐྱོར་བྱེད་ངེས་ཡིན་པ་དང་། མཚོ་བྱང་དེ་ཞིང་ཆེན་ཡོངས་ཀྱི་ཐོན་ལས“གནས་བཞིའི”འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་ཆེད་སྡོམ་རྩིས་སྟོབས་ཤུགས་དེ་བས་ཆེ་བ་དང་ནུས་ལྡན་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད། 

ཞིང་ཆེན་སྡོམ་རྩིས་ཅུའི་འབྲེལ་ཡོད་ཚན་ཁག་གི་འགན་འཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་སྡོམ་རྩིས་ཅུའི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།