དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་མཚམས་དྲུག་པ།——དབྱི་ཐ་ལིའི་ཝེ་ཝེ་ཡ་ཉི་ལ་ཨང་དང་པོ་ཐོབ།

2023-07-15 15:11:08   |   462

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།

1.jpg

2.jpg

ཟླ7པའི་ཚེས14ཉིན། 2023ལོའི“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”གི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་དྲུག་པ་སྟེ། མདོ་ལ་ནས་ནུབ་མཚོ་གྲོང་རྡལ་བར་གྱི་འགྲན་བསྡུར་མཇུག་གྲིལ་བ་དང་། མཐར་དབྱི་ཐ་ལིའི་ཁེ་ལོ་ཏི་ཁེ་རུ་ཁག་གི་ཝེ་ཝེ་ཡ་ཉིས་མཐའ་མའི་གདོང་མཆོང་ལས་འགྲན་མཚམས་འདིའི་ཨང་དང་པོ་བླངས།

འགྲན་མཚམས་དྲུག་པ་ནི་སྐབས་འདིའི་མཚོ་སྐོར་འགྲན་བསྡུར་གྱི་འགྲན་མཚམས་བརྒྱད་ཁྲོད་ཀྱི་ལམ་ཐག་ཆེས་རིང་ཤོས་ཡིན་པ་དང་། ལམ་ཐག་ལ་སྤྱི་ལེ206ཡོད། ལམ་བར་དུ་གྱེན་འཛེག་ས་ཚིགས་གཉིས་དང་ལམ་བར་གྱི་མཐའ་མའི་གདོང་མཆོང་ས་ཚིགས་གཉིས་ཡོད།

འགྲན་མཚམས་འདི་ལ་ལྟད་མོ་ཤིན་ཏུ་ཆེ་བ་སྟེ། འགྲན་ཞུགས་པ་རྣམས་རྒྱུན་ཆད་མེད་པར་ཚོགས་པ་ཆེ་གྲས་ཀྱི་སྔོན་དུ་རྒྱུགས་ཤིང་རང་གི་སྣ་འདྲེན་གྱི་གནས་བབ་རྒྱུན་འཁྱོངས་བྱས།  ཚོགས་པ་ཆེ་གྲས་ཀྱང་འབད་པ་ལྷུར་ལེན་གྱིས་རྗེས་སུ་སྙེག་སྟེ། སྔོན་སྐྱོད་པ་ཚོ་དང་ཚོད་འཛིན་ཐུབ་པའི་བར་མཚམས་སུ་རྗེས་འདེད་བྱེད། མཐའ་མའི་ས་ཚིགས་བར་དུ་སྤྱི་ལེ2ཙམ་ལས་མེད་པའི་གནས་སུ། ཚོགས་པ་ཆེ་གྲས་སྔོན་སྐྱོད་འགྲན་ཞུགས་པ་ཡོད་ཚད་ཀྱི་རྗེས་ཆོད། ཆེས་མཐའ་མར། ཝེ་ཝེ་ཉི་ཡ་ཡིས་མཐའ་མའི་གདོང་མཆོང་ཁྲོད་ཤེད་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ལེགས་ཆ་ཏོག་ཙམ་ལ་བརྟེན་ནས་ཨང་དང་པོ་བླངས།

སྣེ་ཁྲིད་པའི་སྟོད་ཐུང(领骑衫)ཐད་དུ། ཁོ་ལོམ་པི་ཡའི(哥伦比亚)མེ་ཏེ་ལིན་རུ་ཁག་གི་ཝོར་སི་ཀྲ་ཕ་ཐ་ཡིས་མི་སྒེར་གྱི་སྤྱིའི་སྐར་འབྲས་ཨང་དང་པོའི་སྟོད་ཐུང་སེར་པོ་རྒྱུན་འཛིན་ཐུབ་པ་བྱུང་། དབྱི་ཐ་ལིའི(意大利)པ་ཏི་ཡ་ཉི་རུ་ཁག་གི་མུ་ལུ་པུ་ལན་དང་ཉི་ཨེ་ལི་ཡིས་སོ་སོར་མཐའ་མའི་གདོང་མཆོང་རྩེ་གྲའི་སྟོད་ཐུང་ལྗང་ཁུ་དང་གྱེན་འཛེག་རྩེ་གྲའི་སྟོད་ཐུང་ཐིག་ལེ་ཅན་ཐོབ། ཨེ་ཤེ་ཡའི་ལྕགས་རྟ་པ་རྩེ་གྲའི་སྟོང་ཐུང་སྔོན་པོ་དེ་སྔར་བཞིན་ཀྲུང་གོའི་ཧྭ་ཞིང་གླིང་སྐྱོད་རུ་ཁག་གི་ལུའེ་ཞན་ཅིང་ལ་ཐོབ།

ཚེས15ཉིན། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་མཚམས་བདུན་པ་སྟེ། ནུབ་མཚོ་གྲོང་རྡལ་ནས་གསེར་ཆེན་བར་གྱི་འགྲན་བསྡུར་མགོ་བརྩམ་རྒྱུ་རེད།


མཉམ་སྤྱོད།