དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-17 08:42:30   |   363

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གཞི་གྲངས་ཁྱབ་སྒྲོག་བྱས་པར་གཞིགས་ན། ད་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུའི་འདེབས་ཁྱོན་མུའུ་ཁྲི39913ཟིན་ནས་ལོ་གསུམ་བསྟུད་མར་འཕར་ཡོད།

  • བཟོ་འཕྲིན་པུས་ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རང་རྒྱལ་གྱི་གྲུ་གཟིངས་བཟོ་ཚད་དང་། ཉོ་ཆད་ཐོ་ཡིག་གསར་དུ་འབྱོར་ཚད། ལག་ཏུ་ཉོ་ཆད་ཐོ་ཡིག་ཁྱེར་ཚད་བཅས་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་བསྟན།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་རིམ་རྩིས་བྱས་ན་དུས་མཚུངས་ལས17.9%འཕར་ནས་མུ་མཐུད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

  • རིག་གནས་གནས་སྐོར་པུའི་གཞི་གྲངས་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རྒྱལ་ནང་གི་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར་ཁྲི2.30ཟིན་པ་དེ་ལོ་གོང་མ་ལས95.9%འཕར་ཡོད།

  • ཚེས16ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐེངས་གསུམ་པའི་བདེ་འཇགས་སྨན་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པའི་བརྡ་ཐོ་བཏང་།

  • ཉེ་ཆར། རང་བྱུང་ཐོན་ཁུངས་པུས་ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ས་གཤིས་གནོད་འཚེ་དུས་མཚུངས་ལས86.4%ཉུང་དུ་ཕྱིན་ཡོད་ཅེས་བཤད།

    1~1.jpg

  • ཚེས16ཉིན། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་ཧྲང་ཧེ་རུ་རང་རྒྱལ་གྱིས་བཟོས་པའིC919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་གཉིས་པ་དངོས་སུ་དང་ལེན་བྱས།

    3~1.jpg

  •  ཚེས16ཉིན། 2023ཧྥུ་ཀང་ཆུ་རྐྱལ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་རྐྱལ་མཆོང་བུད་མེད་ཀྱི་སྨི10ཡི་སྟེགས་བུའི་འགྲན་བསྡུར་ཁྲོད། ཁྲེན་ཡུས་ཞི་དང་ཆོན་ཧུང་ཁྲན་གཉིས་ཀྱིས་སྤྱིའི་སྐར་གྲངས369.84ཡིས་ཨང་དང་པོ་བླངས་ནས། ཀྲུང་གོའི་རུ་ཁག་གི་སྐབས་འདིའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ལྔ་པ་ཐོབ།

 སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་དམར་ལི་མདོག་གི་ཉེན་བརྡ་ཁྱབ་སྒྲོག་བྱས་ནས་སྔོན་དཔག་བྱས་པ་ལྟར་ན། ད་ལོའི་རྒྱ་མཚོའི་རླུང་དམར་ཨང་བཞི་པ“ཐའེ་ལི”དེ་ཚེས4ཉིན་གྱི་མཚན་མོར་ཀོང་ཏུང་ཐའེ་ཧྲན་ནས་ཧའེ་ནན་ཝུན་ཁྲང་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་རེད།

  • རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོ་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་མིག་སྔར2023ལོ་འཁོར་གྱི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཁྲོད་ཀྱི་སློབ་ཁུངས་ས་ཆའི་ཡིད་རྟོན་སློབ་རོགས་དངུལ་བུན་རེ་ཞུ་བདག་སྤྲོད་བྱེད་མགོ་ཚུགས།

  • རིག་གནས་གནས་སྐོར་པུས་སྡོམ་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་ཆ་ཉར་ཚགས་བྱེད་ཚད་སྡོམ་འབོར་ཁྲི135959ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས7.8%འཕར་ཡོད།

  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དྲ་ཐོག་རླངས་འཁོར་གྱི་ཁ་ལོ་བ་དང་མྱུར་སྐྱེལ་པ་སོགས་ཚུད་པའི་རྒྱལ་ཡོངས་ཀྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི8400ཟིན་ཡོད་པ་བསྟན།

    4~1.jpg

  • ཚེས16ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྐོག་འདྲེན་འཛིན་བཟུང་ལས་འགུལ་ཁྲོད་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་བའི་བློ་མཐུན་ཝང་ཞའོ་ལུང་ལ་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་རྗེས་སྤྲོད་བྱས་པ་རེད།

  • ཚེས16ཉིན། ཡུན་ནན་ཏ་ལི་ཡིས“གནས་སྐོར་སྣེ་ཤན་པས་གནས་སྐོར་བར་དུག་རྫས་ལྐོག་ཚོང་བྱེད་པའི”གནས་ཚུལ་བརྡ་ཁྱབ་བཏང་སྟེ། དབྱི་ག་གེ་མོར་གནས་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་པ་བཟོ་རྒྱུའི་སྲིད་འཛིན་ཆད་པ་གཅོད་རྩིས་ཡོད།

    5~1.jpg

  • ཚེས16ཉིན། སི་ཁྲོན་ཝོ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཚན་ཞིབ་མི་སྣས་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་ཞིག་ཤེས་རྟོགས་བྱུང་བ་དང་། དེར་ཝོ་ལུང་འདབ་འཁྱིལ་མེ་ཏོག(卧龙卷瓣兰)ཅེས་བཏགས།

  • ཧྲན་ཏུང་ཙི་པོ་ལོ་ན8ལ་སླེབས་པའི་བྱིས་པ་ཐུང་ཁའེ་ཁའེ་སྟབས་མ་ལེགས་པར་ཚེ་ལས་འདས་ནས། ཕ་མ་གཉིས་ཀྱིས་ཁོང་གི་དབང་པོ་ཞལ་འདེབས་ཕུལ་ཏེ་དབང་པོ་ཉམས་པའི་ཕྲུ་གུ་དྲུག་ལ་སྐྱེས་པའི་རེ་བ་སྦྱིན་པ་དང་། མིག་ལོང་བའི་ནད་པ་གཉིས་ལ་སླར་ཡང་འོད་སྣང་མཐོང་ཐུབ་པར་བྱས།

སྲིད་ཇུས།

  • པེ་ཅིང་གིས་མཛེས་བཟོའི་སྨན་བཅོས་སྒྲིག་གཞིའི་གན་རྒྱ་འཇོག་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། གྲོན་དངུལ་སྤྲད་པའི་ཉིན་བདུན་ནང་མཛེས་བཟོའི་སྨན་བཅོས་སྒྲིག་གཞི་ཡིས་སྨན་བཅོས་མཛེས་བཟོའི་ཞབས་ཞུ་ལག་བསྟར་བྱས་མེད་ཚེ་འཛད་སྤྱོད་པས་གན་རྒྱ་མེད་པ་བཟོ་རྒྱུ་དང་གྲོན་དངུལ་ཕྱིར་སློག་བྱ་རྒྱུའི་རེ་བ་འདོན་དབང་ཡོད་པ་གཏན་འབེབས་བྱས།

  • ཧུའུ་ནན་གྱིས་ཆ་རྐྱེན་འཛོམས་པའི་མཐོ་རིམ་སློབ་ཐོན་སློབ་མས་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་མི་སྒེར་གྱིས་ཆེས་མང་ཤོས་རེ་ཞུ་བྱེད་ཆོག་པའི་དངུལ་འབོར་སྒོར་ཁྲི20ཡིན།

  • ཀན་སུའུ་ཡིས་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱིས་སྤྱི་ཚོགས་གུན་སྐྱོབ་ཐོབ་ཐང་ཁས་ལེན་བྱེད་པའི་དུས་འཁོར་ཉིན180ནས་ཉིན365བར་ལེགས་སྒྲིག་བྱས།

དེ་རིང་གནམ་གཤིས།

6~1.jpg

  • ཧའེ་ནན་གླིང་ཕྲན་མང་ཆེ་བ་དང་། ཀོང་ཏུང་ཤར་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། དེ་མིན་ཅང་ཞིའི་ལྷོ་ནུབ་རྒྱུད། ཧུའུ་ནན་ཤར་ལྷོའི་རྒྱུད། སུའུ་ཝན་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།