དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-18 08:42:42   |   1710

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1~1.jpg

  • ཟླ7ཚེས17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥེ་ལུའི་པིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཕྲད་གནང་།

  • ཚེས17ཉིན། རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གཞི་གྲངས་ཁྱབ་བསྒྲགས་ལྟར་ཞིབ་རྩིས་རགས་ཙམ་བྱས་ན། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར593034ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.5%འཕར་ཡོད།

  • ཁྲིམས་འཛིན་པུས2022ལོའི་ཁྲིམས་སྲོལ་སྒྲིག་སྲོལ2313ཐོ་འགོད་ཞིབ་བཤེར་བྱས་ནས་ལས་ཁུངས་ཀྱི་ནོར་འཁྲུལ30ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན།

  • དམངས་སྲིད་པུ་ཡིས་བརྡ་ཐོའི་ནང་། གྲོང་གསེབ་ཀྱི་ས་མིང་སྲུང་སྐྱོང་མིང་དེབ་བཟོས་ནས་རྒྱུན་འཛིན་གྱི་རིན་ཐང་གལ་ཆེན་ལྡན་པའི་གྲོང་གསེབ་ཀྱི་ས་མིང་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་ནས་ས་མིང་རྙིང་པ་རང་དགར་འགྱུར་ལྡོག་གཏོང་མི་རུང་བའི་བླང་བྱ་བཏོན།

  • ཚེས17ཉིན། མི་ཐེག་དབྱིངས་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་གིས་སྤྱི་སྒྲོག་སྤེལ་ཏེ། མི་ཐེག་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་བཟོ་སྐྲུན་ཟླ་བའི་ངོས་ཀྱི་ཚན་རིག་ཐེག་ཚད་ཇུས་གཞི་བསྡུ་རུབ་བྱས།

  • མི་དམངས་མཁའ་དམག་གིས་ཚེས26ནས30ཉིན་བར་མཁའ་དམག་གི་མཁའ་འགྲུལ་སྒོ་དབྱེའི་བྱེད་སྒོ•ཁྲང་ཁྲུན་མཁའ་འགྲུལ་འགྲེམ་སྟོན་གཉེར་ནས་མཁའ་དམག་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་སྒྲིག་ཆས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པར་བྱ་རྒྱུ་ཡིན།

  • ཚེས17ཉིན། 2023ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་བུད་མེད་ཆ་ཡི་སྨི་གསུམ་ཆུ་མཆོང་སྟེགས་བུ་དང་། སྐྱེས་པ་ཆ་ཡི་སྨི་བཅུའི་སྟེགས་བུ། སྣ་མང་ཆུ་རྐྱལ་མཉམ་སྡེབ་ཀྱི་ཐབས་རྩལ་བཅས་རྣམ་གྲངས་གསུམ་གྱི་ཁྲོད་དུ་གསེར་གྱི་རྟགས་མ་བླངས།

    3~1.jpg

  • ཚེས16ཉིན། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཨ་རིའི་ཨ་ལིང་ཏུན་དུ་འཚོགས་པའི2023ལོའི་འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་རྟིང་འགྲན་ཁྲོད་ཨང་གཉིས་པ་ཐོབ་ནས་འཛམ་གླིང་མཉམ་འབྲེལ་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད།

  • ཚེས17ཉིན། ཨུ་རུ་སུས་མཚོ་ནག་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྱི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་ཁྱབ་སྒྲོག་བྱས།

སྤྱི་ཚོགས།

4~1.jpg

  • ཚེས17ཉིན་གྱི་མཚན་མོ་རྒྱ་མཚོའི་རླུང་དམར“ཐའེ་ལི”ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དུ་ཐོན་པ་དང་། དེ་རིང་གི་སྔ་དྲོ་ཀོང་ཞིའི་མཚོ་རྒྱུད་དུ་སླར་ཡང་སྐམ་སར་ཐོན་སྲིད། ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་དམར་པོའི་ཉེན་བརྡ་ཁྱབ་སྒྲོག་བྱས།

  • རྒྱལ་ཁབ་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་ཀྱིས་སྐབས2023གྱི་སློབ་མཐར་ཕྱིན་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་ནས། ལས་གནས་ཆ་འཕྲིན་ཁྲི20ལྷག་ཙམ་མཁོ་འདོན་བྱས་པ་དང་བྱེད་སྒོ་དེ་ཟླ8ཚེས30ཉིན་བར་སྤེལ་རྒྱུ་ཡིན།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དྲུག་པར་རྒྱལ་ཡོངས་ཀྱིས་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁྲི1779.4བདག་སྤྲོད་བྱས།

  • ཚེས17ཉིན། 2023ལོའི་དབྱར་གསེང་གི་གློག་བརྙན་གྱི་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར90ལས་བརྒལ་ནས་རང་རྒྱལ་གྱི་གློག་བརྙན་ལོ་རྒྱུས་ཀྱི་དབྱར་གསེང་སྟོད་ཀྱི་སྤ་སེ་འཚོང་ཚད་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

    5~1.jpg

  • ཚེས17ཉིན་གྱི་སྔ་དྲོ། རང་རྒྱལ་གྱིས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ•བདུད་གྲོང་རྟགས་ཅན”གྱི་འདྲེན་ཐག་གྲོལ་ནས་གྲུ་ཁ་དང་བྲལ་ནས་མཚོ་འགྲུལ་བྱེད་པའི་ཚོད་ལྟ་བྱེད་མགོ་ཚུགས།

    6~1.jpg

  • ཉེ་ཆར། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་གི་ཚན་ཞིབ་ཚོགས་པས་ཀྲོའུ་ཁོའུ་ཏེན་གྱི་པེ་ཅིང་མིའི་གནའ་ཤུལ་དུ་གནའ་བོའི་མིའི་རིགས་ཀྱི་རུས་པའི་འགྱུར་རྡོ་ཞིག་གསར་དུ་རྙེད་པ་དེ་ད་བར་ལོ་ཁྲི20ཙམ་ཡོད།

  • ཉེ་ཆར། ཀོང་ཀྲོའུ་སྒོ་གཅན་གྱིས་པའེ་ཡུན་གནམ་གྲུ་ཐང་གི་མཁའ་འགྲུལ་གྲུ་ཁའི་འགག་སྒོར་ངོ་སྦྱོར་གྱི་གཤེར་གཟུགས་འཁྱགས་དུག་ཁུག་མ57རྩད་ཆོད་པ་དང་ལྗིད་ཚད་སྟོང་ཁེ1.59ཟིན་ཡོད།

སྲིད་ཇུས།

  • ཧྲན་ཞི་ཡིས་ཡིག་ཆ་བཀྲམ་ནས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཀོལ་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་ལས་རིགས་དངོས་གཞིའི་ཚན་ཁག་གི་སློབ་གསོ་སྤེལ་རྒྱུར་སྐུལ་ལྕག་གཏོང་བ། འབྲིང་རིམ་ལས་རིགས་སློབ་གྲྭ་གསར་དུ་བཙུགས་པ་དག་མཐོ་རིམ་སློབ་འབྲིང་དཀྱུས་མར་རྣམ་པ་བསྒྱུར་མི་ཆོག་པ་གཏན་འབེབས་བྱས། 

  • ཀྲེ་ཅང་གིས་ཞིང་ཆེན་ཡོངས་ཀྱི་ཧང་ཀྲོའུ་གྲོང་ཁྱེར་ཕུད་གཞིས་ཆགས་ཚོད་འཛིན་མེད་པ་བཟོས་ནས། རྒྱུན་སྡོད་བྱ་ཡུལ་གྱི་ཁྱིམ་ཐོ་ཐོ་འགོད་ལམ་ལུགས་ཚོད་ལྟ་བྱས།

  •  ཧྲན་ཞི་ཡིས་བྱ་ཐབས་བཏོན་ནས་གཏེར་རིའི་ཁེ་ལས་ཀྱིས་ཞུ་འཆབ་པའི་ཆག་སྒོ་དག་ལ་བཀག་འགོག་བྱེད་པ་དང་། ཁེ་ལས་ཀྱིས་རྫུན་ཞུ་བྱས་ཚེ་དངུལ་ཆད་ཆེས་མཐོ་སྒོར་ཁྲི500ཟིན་ཡོད་པ་གཏན་འབེབས་བྱས།

འཚོ་བའི་དྲན་སྐུལ།

9~1.jpg

  • ཀོང་ཏུང་གི་ས་ཆ་མང་ཆེ་བ་དང་། ཀོང་ཞི། ཧའེ་ནན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཀོང་ཏུང་གི་ལྷོ་ནུབ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།