དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2023ལོའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་སྐར་མཚམས་ཁྱབ་བསྒྲགས་བྱས་པ།

2023-07-18 08:57:53   |   1554

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


༡.jpg

མཚོ་བྱང་ཁུལ་གྱི2023ལོའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་སྐར་མཚམས་གཏན་འཁེལ་ཁྱབ་བསྒྲགས་བྱས་པ་སྟེ། 

འཇུ་ལག་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་སྐར་མཚམས573ཡིན་པ་རེད། 

མདོ་ལ་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་སྐར་མཚམས་ནི་སྤྱིར་བཏང་འཛིན་གྲྭའི་སྐར་མཚམས569དང་མ་དཔེ་འཛིན་གྲྭའི་སྐར་མཚམས506ཡིན་པ་རེད། 

མཚོ་བྱང་ཁུལ་མཐོ་འབྲིང་དང་པོའི་སློབ་བསྡུའི་སྐར་མཚམས་ནི་སྤྱིར་བཏང་འཛིན་གྲྭའི་སྐར་མཚམས560དང་མ་དཔེ་འཛིན་གྲྭའི་སྐར་མཚམས506ཡིན་པ་རེད། དེའི་ནང་སྤྱིར་བཏང་འཛིན་གྲྭར་ཁུལ་ཡོངས་སུ་ཁ་ཕྱོགས་ཏེ་སློབ་མ་བསྡུ་རྒྱུ་ཡིན་ལ། འཇུ་ལག་དང་མདོ་ལ་རྫོང་གཉིས་ཀྱི་རྒྱུགས་སྤྲོད་སློབ་མས་མཚོ་བྱང་མཐོ་འབྲིང་དང་པོ་ལའང་མིང་ཐོ་འགོད་ཆོག

མཚོ་བྱང་ཁུལ་སློབ་གསོ་ཅུ། 

2023ལོའི་ཟླ7པའི་ཚེས17ཉིན། 


མཉམ་སྤྱོད།