དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2023ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཁུལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར(信访)བདག་སྤྲོད་བྱས་ཚུལ།

2023-07-18 10:40:14   |   1601

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།




1.jpg

2023ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཁུལ་ཡོངས་སུ(ཞང་གྲོང་ཚུད་པ)འགལ་ཟླ་དང་རྩོད་གཞིའི་རིགས་དང་། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར། དྲ་ཐོག་ཡིག་བསྐུར་ངོ་བཅར་བཅས་ཐེངས་གྲངས470(མི་ཐེངས692)བདག་སྤྲོད་དང་འདུམ་འགྲིག་བྱས། 

ཞང་དང་གྲོང་རྡལ་རིམ་པས་འགལ་བ་དང་རྩོད་གཞི་སྣ་ཚོགས་འདུམ་འགྲིག་བྱས་ཚུལ་ནི་འདི་ལྟ་སྟེ། ཞང་དང་གྲོང་རྡལ30ཡིས་འགལ་བ་དང་རྩོད་གཞི373བདེ་བླག་ངང་འདུམ་འགྲིག་བྱས། (དེའི་ནང་འཇུ་ལག་རྫོང་གི་ཞང་དང་གྲོང་རྡལ12ཀྱིས་མང་ཚོགས་ཀྱི་རེ་ཞུ་དང་རྩོད་གཞི224བདག་སྤྲོད་བྱས། མདོ་ལ་རྫོང་གི་ཞང་གྲོང7གྱིས་མང་ཚོགས་ཀྱི་རེ་ཞུ་དང་རྩོད་གཞི27བདག་སྤྲོད་བྱས། མདའ་བཞི་རྫོང་གི་ཞང་དང་གྲོང་རྡལ6གིས་མང་ཚོགས་ཀྱི་རེ་ཞུ་དང་རྩོད་གཞི59བདག་སྤྲོད་བྱས། རྐང་ཚ་རྫོང་གི་ཞང་གྲོང5ཡིས་མང་ཚོགས་ཀྱི་རེ་ཞུ་དང་རྩོད་གཞི63བདག་སྤྲོད་བྱས་ཡོད།)

༦༦༦.jpg

རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྱི་གྲངས་འབོར་ཁྱབ་ཚུལ་གྱི་གནས་ཚུལ་འདི་ལྟ་སྟེ། རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྱི་སྤྱི་འབོར་ཁྲོད། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུ་ཡིས་བརྒྱུད་སྤྲོད་བྱས་པའི་གྱོད་དོན23ཡོད་པ་དེས་ཡིག་བསྐུར་ངོ་བཅར་སྤྱི་འབོར་གྱི23.7%ཟིན། ཞིང་ཆེན་ཡིག་བསྐུར་ངོ་བཅར་ཅུ་ཡིས་བརྒྱུད་སྤྲོད་བྱས་པའི་གྱོད་དོན25ཡོད་པ་དེས་སྤྱི་འབོར་གྱི25.7%ཟིན། ཁུལ་ཐད་གཏོགས་སྡེ་ཚན་གྱིས་གྱོད་གཞི11བདག་སྤྲོད་བྱས་པ་དེས་ཡིག་བསྐུར་ངོ་བཅར་སྡོམ་འབོར་གྱི11.34%ཟིན། འཇུ་ལག་རྫོང་གིས་གྱོད་གཞི11བདག་སྤྲོད་བྱས་པ་དེས་ཡིག་བསྐུར་ངོ་བཅར་སྡོམ་འབོར་གྱི11.34%ཟིན། མདོ་ལ་རྫོང་གིས་གྱོད་གཞི14བདག་སྤྲོད་བྱས་པ་དེས་ཡིག་བསྐུར་ངོ་བཅར་སྡོམ་འབོར་གྱི14.43%ཟིན། མདའ་བཞི་རྫོང་གིས་གྱོད་གཞི11བདག་སྤྲོད་བྱས་པ་དེས་ཡིག་བསྐུར་ངོ་བཅར་སྡོམ་འབོར་གྱི11.34%ཟིན། རྐང་ཚ་རྫོང་གིས་གྱོད་གཞི་2བདག་སྤྲོད་བྱས་པ་དེས་ཡིག་བསྐུར་ངོ་བཅར་སྡོམ་འབོར་གྱི2.06%ཟིན།

1.png

རྫོང་རིམ་པ་ཡན་གྱི་ཡིག་སྐུར་ངོ་བཅར་སྡེ་དག་གིས་བདག་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་སྡེ་ཁག་གིས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་དྲ་ཐོག་གི་ཡིག་བསྐུར་ངོ་བཅར་གྱི་གྱོད་དོན97དང་མི་ཐེངས134བདག་སྤྲོད་བྱས་ཡོད། དེའི་ནང་འཕྲིན་བསྐུར་གྱོད་དོན8དང་མི་ཐེངས9ཡོད། དེ་ཡིས་རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྱི8.25%ཟིན། ངོ་བཅར་གྱོད་དོན34དང་མི་ཐེངས59ཡོད་པ་དེས་རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྲངས་འབོར་གྱི35.055%ཟིན། དྲ་ཐོག་ཡིག་བསྐུར་ངོ་བཅར་གྱོད་དོན46དང་མི་ཐེངས57ཡོད་པ་དེས་རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྲངས་འབོར་གྱི་བརྒྱ་ཆ47.42%ཟིན། མགོ་ཁྲིད་ཡིག་སྒམ་དུ་གྱོད་དོན9(ཐེངས)ཡོད་པ་དེས་རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྲངས་འབོར་གྱི9.28%ཟིན། གྱོད་དོན89བསྒྲུབས་ཟིན་པ་དང་ཐག་གཅོད་བྱེད་ཚད91.7%ལ་སླེབས་ཡོད།

2.jpg

རྫོང་རིམ་པ་ཡན་གྱི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཁག་རིགས་དབྱེ་བྱས་ན། རྫོང་རིམ་པ་ཡན་གྱི་སྡེ་ཁག་གིས་བདག་སྤྲོད་བྱས་པའི་ཡིག་བསྐུར་ངོ་བཅར་གྱི་དོན་དག་ཁྲོད་མང་ཚོགས་ཀྱིས་བཏོན་པའི་གནད་དོན་མངོན་གསལ་དོད་པོའི་རིགས་ནི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་རིགས 23ཡོད་པ་དང་། གཙོ་བོ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་དང་སྡོད་ཁང་འགན་སྲུང་། ས་ཁང་བདག་ཁོངས་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་བདེ་སྡུག་སྐོར་ཡིན།  ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐེངས20བདག་སྤྲོད་བྱས་ཡོད། དེ་དག་ནི་གཙོ་བོ་ངལ་རྩོལ་པ་དང་མ་རྩ་ཅན་བར་གྱི་རྩོད་གཞི་དང་། ཞིང་པའི་གླ་ཕོགས་དང་ལས་གྲྭའི་སྒོར་མོ་དུས་འགྱང་བྱས་པའི་སྐོར་ཡིན། གྲོང་གསེབ་ཞིང་ལས་རིགས་ཀྱིས་ཡིག་སྐུར་ངོ་བཅར་གྱི་གནད་དོན12བདག་སྤྲོད་བྱས་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་གྲོང་ཚོ་ཁ་ཤས་ཀྱིས་གྲོང་དོན་ཡོངས་བསྒྲགས་མ་བྱས་པ་དང་། རྩྭ་རའི་རྩོད་གླེང་སྐོར་ཡིན། སྒྲིག་བཤེར་ལྟ་ཞིབ་རིགས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན11ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་དངུལ་བུན་ཆུང་གྲས་སྤྱི་གཉེར་གྱི་དངུལ་བུན་རྩོད་གཞིའི་གནད་དོན་ཡིན་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣས་ཁ་དན་ཚིག་ལ་མ་གནས་པར་དངུལ་བུན་མ་འཇལ་བ་ལས་བྱུང་བའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་སྐོར་རེད། དེ་ལས་གཞན། ལས་བྱེད་པས་ལས་ཀ་མི་བྱེད་པ་དང་གང་བྱུང་དུ་སྒྲུབ་པ་སོགས་ཀྱི་ལས་ཀའི་སྤྱོད་ཚུལ་གྱི་གནད་དོན་མང་ཚོགས་ཀྱིས་གོང་ལ་ཞུས་པའང་ཡོད། རང་བྱུང་ཐོན་ཁུངས་རིགས་ཀྱི་གྱོད་གཞི8ཡོད་པ་དང་། དེ་ནི་གཙོ་བོ་རྩྭ་ཐང་གང་བྱུང་དུ་བདག་བཟུང་དང་ས་རྟགས་རྒྱག་པ་བཅོས་སྒྲིག་བྱེད་པའི་ཁྲོད་དྲང་བདེན་མ་ཡོང་བའི་སྐོར་ཡིན། སྲིད་ཁྲིམས་རིགས་ཀྱི་གྱོད་དོན7ཡོད་པ་དང་། དེ་ནི་གཙོ་བོ་གཏུག་བཤེར་དང་། བཅའ་ཁྲིམས་ཞབས་ཞུ། འགྲིམ་འགྲུལ་དོ་དམ་སོགས་ཀྱི་གནད་དོན་སྐོར་ཡིན། དམངས་སྲིད་དང་འཕྲལ་སྡོམ་སྐོར་གྱི་གྱོད་དོན3ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སྐོར་གྱི་གྱོད་དོན3ཡོད། འཕྲོད་བསྟེན་བདེ་ཐང་སྐོར་གྱི་གྱོད་དོན2ཡོད། རྩ་འཛུགས་མི་དོན་སྐོར་གྱི་གྱོད་དོན2ཡོད། ཁྱབ་ཁོངས་གཞན་དག་སྐོར་གྱི་གྱོད་དོན6ཡོད། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་མངོན་གསལ་དོད་པོས་འཕར་ཆག་བྱུང་མེད།

3.png


མཉམ་སྤྱོད།