དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མདའ་བཞིའི་རྟ་རྒྱུག་འགྲན་ཚོགས་ཀྱིས“བང་རྩལ་དང་ངར་སེམས”ཀྱི་ལྟད་མོ་གྱ་ནོམ་པ་སྟོན་རྒྱུ་རེད།

2023-07-19 17:26:40   |   220

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟི་ལིང་གི་མི་དམངས་དྲ་བས་ཟླ7པའི་ཚེས18ཉིན་རང་རེའི་དྲ་བར་གློག་འཕྲིན་བཏང་བ་ལྟར་ན། མཚོ་སྔོན•མཚོ་བྱང་གི་མཚོ་སྔོན་པོའི་རྟ་རྒྱུག་བརྗེ་རེས་འགྲན་སྡུར་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱུང་བ་ལྟར་ན། 2023ལོའི་ཟླ8པའི་ཚེས3ནས་ཟླ8ཚེས6ཉིན་བར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་སྐབས་གཉིས་པ་སྤེལ་རྒྱུ་རེད། སི་ཁྲོན་བོད་རྟ་གྱི་ལང་རྟ་ལས་དང་། ཉིང་ཞ་རྟ་རྩལ་མཐུན་ཚོགས་སོགས་སྡེ་ཁག19འགྲན་སྡུར་དུ་ཞུགས་རྒྱུ་རེད། མིག་སྔར་མིང་ཐོ་འགོད་མཁན་གྱི་རྟ500ཡས་མས་ཡོད་པ་དང་། འགྲན་ཚོགས་ཀྱིས་བང་འགྲན་རྣམ་གྲངས3དང་། གོམ་རྟའི་རྣམ་གྲངས3ཡོད་པ་མ་ཟད། ད་དུང་སྐྱེས་མའི་གོམ་རྟ་ལས་ཡུལ་རྟའི་སྨི1000ཅན་གྱི་རྣམ་གྲངས་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའི་དངུལ་མཐོ་ཤོས་སྒོར་ཁྲི10ཡིན་པ་དང་། བྱ་དགའི་དངུལ་གྲངས་དེ་འགྲན་སྡུར་བྱེད་སྒོ་ཀུན་གྱི་ཡང་རྩེ་ཡིན། 

༤.jpg

མདའ་བཞི་རྫོང་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་དང་། ཞིང་ཕྱུགས་ལས་ཟུང་འབྲེལ། རིག་གནས་དང་གནས་སྐོར་ལས་རིགས་མཉམ་འདྲེས་བྱས་པའི་དཔེ་མཚོན་ཅན་གྱི་རྫོང་ཞིག་ཡིན། སྔོན་ཆད་དར་གོས་འགྲུལ་ལམ་ལྷོ་མའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ཞིང་ལས་རིག་གནས་དང་ཕྱུགས་ལས་རིག་གནས་ཡུལ་འདི་ནས་འདྲེས་ཤིང་། རྐྱ་རྩལ་རྣམས་ལ་རང་མོས་ཀྱིས་བང་རྩལ་འགྲན་སའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད། མདའ་བཞིའི་རྟ་རྩལ་ལུས་རྩལ་གྱིས་སྔ་མོ་ནས་བཟུང་མགྱོགས་པའི་གོམ་སྟབས་དང་། རྩལ་གྱི་ཉམས་འགྱུར། ཤུགས་ཀྱི་གོམ་འགྲོས། མཛེས་པའི་ཁྱད་ཆོས་བཅས་ལ་བརྟེན་ནས་མི་དེ་བས་མང་བོའི་ཡིད་དབང་བཀུག་ཡོད་པས། གསེར་དངུལ་ཐང་དུ་ལོ་རེ་བཞིན་རྣམ་པ་སྣ་ཚོགས་ཀྱི་རྟ་རྩལ་བྱེད་སྒོ་སྤེལ་བཞིན་ཡོད་ལ། མདའ་བཞི་རྫོང་ལ་“རྟ་རྩལ་རྫོང”གི་མཚན་སྙན་གནང་ཡོད་པ་མ་ཟད། གསེར་དངུལ་ཐང་གི་རྟ་རྩལ་དེ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སུ་ཚུད་ཡོད།

ཐེངས་འདིའི་རྟ་རྒྱུག་བྱེད་སྒོ་དེ་མཚོ་སྔོན་པོའི་འགྲམ་དང་མཐོན་པོ་སྒང་གི་འདབས་རོལ་དུ་སྤེལ་བའང་རྒྱུ་མཚན་ཡོད་དེ། དེས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱིས་ལུས་རྩལ་ཐོན་ལས་དང་གསར་བརྗེའི་གནས་སྐོར་ལས་རིགས་མཉམ་འདྲེས་དང་འཕེལ་རྒྱས་གཏོང་བའི་ཆོད་སེམས་གང་ལེགས་མཚོན་ཡོད། ད་ཐེངས་ཀྱི་རྟ་རྒྱུག་ཚོགས་ཆེན་གྱིས་རྟ་སྨྱན་སྦྱོར་དུ་བྱས་ཤིང་། འགྲན་སྡུར་འབྲེལ་ཐག་བྱས་ཏེ། རྟའི་རིག་གནས་དེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་རིག་གནས་ནང་དུ་འདྲེས་པར་བྱས་ཏེ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ནང་དོན་ཇེ་ཟབ་ཏུ་བཏང་བས། མདའ་བཞི་རྫོང་གི“རྟ་རྒྱུག་རྫོང”གི་རིག་གནས་གནས་སྐོར་ཟོང་རྟགས་ཀྱི་མཚན་སྙན་སྔར་བས་ཇེ་རྒྱས་སུ་བཏང་བ་དང་། མདའ་བཞི་རྫོང་གི་སྐད་གྲགས་ཇེ་ཆོད་དང་སྙན་གྲགས་ཇེ་རྒྱས་སུ་བཏང་ཡོད།


མཉམ་སྤྱོད།