དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕེབས་ཤོག མདའ་བཞིའི་རོལ་དབྱངས་དུས་ཆེན་ལ་ཕེབས་ཤོག

2023-07-19 17:58:08   |   458

རྩོམ་སྒྲིག  སངས་རྒྱས་སྐྱིད།  ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོའི་མདའ་བཞིའི་གླུ་གཞས་རོལ་དབྱངས་དུས་ཆེན་དེ་སྤྱི་ཟླ7པའི་ཚེས28དང29སྟེ་ཉིན་གཉིས་ལ་མདའ་བཞི་ཚོ་བ་ནས་འཚོག་རྒྱུ་རེད།

 5.jpg

ཕེབས་ཤོག རྩྭ་ཐང་ན་སྤྲིན་དཀར་དང་ནོར་ལུག་ཡོད་པ་མ་ཟད། དེང་རབས་ཀྱི་གདངས་འགྲོས་མྱུར་བའི་གླུ་གཞས་ཀྱི་འདུ་འཛི་ཡོད།

6.jpg

ཕེབས་ཤོག རྩྭ་ཐང་ན་སྤང་ལྗོངས་དང་མེ་ཏོག་ཡོད་པ་མ་ཟད། བོད་དབྱངས་ཀྱི་རྣ་བའི་བཅུད་དུ་གྱུར་བའི་གླུ་གཞས་ཀྱི་འདུ་འཛི་ཡོད།

ཕེབས་ཤོག རྩྭ་ཐང་ན་ཤ་རིགས་ཀྱི་སྡེར་ཁ་དང་གླུ་ཡི་སྟོན་མོ་ཡོད་པ་མ་ཟད། ཐང་ཆད་པའི་སྣང་བ་འདི་ནས་གསོས་ཆོག ཐེངས་འདིའི་གླུ་གཞས་རོལ་ཚོགས་ལ་མིང་གྲགས་ཅན་གྱི་གླུ་བ་མགོ་ལོག་ཤེར་བསྟན་དང་སངས་རྒྱས་ཚེ་རིང་། གདུགས་དཀར་ཡག ནམ་མཁའ། བསོད་ནམས་ཆོས་སྒྲོན། རིན་ཆེན་སྒྲོལ་མ་སོགས་ཡོད་པ་མ་ཟད། ཀྲུང་གོའི་འདར་འགྲིལ་ཐེན་ཧི་ཆི་རོལ་ཁག་དང་ལེ་ཡིན་རོལ་ཁག་སོགས་མཉམ་འཛོམས་བྱས་ནས་རྒྱ་ཆེའི་ལྟད་མོ་བར་མིག་དང་རྣ་བའི་ལོངས་སྤྱོད་གྱ་ནོམ་པ་འབུལ་རྒྱུ་རེད་ལ། མདའ་བཞི་ཚོ་བས་ཀྱང་ཁྱེད་ལ་དུས་ལྟར་ཟས་དང་གནས་མལ་ཡག་པོ་གྲ་སྒྲིག་བྱས་ཡོད།


མཉམ་སྤྱོད།