དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ལྷ་ས་གྲོང་ཁྱེར་དུ་བསྐྱོད་དེ་སློབ་སྦྱོང་དང་རྟོག་ཞིབ་གནང་།

2023-07-19 20:03:35   |   245

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ལྷ་ས་གྲོང་ཁྱེར་དུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་གནང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དབྱང་ཧུང་དང་། ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཕན་ཝུན་ཆིང་གིས་ཕེབས་རོགས་བྱས་ཤིང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཝང་ཡུང་ཁྲང་སློབ་སྦྱོང་དང་རྟོག་ཞིབ་བྱ་བར་ཞུགས། 

༡.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་སོ་སོར་ལྷ་ས་གསོ་རིག་སློབ་ཆེན་དང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ། རིག་གནས་ཐོན་ལས་གསར་གཏོད་གླིང་ཁུལ། ཐང་གའི་སྒྱུ་རྩལ་ཐོན་ལས་གླིང་ཁུལ། ཡུས་གཡོད་མཐོ་སྒང་གསོ་རླུང་ཐོན་ལས་གླིང་། ཀྲུང་ཧྭ་རིག་གནས་སྤྱི་གླིང་། དེ་བཞིན་བདུད་རྩི་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་སོགས་སུ་སོང་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས། ནས་དང་ནོར་ལུག་གི་ཀོ་པགས། བལ་དང་ཁུ་ལུ་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་། བོད་ཤོག་དང་དཔར་ཤིང་། ཚོན་སོགས་ཀྱི་ཐོན་རྫས་ལས་པ་དང་། ཐང་ག་འབྲི་བཞེངས་དང་གཞི་ཁྱོན་ཅན་གྱི་གསོ་སྦྱོང་། མཐོ་སྒང་དུ་མཁོ་བའི་དམིགས་བསལ་ཁྱད་ལྡན་བཟའ་བཅའ་འཐུང་ཆས་ཐོན་ལས་སོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གནང་།

༢.jpg

༣.jpg

༤.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་བ་ཡིན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རིག་གནས་དང་གནས་སྐོར་མཉམ་འདྲེས། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། རིག་དངོས་སྲུང་སྐྱོབ་བེད་སྤྱོད། བོད་སྨན་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་རྒྱུན་འཛིན་དང་འཕེལ་རྒྱས། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་སོགས་ཐད་བསགས་པའི་ཉམས་མྱོང་ལ་བཀྲག་མདངས་འཚེར་ས་མང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། རྒྱ་བཟའ་ཀོང་ཇོའི་དངོས་ལྗོངས་ཟློས་གར་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་གཞི་ཁྱོན་ཆེ་བ། སྙན་གྲགས་ལྡན་ལ། སྤུས་ལེགས་ཀྱི་ཁེ་ལས་དང་ཕུལ་བྱུང་ཐོན་རྫས་འཛོམས་པའི་ཆ་རྐྱེན་འོག  བོད་སྨན་གྱི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཀོ་བཟོ་ཀོ་མཉེད། མཐོ་སྒང་ཟ་ཁང་གི་མཁོ་ཆས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མགོ་ཚུགས་སྔ་བ་དང་འཕེལ་རྒྱས་མགྱོགས་པོ་ཡོད་པས།  མཚོ་བྱང་ལ་ཐབས་ལམ་དང་བྱེད་སྟངས་ཡག་པོ་མཁོ་འདོན་བྱས་པ་དང་། ཕྱོགས་མང་པོའི་ཐད་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཆེན་པོ་ཡོད་པའི་ངོས་འཛིན་བྱས་ལ།  མཚོ་བྱང་མིག་སྔར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཤིང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པས་ཐོན་ལས་གསར་པ་དང་ལག་རྩལ་གསར་པ། སྒུལ་ཤུགས་གསར་པ། བྱེད་སྟངས་གསར་པ་བཅས་ནང་འདྲེན་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྷ་སའི་འབྲེལ་ཡོད་ཕྱོགས་ཀྱི་ཁེ་ལས་མཚོ་བྱང་དུ་རྟོག་ཞིབ་བྱེད་པར་ཕེབས་ནས་ཐུན་མོང་གི་ངོས་འཛིན་ཆགས་པར་བྱེད་པ་དང་། ཕན་འབྲས་ལྡན་པའི་བརྗེ་རེས་མཉམ་ལས་བྱས་ཏེ། མཉམ་ལས་གཉིས་ཕན་ཡོང་བར་བྱེད་པའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག ལྷ་སའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གསོ་དང་ལེན་བྱེད་དུ་ཡོང་བར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པ་བསྟན།


མཉམ་སྤྱོད།