དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-20 08:55:20   |   244

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ7ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བར་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི(西哈莫尼)དང་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་། 

  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད(2023ལོའི་པར་གཞི)》དང《མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་ཐུབ་ཏུ་འཇུག་པ་སྟེ། ཞི་ཅིན་ཕིང་གི་བཤེར་ཕབ་ཞབས་རྗེས》སོགས་མ་ལག་ནང་བཀོད་ཡོད་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ས་གནས་ཀྱི་ལས་དོན་བརྒྱུད་རིམ་གྱི་དཔེ་དེབ་ཀྱི་ཚུགས་རྙིང་པར་གཞིའི་འགྲེམ་སྤེལ་མཛད་སྒོ་སྐབས་སོ་གསུམ་པ་ཞང་ཀང་དུ་དཔེ་འགྲེམ་བྱས། 

  • 《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཟླ7ཚེས19ཉིན་ཁྱབ་བསྒྲགས་བྱས་པ་རེད། ཞིབ་འཕྲིན།

  • ནོར་སྲིད་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར119203ཡོད་པ་དེ་དུས་མཚུངས་ལས13.3%འཕར་ཡོད། 

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས3.8%འཕར་བ་དང་། བཟོ་ལས་ཀྱི་མ་འཇོག་དུས་མཚུངས་ལས8.9%འཕར་ཡོད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱེད་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོད་པ་དང་། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་ཁྲི2.4གསར་དུ་བཙུགས་ནས35.7%འཕར་ཡོད། 

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་ཚན་གྱིས་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར1.68ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས169.6%འཕར་ཡོད། 

  • ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འབཟོ་སྐྲུན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ནས་གྲུ་ཁང་ནས་ཕྱིར་འདོན་པའི་བྱེད་སྒོ་སྤེལ་རྒྱུ་རེད། 

  • ཚེས19ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་རུ་ཁག1302རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས་པ་རེད། 

    ༣.jpg

  • ཚེས19ཉིན། 2023ལོའི་ཧྥུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་བུད་མེད་ཀྱི་སྨི10ཡི་རྟིང་རྩོད་འགྲན་བསྡུར་ནང་ཁྲེན་ཡུས་ཞི(陈芋汐)དང་ཆོན་ཧུང་ཁྲན(全红婵)གྱིས་ཨང་དང་པོ་དང་ཨང་གཉིས་པ་བླངས་པ་རེད། 

    སྤྱི་ཚོགས།

  • འབྱུང་འགྱུར་ཉིན་གསུམ་ནང་སི་ཁྲོན་གཤོང་སའི་ཤར་རྒྱུད་དང་ཅང་ཧན། སུའུ་ཝན་དང་དེ་བཞིན་ཧྭ་བྱང་ཤར་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་ཅིང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 

  • དམངས་སྲིད་པུ་དང་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས《རྒན་གསོའི་སྒྲིག་ཚན་གྱི་མེ་གསོད་བདེ་འཇགས་དོ་དམ་གཏན་འབེབས》དཔར་འགྲེམ་བྱས་ནས་རྒན་གསོའི་སྒྲིག་ཚན་དུ་ཆུ་ཚོད24ཡི་ལས་རེས་ལམ་ལུགས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

  • ཞིང་ལས་གྲོང་གསེབ་པུས་ཕྱི་ནས་ཡོང་བའི་དངོས་རིགས་ཁྲིམས་འགལ་ངང་ནང་འདྲེན་དང་གློད་གཏོང་། གཡུག་སྐྱུར་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད། 

  • ཟླ་དྲུག་པའི་ཟླ་མཇུག་བར། རང་རྒྱལ་གྱིས་རིམ་རྩིས་བྱས་ན་གཞི་གནས5Gནི293ལས་བརྒལ་བ་བསྐྲུན་ཟིན་པ་དང་། 5Gསྤོ་སྒུལ་ཁ་པར་སྤྱོད་མཁན་དུང་ཕྱུར6.76ལ་སླེབས་ཡོད། 

  • ཉེ་ཆར་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ལས་ཐོག་ཉེས་གསོག་དོགས་ཅན་རྒྱལ་ཁབ་མ་འཇོག་གློག་ཤུགས་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་ཀུའོ་ཆི་ཀང(郭启刚)རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས། 

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་བརྡ་ཁྱབ་བཏང་ནས། པེ་ཅིང་ལང་ཏི་སྨན་བཟོ་ཚད་ཡོད་སྤྱི་གཉེར་སོགས་ཁེ་ལས16གིས་ཐོན་སྐྱེད་བྱས་པའི་ཐཱན་སྐྱུར་ཀལD3རིལ་བུ་སོགས་སྨན་རྫས་ཁག49གཏན་འབེབས་དང་མི་མཐུན་པས། འཚོང་མཚམས་བཞག་ནས་ཚུར་བསྡུ་བྱས་པ་རེད། 

༤.jpg

  • ཚེས19ཉིན་གོ་ལ་ཧྲིལ་པོའི་ཀྲའོ་ཝ16ཟིན་པའི་མཚོ་ཐོག་རླུང་གློག་འཕྲུལ་ཚན་ཐོག་མ་དེ་ཧྥུ་ཅན་མཚོ་ཐོག་རླུང་གློག་ས་ཚིགས་སུ་དྲ་སྦྲེལ་ཐུབ་ནས་གློག་གཏོང་ཐུབ་ཡོད། 

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱི་ཞིབ་འཇུག་གསར་ཤོས་ཤིག་ལས་བྱང་སྣེའི་རྩི་ཤིང་ཁུལ་གྱི་འབྱུང་ཁུངས་དང་གྲུབ་པའི་བརྒྱུད་རིམ་གསལ་སྟོན་བྱས་པ་དེས་གླིང་སྣེའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་ཚུལ་བསྟན་པ་རེད། 

༥.gif

  • ཨན་ཧུའེ་ཧྥུ་དབྱང་གི་སྡོད་དམངས་ཐོག་ཁང་ལ་མེ་སྐྱོན་ཤོར་བ་དང་། བྱིས་པ་ཞིག་ཉི་ཁྱམས་སུ་ལུས། མི་དམངས་ཉེན་རྟོག་པ་ཧོའུ་ཞང་ཡུས(侯翔毓)དང་གཞོགས་འདེགས་ཉེན་རྟོག་པ་ལུའུ་མའོ(卢毛)ཐོག་ཁང་འོག་ཏུ་བཞག་པའི་ཟོག་འདྲེན་རླངས་འཁོར་གྱི་ཀླད་དུ་འཛེགས་ནས་མེ་ཤུགས་ལ་ཚོད་འཛིན་བྱེད་པ་དང་ཆབས་ཅིག་རྐུན་འགོག་སྒེའུ་ཁུང་གཏོར་ནས་ཕྲུ་གུ་དེ་བསྐྱབས་པ་རེད། 

སྲིད་ཇུས།

  • པེ་ཅིང་གིས་འགན་ལེན་རང་བཞིན་གྱི་སྡོད་ཁང་ཇུས་འགོད་ཇུས་གཞིའི་ཞིབ་དཔྱད་ལས་དོན་གྱི་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་ནས་དཔེ་མཚོན་དུད་ཚང་ལ་ཁྱབ་དགོས་པའི་རྣམ་གྲངས་ཀྱི་ཁང་ཁུངས་སྤྱིའི་གྲངས་འབོར་གྱི60%ཁ་གསལ་བཟོས་ཡོད། 

  • ཅང་ཞིས་གཙོ་གནད་ཚོད་ལྟ་ཁང་ལེགས་སྒྱུར་བསྐྱར་སྒྲིག་ཇུས་གཞི་བཏོན་པ་དང་། བསྐྱར་སྒྲིག་བྱས་རྗེས་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང་གི་སྡོམ་འབོར་དེ200ཙམ་དུ་ཚོད་འཛིན་བྱ་རྒྱུ་རེད། 

ཧུའུ་པེས་གྲོང་གསེབ་ཀྱི་དངོས་རྒྱུག་སྡེ་བ་རིམ་པའི་ཞབས་ཞུའི་དྲ་ཚིགས་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་གྱི་བྱེད་ཐབས་བརྒྱུད་སྡེབ་སྐྱེལ་བྱེད་མི་ཐུབ་པའི་དྲ་ཚིགས་ལ་སྦྲག་སྲིད་སྤྱི་གཉེར་གྱིས་མཐའ་སྐྱོང་སྡེབ་སྐྱེལ་བྱ་རྒྱུ་རེད། 

དེ་རིང་གི་གནམ་གཤིས།

༦.jpg

  • ཧྲའན་ཞིའི(陕西)ནུབ་བྱང་རྒྱུད་དང་ཧྲན་ཏུང་གི་ལྷོ་རྒྱུད། ཅང་སུའུ། ཨན་ཧུའེ། ཧུའུ་པེ། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་། ཧྥུ་ཅན་བྱང་རྒྱུད། ཡུན་ནན། ཁྲུང་ཆིང་། ཀོང་ཞིའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། ཨན་ཧུའེ་ལྷོ་རྒྱུད་དང་ཅང་སུའུ་ལྷོ་རྒྱུད། ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།