དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས“རང་བྱུང་ལ་བརྩི་མཐོང་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན”གྱི་དམངས་ཁྲོད་མཚོ་མཆོད་བྱེད་སྒོ་སྤེལ།

2023-07-20 17:59:32   |   196

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ་བདུན་པའི་མཚོ་སྔོན་པོའི་ཆུ་ངོས་ནི་ཡངས་ཤིང་རྒྱ་ཆེ་ལ། གཡུ་ཡི་རླབས་ཕྲེང་མཐའ་ཡས་ཤིང་ལྷད་ཀྱི་དྲི་མས་མ་གོས་པ་ཞིག་ཡིན། སྔོ་ཞིང་དྭངས་པའི་དུས་ཚིགས་ཡག་ཤོས་ཡིན། ཟླ7པའི་ཚེས18ཉིན་ནི་མཚོ་སྔོན་པོའི་ཆེས་མཛེས་པའི་ཉི་མ་ཞིག་ཡིན་ཏེ། རྐང་ཚ་རྫོང་གི་བོད་རིགས་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ཏེ་མཚོ་འཁྱིལ་ཤང་བླ་མཚོ་སྐྱེ་ཁམས་ཉམས་ལེན་ས་ཁུལ་དུ་འཛོམས་ནས་མཚོ་སྔོན་པོའི་དམངས་ཁྲོད་མཚོ་མཆོད་བྱེད་སྒོ་སྤེལ།

ལོ་ངོ་སྟོང་ཕྲག་རིང་ལ་མཚོ་སྔོན་པོ་ནི་བོད་རིགས་མང་ཚོགས་ཀྱི་སེམས་ཁོང་གི་བླ་མཚོར་གྱུར་ཡོད།     མཚོ་སྔོན་པོའི་མཚོ་མཆོད་ནི་དེ་གར་འཚོ་བ་རོལ་བཞིན་པའི་བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཞི་མཐུན་དང་མཛེས་སྡུག་གི་སེམས་འདུན་མཚོན་པའི་དམངས་སྲོལ་བྱེད་སྒོ་ཞིག་ཡིན།    ཉིན་དེར་ས་གནས་དེ་གའི་མང་ཚོགས་ཀྱིས་རང་རྟོགས་སྒོས་མཚོ་འགྲམ་དུ་མཚོ་མཆོད་དུ་བསྐྱོད་དེ་རྒྱལ་ཁབ་ཞི་བདེ་དང་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ། ཕྱུགས་ལ་གོད་ཁ་མེད་པ། ཞིང་ལ་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས། 

4.jpg

མཚོ་མཆོད་མཛད་སྒོ་མཇུག་གྲིལ་རྗེས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་ལས་དར་སྤེལ་གཏོང་བ་དང་། དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱེད་ཆེད་ད་དུང་རྟ་རྒྱུག་འགྲན་ཚོགས་ཀྱང་སྤེལ།  དེའི་རིང་འགྲེམ་པང་བཤམས་པ་དང་གནད་དོན་བློ་འདོན་བྱེད་པ། དྲིལ་སྒྲོག་ཡིག་ཆ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་བྱས།  

5.jpg

མཚོ་སྔོན་པོའི་དམངས་ཁྲོད་མཚོ་མཆོད་བྱེད་སྒོ་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ལ་སྲུང་སྐྱོང་དང་། རང་བྱུང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དྲིལ་སྒྲོག་བྱས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཕན་ནོ། །


མཉམ་སྤྱོད།