དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-21 08:40:57   |   279

སྒྲིག་སྒྱུར།  མཁའ་འགྲོ་མཚོ།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ7ཚེས20ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པ་ནན་བཤད་བྱས།

    2.jpg

  • ཟླ7ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཞིན་ཀོ་དང་མཇལ་འཕྲད་གནང་།

  • གཞི་གྲངས་ལས་མངོན་པར། ལོ་སྟོད་དུ་རང་རྒྱལ་གྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར13.22ཟིན་པ་དེ་དུས་མཚུངས་ལས18.2%འཕར།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་རང་རྒྱལ་གྱི་དྲ་ཐོག་གནས་སྐོར་ཐོན་རྫས་དང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས272.4%འཕར།

  • ཚེས20ཉིན། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་གཉིས་ཀྱི་མངགས་གཏོང་སྒྲིག་གཞིས་གཅིག་གྱུར་སྒོ་བྱང་བཀལ།

  • བཟོ་འཕྲིན་པུའི་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཉུང་མཐར་ཡང་ཁེ་ལས3000ལ5Gབཟོ་གྲྭ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

    3.jpg

  • ཚེས20ཉིན། ལྷ་གྲུ་ཨང་བཅུ་དྲུག་པའི་དབྱིངས་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཁང་ནས་ཕྱིར་སྐྱོད་པའི་བྱ་འགུལ་དང་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་ལེགས་འགྲུབ་བྱུང་།

    4.jpg

  • ཚེས20ཉིན། 2023ལོའི་ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྐྱེས་པའི་སྨི་གསུམ་པང་ལེབ་ཀྱི་རྟིང་འགྲན་ཁྲོད་ཝང་ཙུང་ཡོན་གྱིས་ཨང་དང་པོ་བླངས།

    སྤྱི་ཚོགས།

  • གནམ་གཤིས་སྡེ་ཁག་གིས་སྔོན་བརྡ་བཏང་བར་གཞིགས་ན། ཚེས20ནས་ཚེས23ཉིན་བར་ཧྭ་བྱང་ཤར་རྒྱུད་དུ་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་ཡིན་པ་དང་། པེ་ཅིང་ལྷོ་ནུབ་རྒྱུད་དང་ཧོ་པེའི་དབུས་རྒྱུད་ཀྱི་རི་རྒྱུད་ས་ཁུལ་དུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན། ཚེས20ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་མཁོ་སྒྲུབ་དང་ལེན་བྱས།

  • ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུ་སོགས་སྡེ་ཚན་བདུན་གྱིས་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་འཆར་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་པ་དང་། སྔོན་དུ2024ལོའི་སྒྱུར་བཀོད་འཆར་གཞི་འཆར་འགོད་བྱེད་དགོས་པའི་བླང་བྱ་བཏོན།

  • སློབ་གསོ་པུ་དང་སྤྱི་བདེ་པུས་ཉེན་ཟོན་སྔོན་བརྡ་བཏང་སྟེ། རྒྱ་ཆེའི་ཁྱིམ་བདག་དང་སློབ་མར་སློབ་ཕྱིའི་གསོ་སྦྱོང་གི་འགྲོ་གྲོན་ཕྱིར་སློག་གི་མིང་ཐོག་ནས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།

5.jpg

  • ཚེས20ཉིན། འཛམ་གླིང་གི་ཁྲོན་འབིགས་དཀའ་ཚད་ཆེ་ཤོས་ཀྱི་སྨི་ཁྲི་ཡི་ཚན་རིག་འཚོལ་ཞིབ་ཁྲོན་པ་སྟེ། ཧྲེན་ཏི་ཁྲོན་ཁོའོ་ཁྲོན་པ1དེ་སི་ཁྲོན་གཤོང་སར་གསོར་འབིགས་བྱས།

  • སྐབས53པའི་རྒྱལ་སྤྱིའི་དངོས་ལུགས་ཨོ་ལིན་ཕི་ཁེ་འགྲན་བསྡུར་ཉིན་ཤས་གོང་འཇར་པན་གྱི་ཏུང་ཅིན་དུ་མཇུག་འགྲིལ་བ་དང་། འགྲན་བསྡུར་ནང་ཞུགས་པའི་ཀྲུང་གོའི་རུ་ཁག་གི་བདམས་མི་ལྔ་ཚང་མས་གསེར་གྱི་རྟགས་བླངས།

སྲིད་ཇུས།

  • པེ་ཅིང་གིས་ཇུས་གཞི་ཁྱབ་སྒྲོག་བྱས་ཏེ། མཐོ་རིམ་ལག་རྩལ་པ་བཀོད་སྒྲིག་བྱས་པའི་ལས་རིགས(ལས་སྣ)ལ“རིམ་པ་བརྒྱད་ཀྱི་ལག་རྩལ་པའི”ལས་རིགས་རྩལ་ནུས་རིམ་པའི(ལས་གནས)རིམ་སྟར་འཛུགས་དགོས་པ་གཏན་འབེབས་བྱས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་སྟེ། གྲོང་ཁྱེར་ཁོངས་གཏོགས་དང་ལྗོངས་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ལས་ཞུགས་ལས་གནས50%ལས་མི་ཉུང་བ་མཐོ་རིམ་མཐར་ཕྱིན་སློབ་མར་ཁ་གཏད་དགོས་པ་གཏན་འབེབས་བྱས།

  • ཧྲན་ཞི་ཡིས་ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་འབོར་མི་རེར་ཟླ་རེར་སྒོར40མང་དུ་བཏང་བའི་བརྡ་ཐོ་བཏང་།

དེ་རིང་གི་གནམ་གཤིས།

6.jpg

  • ཧོ་པེའི་དབུས་ལྷོ་རྒྱུད་དང་། པེ་ཅིང་ནུབ་རྒྱུད་ཀྱི་རི་བོའི་མདུན་དང་ལྷོ་རྒྱུད། ཐེན་ཅིན་ནུབ་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲུང་ཆིང་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་པེ་ཅིང་ལྷོ་རྒྱུད་དང་། ཧོ་པེའི་དབུས་རྒྱུད། ཁྲུང་ཆིང་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།