དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་ཚོགས་པའི་ཏིང་ཡེ་ལེའང་འཁོར་དང་བཅས་པར་བཞུགས་མོལ་སྤེལ་རེས་བྱས།

2023-07-24 09:49:19   |   857

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


1~1.jpg

ཟླ7པའི་ཚེས22ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཟི་ལིང་དུ་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་ཚོགས་པའི་ནུས་ཁུངས་གསར་པའི་མ་རྐང་ཚོད་འཛིན་སྤྱི་གཉེར་གྱི་སྤྱི་ཁྱབ་གཉེར་བ་གཞོན་པ་ཏིང་ཡེ་ལེའང་འཁོར་དང་བཅས་པར་མཚོ་བྱང་ཁུལ་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་བཞུགས་མོལ་སྤེལ་རེས་བྱས་པ།

2~1.jpg

བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་ཕྱོགས་ཀྱིས་སྡེ་ཚོགས་ལས་སྒོ་སྤེལ་བའི་གནས་ཚུལ་དང་།   ནུས་ཁུངས་གསར་པའི་མ་རྐང་ཚོད་འཛིན་སྤྱི་གཉེར་གྱི་གནས་ཚུལ་མདོར་བསྡུས། འོད་དྲོད་གློག་འདོན་ལག་རྩལ་གྱི་རྩ་བའི་རིགས་པ་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས། ཁྱད་ཆོས་དང་དགེ་མཚན། འོད་དྲོད་ལས་སྒོའི་སྲོག་ཤིང་བྱེད་ནུས་དང་དེ་བཞིན་མཚོ་བྱང་ཁུལ་གྱི་ནུས་ཁུངས་གསར་པའི་འཆར་འགོད་དང་དུས་མགོའི་ཐོན་ཁུངས་ཀྱི་བརྟག་ཞིབ་གནས་ཚུལ་ངོ་སྤྲོད་བྱས།  མཚོ་བྱང་ཁུལ་ཀྱིས་རང་རེའི་ནུས་ཁུངས་གསར་པའི་འཆར་འགོད་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ངོ་སྤྲོད་བྱས།

3~1.jpg

ཏིང་ཡེ་ལེའང་གིས་བསྟན་དོན། ཀྲུང་གོ་ཀོང་ཧོ་ཉིང་རྡུལ་ནུས་ཁུངས་གསར་པའི་འོད་དྲོད+ལྗོངས་རྣམ་མང་པོའི་བཀོལ་སྤྱོད་ཀྱིས་དྲ་སྦྲེལ་གློག་འདོན་མངོན་འགྱུར་བྱེད་ཐུབ་པ་མ་ཟད། ལག་ལེན་ཡག་པོ་བྱེད་པ་བརྒྱུད་མཚོ་བྱང་ཁུལ་དང་མཉམ་ལས་ཀྱིས“འཕུར་མཆོང་དཔལ་འབྱོར”གྱི་རྣམ་པ་འཛུགས་སྐྲུན་དང་། ས་གནས་ཀྱི་དྲ་བྲལ་གློག་འདོན་ནང་ཞུགས་ཏེ་བཟོ་ལས་གླིང་ཁུལ་དུ་དྲོད་རླངས་མཁོ་འདོན་དང་ས་གནས་ཀྱི་ཚོང་འགུགས་མ་འདྲེན་ལ་ཕན་པ་ལྡན་པའི་མཐུན་རྐྱེན་གསར་པ་སྦྱོར་རྒྱུ་ཡིན་པ་བསྟན།

4~1.jpg

ཤ་བོ་སྐྱབས་གྱིས་མཚོ་བྱང་གི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཁྲོད་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་གློག་ཁང་གིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་གློག་ཁང་གིས་མུ་མཐུད་དུ་མཚོ་བྱང་གི་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་མཚོ་བྱང་གིས་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་བྱེད་ནུས་གཙང་མའི་རྟེན་གཞི་གསུམ་པ་གཏོད་རྒྱུར་རོགས་རམ་བྱ་རྒྱུར་དགའ་བསུ་ཞུས། ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་གྱིས་མཚོ་བྱང་ཁུལ་མདའ་བཞི་རྫོང་དུ་རླུང་གློག་རྣམ་གྲངས་བཙུགས་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་ཅེས་བཤད། རྗེས་ཕྱོགས་སུ་མཚོ་བྱང་དུ་ཡུལ་དངོས་ནས་རྟོག་ཞིབ་བྱེད་པ་དང་མཉམ་ལས་ཀྱི་ཞིབ་ཕྲའི་ལས་དོན་གྲོས་མོལ་བྱེད་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་བསྟན། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་མཚོ་བྱང་གིས་ཞབས་ཞུའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་གློག་ཁང་གིས་བཏོན་པའི་དགོས་མཁོའི་གསལ་ཐོའི་རྨང་གཞིའི་ཐོག་འགན་ལེན་གྱི་རྒྱུ་རྐྱེན་གཙོ་བོར་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་དང་ས་གནས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་ལས་དང་ཆ་འཕྲིན་ཅུའི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་མཚོ་སྔོན་ཡན་ལག་སྤྱི་གཉེར་གྱི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།