དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-25 08:36:33   |   2254

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ7ཚེས24ཉིན་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • ཟླ7པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་མགོར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ7ཚེས27ནས་ཚེས28ཉིན་བར། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་མགོ་ཚུགས་མཛད་སྒོར་ཞུགས་ནས། ཀྲུང་གོར་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འཚམས་འདྲི་གནང་བར་ཕེབས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པར་དགའ་བསུ་ཞུ་བའི་གསོལ་སྟོན་དང་འབྲེལ་ཡོད་ཕྱོགས་གཉིས་པོའི་བྱེད་སྒོ་སྤེལ་རྒྱུ་རེད།

11.jpg

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའི་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ལས་སྣ་ཚོགས་ཀྱིས་རིམ་རྩིས་བྱས་ན་གྲོ་ཏུན་ཁྲི3800ལྷག་ཙམ་ཉོ་སྒྲུབ་བྱས་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚེས24ཉིན《དམངས་ཁྲོད་ཀྱི་མ་འཇོག་ལས་དོན་ལ་སྔར་བས་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཁྲོད་ཀྱི་མ་འཇོག་ཧུར་སེམས་སྐུལ་སློང་ཧུར་ཐག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ1647ལ་ཆད་པ་བཅད་ཡོད།

  • གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི4.26གསར་དུ་སྒྱུར་བཀོད་བྱས་པས་གྲོང་མི་དུད་ཚང་ཁྲི742ལ་ཕན་པ་ཐོབ་ཡོད་པ་རེད།

22.jpg

  • ཚེས24ཉིན། ཆན་ཧའེ་ཡང་གིས་ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི100ཡི་སྦལ་རྐྱལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད། འདི་ནི་ཀྲུང་གོའི་བདམས་ཐོན་པས་རྣམ་གྲངས་དེའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་པོ་རེད།

  • ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་དེ་རིང་ནས་བཟུང་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་བསྟར་བྱས་པས། ཁུན་མིང་ལྷོ་ཕྱོགས་ནས་ཝན་ཐེན་བར་གྱི་མེ་འཁོར་འཁོར་སྐྱོད་དུས་ཚོད་དེ་སྔོན་ལས་ཆུ་ཚོད་གཅིག་ལྷག་ཙམ་ཐུང་དུ་ཕྱིན་ཡོད་པ་རེད།

སྤྱི་ཚོགས།

33.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་ལྔ་པ“ཏུའུ་སུའུ་རུའེ”ཚེས28ཉིན་གྱི་ཞོགས་པ་ནས་སྔ་དྲོ་བར་ཧྥུའུ་ཅན་མཚོ་རྒྱུད་དུ་ཐོན་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི12315ལས་སྟེགས་ཀྱིས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར21.85མི་ཕོག་པ་བྱས་ཡོད།

  • འཕྲལ་སྡོམ་དོ་དམ་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མེ་ཟོན་མི་སྣ15000བསྡུ་རྩིས་ཡོད་པ་རེད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་ཁོངས་གཏོགས་ལྟར། ལེའོ་ཉིང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་དང་། ཤུགས་རྐྱེན་ཐེབས་ཤུགས་ལ་བརྟེན་ནས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་བརྟེན་ནས་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཅུ་ཀྲང་གཞོན་པ་ཧོ་ཙེ་ཧྭ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཧེ་ལུང་ཅང་ཆི་ཧར་ལུས་རྩལ་ཁང་རྡིབ་པའི་དོན་རྐྱེན་གྱིས་མི11རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་ཨར་ལས་ཚན་པའི་འབྲེལ་ཡོད་འགན་འཁུར་བར་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་དང་། ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད།

44.jpg

  • ཀྲུང་གོ་སྲོག་ཆགས་གླིང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རིམས་ནད་ཀྱི་རྒྱུ་རྐྱེན་གྱིས་དུས་བཀག་ལྟར་ཕྱིར་ལོག་བྱེད་མ་ཐུབ་པའི་ཧྥ་རན་སིར་ཡོད་པའི་དོམ་ཁྲ“ཡོན་མུན”དེ་རིང་ཀྲུང་གོའི་ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིར་ཕྱིར་ལོག་བྱ་རྒྱུ་རེད།

  • ཀོང་ཏུང་མཚོ་དོན་ཅུས་ཀྱིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས26ཉིན་གྱི་ཆུ་ཚོད7པ་ནས18བར། ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ནང་སྦྱོང་བྱས་ནས་བསྐྱོད་རྒྱུ་གཏན་འགོག་བྱས་པ་རེད།

  • ཉེ་ཆར། ཧྲན་ཏུང་ཉེན་རྟོག་ཕྱོགས་ཀྱིས“དྲ་རྒྱའི་ཆུ་དམག”གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར2ལྷག་ཙམ་ཟིན་ཡོད་པ་རེད།

55.jpg

  • ཨན་ཧུའེ་ཧོ་ཧྥེ་ཡི་བུད་མེད་ཅིག་ས་འོག་ལྕགས་ལམ་ས་ཚིགས་སུ་གློ་བུར་དུ་ནད་གཞི་ཕོག་ནས་ས་ལ་འགྱེལ་བ་དང་། རླངས་འཁོར་སྒུག་བཞིན་པའི་སྨན་པ་ཀྲའོ་ཧའོ་ཡིས་འབོད་པ་ཐོས་རྗེས་མྱུར་དུ་མྱུར་སྐྱོབ་བྱས་པ་མ་ཟད། ཁོ་མོ་སྨན་ཁང་དུ་བསྐྱལ་བ་དང་མིག་སྔར་བུད་མེད་ཉེན་ཁ་ལས་ཐར་སོང་།

སྲིད་ཇུས།

  • ཧའེ་ནན་གྱིས་ཟླ9བའིཚེས1ཉིན་ནས་བཟུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ན་སོ་དར་ལ་མ་བབས་པའི་མིར་ལུས་པོར་རི་མོ་སོགས་འབྲི་བའི་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

  • མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགན་ལེན་ཁྱབ་ཁོངས་ཆེ་རུ་བཏང་ནས་རོགས་སྐྱོབ་རེ་ཞུ་བྱེད་མཁན་ཁྱིམ་ཚང་གིས་འཇལ་བའི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་འདོམས་འགྲོ་གྲོན་སོགས་ཡོང་འབབ་ཁག13ཁྲིམས་སྒོ་ནས་རྩ་ཆག་བཏང་ཡོད།

  • ལེའོ་ཉིང་གིས་ཁྲིམས་འགལ་ངང་མིའི་རིགས་ཀྱི་སྐྱེ་འཕེལ་རམ་འདེགས་ལག་རྩལ་བེད་སྤྱོད་བྱེད་པར་རྡུང་རྡེག་ཚ་ནན་བཏང་ནས་ཁྲིམས་འགལ་སྒྲིག་གཞི་དང་མི་སྒེར་དེ“ཐོ་གཞུང་ནག་པོའི”ནང་འཇུག་རྒྱུ་རེད།

དེ་རིང་གནམ་གཤིས།

66.jpg

  • ཁྲུང་ཆིང་གི་དབུས་ལྷོ་རྒྱུད་དང་། སི་ཁྲོན་ལྷོ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀུའེ་ཀྲོའུ་བྱང་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད་དང་དེ་བཞིན་ཧོ་ནན་གྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་། ཁྲུང་ཆིང་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།