དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

2023-07-25 10:37:47   |   2838

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


1.jpg

ཟླ7པའི་ཚེས22དང23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ནུབ་མཚོ་ལུས་རྩལ་ཐང་དང་། གསེར་དངུལ་ཐང་། དེ་སྔའི221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་དང་པོ། མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཡུལ་དངོས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

11.jpg

ནུབ་མཚོ་ལུས་རྩལ་ཐང་དང་། གསེར་དངུལ་ཐང་། དེ་སྔའི221རྟེན་གཞི་རྙིང་པའི་ཡན་ལག་བཟོ་གྲྭ་དང་པོར་ཤ་བོ་སྐྱབས་འཁོར་དང་བཅས་པས་ཁུལ་སྟོན་བྱེད་སྒོའི་གྲ་སྒྲིག་དང་ཡན་ལག་བཟོ་གྲྭའི་འགྲེམས་སྟོན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་།  ཁུལ་སྟོན་བྱེད་སྒོ་ནི་མཚོ་བྱང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་པ་གཅིག་སྡུད་ཐོག་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁུལ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་འགན་འཁྲི་ཁག་བགོས་གཞིར་བཟུང་ཐོག  རང་འགུལ་ངང་ལས་དོན་ཧུར་ཐག་སྒྲུབ་པ། ལས་ཀའི་བསམ་ཕྱོགས་གསར་གཏོད་བཅས་བྱས་ཏེ་འཛུགས་སྐྲུན་གྱི་འཕེལ་རིམ་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁུལ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མགོ་ཚུགས་མཛད་སྒོའི་འགྲེམས་སྟོན་དང་། རིག་རྩལ་འཁྲབ་སྟོན། ཚོགས་རའི་སྦྱར་ཡིག ཞབས་ཞུ་འགན་ལེན་སོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་དོན་བཟང་ཡག་པོ་སྒྲུབ་པ་དང་དོན་ཆེན་ཏན་ཏིག་སྒྲུབ་དགོས།  ཁུལ་སྟོན་རྟེན་འབྲེལ་གཞུང་ལས་ཁང་གིས་སྣེ་ཁྲིད་དང་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བདེ་འཇགས་དམར་ཐིག་གི་འདུ་ཤེས་བརྟན་དུ་གཏོང་བ་དང་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གྲ་སྒྲིག་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ། བྱེད་སྒོ་ཁག་བདེ་འཇགས་དང་གོ་རིམ་ལྡན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་། ཁུལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་གཞུང་ལས་ཁང་གིས་ཞིབ་ཕྲའི་གནས་ཚུལ་ནས་མགོ་བཙུགས་ཏེ་ཡན་ལག་བཟོ་གྲྭའི་འགྲེམས་སྟོན་ལས་དོན་མགྱོགས་སུ་གཏོང་བ་དང་། འགྲེམས་སྟོན་ལས་དོན་ཟླ་བདུན་པའི་ཟླ་མཇུག་གོང་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། མདའ་བཞི་རྫོང་གིས་སྐབས་དང་པོའི་མདའ་བཞིའི“སྲེག་ཟས”ཞེས་པའི་འདུ་འཛོམས་དུས་ཆེན་དང་ཙི་པོ་སྲེག་ཟས་རྩྭ་ཐང་དུ་སྐྱོད་པའི་བྱེད་སྒོའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཙི་པོ་སྲེག་ཟས་དང་ཁྱད་འཕགས་ཀྱི་ཞབས་ཞུའི་འདུ་ཤེས་ལ་བརྟེན་ནས་བྱེད་སྒོའི་གཞི་ཁྱོན་དང་ཁྱབ་ཁོངས་ཞིབ་འཇུག་དང་འཚོལ་ཞིབ་སྒོས་ནོར་ལུག་བཤས་རར་གཏོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས།

མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ནས་ཤ་བོ་སྐྱབས་འཁོར་དང་བཅས་པས་མཐོན་པོ་སྒང་ལྗོངས་གཟིགས་སྟེགས་བུའི་ལས་སྟེགས་དང་། ཤིང་སྐས་བགྲོད་ལམ། སྒར་སྡོད་རྟེན་གཞི་སོགས་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་། འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མཐོན་པོ་སྒང་གི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་མཐོན་པོ་སྒང་ལྗོངས་གཟིགས་སྟེགས་བུ་དང་། མཚོན་རྟགས་བྱང་བུ། སྒོར་དབྱིབས་ཤིང་སྐས་བགྲོད་ལམ་སོགས་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་དགོས། མཐོན་པོ་སྒང་མཁའ་དམག་སྲུང་སྐྱོང་དཔུང་སྡེའི་རྗེས་ཤུལ་སླར་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལེ་ཏའི་ལྟ་ཞིབ་ཚད་ལེན་ས་ཚིགས་དང་བརྙན་ལེན་གློག་སྒྲོན་སྟེགས་བུ་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། སླར་གསོའི་སྒྲིག་བཀོད་སྒྲིག་སྦྱོར་ལུགས་མཐུན་བྱེད་པ། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ། སློབ་གསོ་དང་ལེན་བྱེད་མཁན་གྱིས་དམག་ཆས་གྱོན་ནས་ཉམས་ལེན་རྣམ་པའི་སློབ་ཁྲིད་དང་ལེན་བྱེད་དུ་འཇུག་པ་དང་། མཚོ་སྔོན་པོའི་མཐོན་པོ་སྒང་སྒར་སྡོད་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། སྒྲིག་བཀོད་སྣ་ཚོགས་ལུགས་མཐུན་ངང་འཇོག་པ། གློག་སྐས་སྒྱུར་བའི་ས་ཆ་དང་གནས་སྐབས་རླངས་འཁོར་འཇོག་ས་འཛུགས་སྐྲུན་གང་མགྱོགས་བྱེད་པ། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་གྱི་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ཏེ། བྱེད་སྒོ་བདེ་འཇགས་དང་། ངོ་མཚར་ཆེ་བ། ཕུན་སུམ་ཚོགས་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

44.jpg

ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་མདའ་བཞི་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ལྟ་སྐུལ་བྱ་བར་ཞུགས།


མཉམ་སྤྱོད།