དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-26 08:36:19   |   2966

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡི་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པའི་ཐོག  དམག་དོན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་བཅོས་སྐྱོང་ལ་བརྟེན་ནས་རང་དམག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7པའི་ཚེས24ཉིན་ཤང་ཀང་ཕེ་ཆོ་སློབ་འབྲིང་གི་མཐོ་གཅིག་འཛིན་གྲྭའི་སློབ་མ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་།

  • ཟླ7པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ(柬埔寨)མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཁོང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་མགོ་ཁྲིད་དེ་རྒྱལ་ཡོངས་འདེམས་བསྐོ་ཆེ་མོའི་ནང་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས།

  • ཚེས25ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཆིན་ཀང་གིས་གཅིག་ལྕོགས་སུ་འཁུར་བའི་ཕྱི་འབྲེལ་པུའི་པུའུ་ཀྲང་གི་གོ་གནས་མེད་པ་བཟོ་རྒྱུ་དང་། ཝང་དབྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུ། དབྱི་ཀང་གི་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གི་གོ་གནས་མེད་པ་བཟོ་རྒྱུ། ཕན་ཀུང་ཧྲེང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ལ་བསྐོ་གཞག་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱད་པར་མཚན་རྟགས་བཀོད་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་།

  • རིག་གནས་གནས་སྐོར་པུས་བརྡ་ཐོ་བཏང་ནས་དབྱར་གསེང་གི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྔོན་མངགས་བྱེད་ཐབས་ཇེ་ལེགས་སུ་བཏང་། “ཧོང་ཉུག(黄牛)”སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་གནས་སྐོར་བའི་ཁེ་དབང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  • སྤྱི་བདེ་པུས་དབྱར་དུས་ཀྱི་བདེ་སྲུང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་ཏེ། བསྙད་བརྐོ་ཟིང་སློང་དང་རླངས་འཁོར་བསྐོར་ནས་ཁྲོམ་གཞུང་དུ་འུར་སྒྲ་གཏོང་བ་སོགས་ཀྱི་གྱོད་གཞི་འཕྲལ་དུ་མྱུལ་ཞིབ་དང་མགྱོགས་མྱུར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན།

  • ཚེས25ཉིན། ཀྲུང་གོའི་གསེར་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གསེར་གྱི་ཐོན་ཚད་དང་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས2.24%དང16.37%སོ་སོར་འཕར་ཡོད།

  • མིག་སྔའི་བར། “ཀྲུང་གོའི་གནམ་མིག”ཅེས་འབོད་པའི་ཁ་ཞེང་སྨི500ཡི་ཟླུམ་ངོས་གློག་འཕྲོའི་རྒྱང་ཤེལFASTཡིས་རྩ་འཕར་གསར་པའི་སྐར་མ(新脉冲星)800ལྷག་ཙམ་ཤེས་རྟོགས་བྱུང་ཡོད།

2.jpg

  • ཚེས24ཉིན་གྱི་ཆུ་ཚོད18ཙམ་ལ་འགག་གསུམ་གྲུ་འགག་ནས་རིམ་རྩིས་བྱས་ན་གྲུ་གཟིངས་བརྒྱུད་ཐེངས་ཁྲི100ཟིན་པ་དང་། རིམ་རྩིས་བྱས་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར19.36ཟིན་ཡོད།

  • ཁོང་ཀོ(ཅིན)(刚果金)རུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དཔོན་དམག་ཡོངས་ལ་ཚེས25ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་བྱས་རྗེས་གཟེངས་རྟགས”སྤྲད་པ་རེད།

སྤྱི་ཚོགས།

3.jpg

  • རྒྱ་མཚོའི་རླུང་འཚུབ“ཏུའུ་སུའུ་རུའེ”དེ་རྒྱ་མཚོའི་རླུང་འཚུབ་ཆེན་པོར་གྱུར་ནས་རང་རྒྱལ་གྱི་ཤར་ལྷོའི་རྒྱུད་ཀྱི་མཚོ་ཁོངས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས25ཉིན་རྒྱ་མཚོའི་རླུང་འཚུབ་ལི་མདོག་གི་ཉེན་བརྡར་རིམ་སྤོར་བྱས་ནས་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས25ཉིན། འཕྲལ་སྡོམ་དོ་དམ་པུས་ད་ལོའི་འབྲུབ་དུས་གཙོ་བོར་རང་རྒྱལ་གྱི་དུས་མཚམས་རང་བཞིན་གྱི་ཆར་ཆུ་ཆེན་པོ་འབབ་པ་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་སྲིད་པ་དང་། ཧེ་ལུང་ཅང་གི་དབུས་རྒྱུད་དང་འབྲི་ཆུའི་སྨད་རྒྱུད་སོགས་ལ་ཆུ་ལོག་ཆེ་ཙམ་ཐོན་སྲིད་ཅེས་བཤད།

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་། ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ལྐོག་རྔན་ལེན་པའི་ཉེས་པའི་ཐོག་ནས་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཝང་ཞུའེ་ཧྥུང་ལ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཚེས25ཉིན། ཨན་ཧུའེ་ཁྲུའུ་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲེ་ཅང་ཞིང་ཨུའི་དེ་སྔའི་རྒྱུན་ཨུ། ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲོའུ་ཅང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཐོག་བཅད་ཁྲ་ཁྱབ་བསྒྲགས་བྱས། ཀྲོའུ་ཅང་ཡུང་གིས་ལྐོག་རྔན་བླངས་པའི་ཉེས་པར་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་པ་རེད།

  • ཚེས25ཉིན། པེ་ཅིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་མུའུ་ལིན་ཧྥན་གྱིས་མནར་གཅོད་ཉེས་དོན་དེར་དམངས་དོན་ཉེས་དོན་གཏོགས་པའི་གོང་གཏུག་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་བྱས་ཤིང་། གོང་གཏུག་ཕྱིར་སློག་བྱེད་པ་དང་འདྲི་གཅོད་དང་པོའི་བཅད་ཁྲ་རྒྱུན་འཛིན་བྱས། 

  • ཚེས25ཉིན། པེ་ཅིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས་ཁྲིམས་ལྟར་ཁྲིམས་ར་འཚོགས་ནས་གོང་གཏུག་བྱེད་མཁན་ཝུའུ་དབྱི་ཧྥན་གྱིས་བཙན་གཡེམ་དང་མི་མང་མཉམ་རུབ་ཀྱིས་གཡེམ་སྦྱོར་བྱས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས་པ་རེད། གྱོད་གཞི་ཁྲིམས་ལྟར་དུས་བཀག་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་རེད།

4.jpg

  • ཚེས24ཉིན། ཁྲེང་ཏུའུ་སློབ་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་རེད། འདི་ནི་འཛམ་གླིང་སློབ་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་འགྲན་བསྡུར་མ་བྱས་གོང་སྤྱི་དམངས་ལ་སྒོ་འབྱེད་པའི་སློབ་ཆེན་ལུས་རྩལ་བརྗོད་བྱ་གཙོ་བོའི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་རེད།

5.jpg

  • ཚེས24ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ•མོ་ཏུའུ་རྟགས་ཅན”མཚོ་ཐོག་གི་ཚོད་ལྟའི་འགྲུལ་སྐྱོད་གྲུ་ཐེངས་དང་པོ་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། དེ་སྔའི་འཆར་གཞི་ལས་ཉིན་གཅིག་སྔ་སྣུར་དུ་རྒྱལ་ཁའི་ངང་ཕྱིར་ལོག་བྱས་ཡོད།

6.jpg

  • ཚེས25ཉིན། ཨེ་ཤེ་ཡའི་ཆེས་ཆེ་བའི་མཚོ་ཐོག་གི་སྦྲེལ་མཐུད་ལས་གྲྭ་དེ་ཉིང་པོར(宁波)ལེགས་གྲུབ་བྱུང་ཡོད། ལས་གྲྭས་མཚོ་ཁོངས་ཀྱི་མུའུ613བཟུང་བ་དང་། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཧང་ཀྲོའུ་མཚོ་ཁུག(杭州湾)རྒྱུད་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད།

  • ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་ཉེ་དུས་དྲ་རྒྱའི་ཐོག་ནས་རྒྱལ་མཚམས་སྒྲོལ་བའི་རྒྱན་འཛུགས་ཐད་གཏོང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། རྒྱལ་མཚམས་སྒྲོལ་བའི་རྒྱན་འཛུགས་ཉེས་གསོག་ཚོགས་པ13མེད་པ་བཟོས། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར4ལྷག་ཙམ་རྩད་ཆོད་པ་རེད།

སྲིད་ཇུས།

  • པེ་ཅིང་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཨུ་ལྷན་གྱིས་གཏན་འབེབས་གསར་པ་བཏོན་ནས་གྲོང་ཁྱེར་ཡོངས་ཀྱི་སྡོད་ཁང་སྡེ་ལས་དོ་དམ་རྣམ་གྲངས་ལ“ཞབས་ཞུའི་ཚད་གཞི་དང་གྲོན་བསྡུའི་ཚད་གཞི”ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཁང་བདག་གི་འདྲི་རྩད་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཧྲང་ཧའེ(上海)གྲོང་ཁྱེར་སློབ་གསོ་ཨུ་ལྷན་སོགས་སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་ནས་སློབ་ཆེན་མཐར་ཕྱིན་སློབ་མ་གྲོང་གསེབ་ཀྱི་གཞི་རིམ་འཛུགས་སྐྲུན་ནང་ཞུགས་ཚེ། སློབ་ཡོན་ཁ་གསབ་དང་དངུལ་བུན་ཚབ་འཇལ་རེ་ཞུ་ཆོག་པ་དང་། སློབ་མ་རེར་ལོ་རེར་མཐོ་ཤོས་སྒོར16000ལས་མི་བརྒལ་བ་བྱ་རྒྱུ་རེད།

  • ཀོང་ཏུང(广东)གིས་ཇུས་གཞི་བཏོན་ནས་གྲོང་གསེབ་ཀྱི་སློབ་གྲྭའི་དགེ་རྒན་གྱི་ལས་ཤག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དགེ་རྒན་གྱི་སློབ་སྐྱོར་དང་། ལས་གནས་སོགས་ལས་ཀའི་ཞག་སྡོད་དགོས་མཁོ་སྤྱི་འདོམས་ཐག་གཅོད་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

7.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཅང་ཧུའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཅང་སུའུ་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད། ཁྲུང་ཆིང་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།