དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས(ཚང་འཛོམས)ཚོགས་འདུ་འཚོགས།

2023-07-26 08:44:27   |   2377

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་ཏང་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


༨༨.jpg

ཟླ7ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་(ཚང་འཛོམས)གྱི་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་ལ་བཀོད་སྒྲིག་བྱས།

༡.jpg

ཚོགས་འདུས་བསྟན་དོན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི”རླབས་ཆེན་གྱི་འཆར་གཞིར་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལ་སེམས་ཤུགས་སྒྲིལ་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྐུལ་མ་བཏང་ནས་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་།    དྲིན་ཚོར་ཡར་བརྩོན་དང་གོ་སྐབས་དམ་འཛིན།    དངོས་སྒྲུབ་ལས་བརྩོན་བྱས་ཏེ།     ཞིང་ཆེན་ཏང་ཨུས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པའི་འཐབ་ཇུས་ཀྱི་བསམ་གཞིགས་གང་ལེགས་ཀྱིས་མཚོན་ཡོད་པ་དང་།    གཏན་ཚིགས་ལ་བརྩི་སྲུང་དང་      དུས་བསྟུན་མདུན་སྐྱོད་ཀྱི་སྲིད་སྐྱོང་འདུ་ཤེས་རྒྱུན་འཁྱོངས།    ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་བྱེད་པའི་ཆོད་སེམས་རྒྱུན་འཁྱོངས་བྱེད་པ།     དངོས་ཐོག་བདེན་འཚོལ་དང་གནད་དོན་ལ་ཁ་གཏད་པའི་བྱ་བའི་སྤྱོད་སྟངས་རྒྱུན་འཁྱོངས་བྱས་ཏེ། ང་ཚོ་དེང་རབས་ཅན་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཞུགས་པར་ཐབས་ལམ་གསལ་པོ་བཟོས་ཡོད་པ་དང་། གསར་བཏོད་ལས་བརྩོན་གྱི་ལས་རྣམ་བཟང་པོར་བླང་བྱ་ཁ་གསལ་བཏོན་ཡོད།   ཚོགས་འདུས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་སློབ་སྦྱོང་ལག་བསྟར་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཟུང་འབྲེལ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱེད་པ།  མི་འགྱངས་བར་མགོ་རྩོམ་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་བྱང་གི་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་སྦྱོང་ཡག་པོ་དང་། དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ།    དོན་འཁྱོལ་ཡག་པོ་བྱེད་པ་དང་། ལྟེ་བའི་བརྗོད་སྙིང་དང་དགོངས་དོན་གཙོ་བོ། ལག་ལེན་བླང་བྱ་བཅས་ཁོང་དུ་ཆུད་པ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་བྱང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།     

༢.jpg

ཚོགས་འདུས“དངོས་དོན་བདེན་གཉེར“རྒྱུན་འཁྱོངས་བྱས་ཏེ། ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་རྩིས་བཤེར་ནན་ཏན་བྱེད་པ་དང་། ལོ་སྨད་ཀྱི་ལས་དོན་ལ་ཞིབ་འཇུག་དང་འཆར་འགོད་བྱས་ནས་ལོའི་དམིགས་ཚད་ལས་འགན་ཁག་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས་མཚོ་བྱང་གི་སྐྱེ་ཁམས་ལེགས་ཆ་སྲ་བརྟན་ཏན་ཏིག་གཏོང་དགོས།   ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་རྨང་གཞི་བརྟན་པོ་འདིང་དགོས།  གཡོ་འགུལ་མེད་པའི་སྒོ་ནས་ཐོན་ལས་ཀྱི་“ས་ཁུལ་བཞི”འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་ཆེར་གཏོང་བ། སྔར་ལས་ཆེ་བའི་ཤུགས་ཚད་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་དཔོག་དང་ཁུལ་རིམ་པའི་རང་བཤེར་གནད་དོན་དག་ཐེར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས།   བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་མཉམ་སྐྲུན་དང་མཉམ་བཅོས།  མཉམ་སྤྱོད་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་གཏོད་དགོས་པའི་བླང་བྱ་བཏོན།  ཚོགས་འདུས་ནན་གྱིས་བསྟན་དོན། མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་དང་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི“ཡོད་པ་བཅུ”ཡི་ལས་གྲྭའི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁུལ་ཡོངས་ཀྱི་གསར་བརྗེའི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས221རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་གྲྭ་དང་གསར་བརྗེའི་སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས།  རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ་བྱེད་སྒོའི་བཀོད་སྒྲིག་ཕུན་སུམ་ཚོགས་པར་བྱེད་པ་དང་། གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས།  རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྣ་ཚོགས་གང་ལེགས་སྤྱད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཕུང་བོ་གཅིག་གི་འདུ་ཤེས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་སེ་འབྲུའི་ཁྱིམ་གཞིས་དང་།   གྲོང་ཚོའི་ལོ་རྒྱུས་ཁང་།   དགོན་སྡེའི་དཔེ་དེབ་ཁང་སོགས་སློབ་གསོའི་གཡུལ་ས་གཏོད་དགོས།    ཁྲིམས་ལ་བརྟེན་ནས་ཆོས་ལུགས་དགོན་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དགོན་པའི་རང་ཁ་རང་གསོ་བྱེད་པའི་ཐོན་ལས་སྐྱེད་སྲིང་བྱེད་དགོས།

༣.jpg

ཚོགས་འདུས་སྔོན་ལ་ཇུས་འགོད་བྱེད་པ་དང་ལས་ཀའི་ཇུས་གཞི་ནན་ཏན་བཟོས་ནས་དམིགས་ཚད་སྔར་བས་ཁ་གསལ་དང་། གཙོ་གནད་སྔར་བས་ཁ་གསལ།  འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་འགན་ལེན་བྱེད་དགོས།  གནད་དོན་གནད་ལ་འཁེལ་བའི་སྒོ་ནས་ཞིབ་བཤེར་དང་།  རིམ་པ་བཞིན་སྤྱོད་ཚུལ་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་ནས་སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་དམག་འཐབ་དྲག་པོ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།    འགན་འཁྲི་འཁུར་ཕོད་པར་འགན་འཁྲི་ཁུར་དུ་འཇོག་པ་དང་། ལས་ཀ་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་གཏོད་དགོས།   ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲ་སྒྲིག་ཡག་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་སྔར་བས་ཞིབ་ཚགས་དང་།  སྔར་བས་དམིགས་ས་བྱེད་པ།    སྔར་བས་དོན་འཁྱོལ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལས་འགན་མཚོ་བྱང་དུ་དོན་འཁྱོལ་ཐུབ་པ་དང་འབྲས་བུ་སྨིན་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།