དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་དུ“གཉན་ཆེན་ཞལ་དཀར་རྟགས་མའི”མཐོ་སྒང་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོ་སྤེལ།

2023-07-26 16:32:44   |   2434

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེབ་འབེབས། རིན་ཆེན་ཚེ་རིང་། 


༨༨.jpg

ཟླ7པའི་ཚེས25ཉིན།  རྐང་ཚ་རྫོང་གི“གཉན་ཆེན་ཞལ་དཀར་རྟགས་མའི”མཐོ་སྒང་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོ་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བའི་རྟ་རྒྱུག་ར་བར་སྤེལ་མགོ་བརྩམས་ཤིང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ100ལྷག་འགྲན་བསྡུར་ལ་ཞུགས།  

1.jpg

2.jpg

   རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་དེ་སྨི3000དང5000གི་རྒྱུག་རྟ་དང་། སྨི1000དང3000གི་གོམ་རྟའི་རྣམ་གྲངས2སུ་དབྱེ་ཡོད་ལ། འགྲན་ཞུགས་པ་དག་གིས་རང་ནུས་རྩལ་དུ་སྤྲུགས་ནས་འགྲན་རར་གསོན་ཤུགས་གསར་བ་ཞིག་བསྩལ།

3.jpg

4.jpg

5.jpg

6.jpg

ངོ་སྤྲོད་བྱས་པར་གཞིགས་ན།    རྐང་ཚ་རྫོང་ལ་རྟ་རྒྱུག་གི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ལོ་རེར་སྤེལ་བའི་དམངས་ཁྲོད་རྟ་རྒྱུག་དང་མདའ་འཕེན་སོགས་བྱེད་སྒོ་རབ་དང་རིམ་པ་དེ་སྔ་མོ་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་ཡོད་པར་མ་ཟད། རྐང་ཚ་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པའི“སྐར་ཁུང”གལ་ཆེན་ཞིག་ཏུ་གྱུར་ཡོད།  རྐང་ཚ་རྫོང་གི“གཉན་ཆེན་ཞལ་དཀར་རྟགས་མའི”མཐོ་སྒང་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོ་སྤེལ་བའི་དམིགས་ཡུལ་ནི་གཉན་ཆེན་ཞལ་དཀར་གྱི་ཁུ་ནུ་རིག་གནས་ཀྱི་ནང་དོན་སྔོག་འདོན་གང་ལེགས་བྱས་ནས་རྐང་ཚའི་མངའ་ཁོངས་ཀྱི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་མཚོ་སྔོན་པོ་དང་དཔལ་དགེ་རྩྭ་ཐང་དུ“རི་བོ་གཅིག་དང་མཚོ་གཅིག རྩྭ་ཐང་གཅིག”བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཆགས་པར་བྱས་ནས་སྔར་ལས་ཆ་ཚང་བའི་རྐང་ཚའི་ཁྱད་ཆོས་ལྡན་པའི་གནས་སྐོར་ཁོར་ཡུག་ཅིག་གཏོད་རྒྱུ་དེ་རེད།    

7.jpg

8.jpg

9.jpg

  རྐང་ཚ་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཅི་ཧྲི་ཝེ་ཡིས་རྐང་ཚ་རྫོང་གིས་ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གོ་སྐབས་སུ་བྱས་ནས་རྟ་རྒྱུག་རིག་གནས་དང་ཁུ་ནུ་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་གནས་སྐོར་དུས་ཆེན་གྱི་བྱེད་སྒོ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རིག་གནས་རྒྱུན་འཛིན་དང་ཁྱད་ཆོས་དྲིལ་སྒྲོག   གནས་སྐོར་འཕེལ་རྒྱས་སོགས་ཀྱི་ཐད་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།   

10.jpg

11.jpg

12.jpg

དཔལ་དགེ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་རྣམ་རྒྱལ་རྡོ་རྗེ་ཡིས་དཔལ་དགེ་གྲོང་རྡལ་འདི་ཉིད་མཚོ་སྐོར་ས་ཁུལ་གྱི་ཕྱུགས་ལས་གྲོང་རྡལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་རྗེས་ཕྱོགས་རོང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་བྱེད་སྒོ་དེ་བས་མང་བ་ཞིག་འཆར་འགོད་བྱས་ནས་སྤེལ་རྒྱུ་དང་།      སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་རིག་གནས་དར་སྤེལ་གཏོང་བ་དང་ཆབས་ཅིག་གཞི་རིམ་མང་ཚོགས་ཀྱི་བརྗེ་རེས་དང་མཉམ་འགུལ་ལ་སྔར་ལས་ཤུགས་བསྣན་ཏེ་རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་རྒྱུ་ཡིན་པར་བཤད།


མཉམ་སྤྱོད།